< Return to Video

ཌེ་རིག སི་ཝརསེ། ཁྱད་མཚར་ཡིན་ནམ་མི་འདྲ་བ་ཞིག་ཡིན་ནམ།

  • 0:00 - 0:04
    ཁྱེད་རང་ཨ་རིའི་ས་ཆ་གང་ཡང་རུང་བའི་ཁྲོམ་ལམ་ཞིག་ལ་ལང་ནས་ཡོད་པ་ཆ་བཞག
  • 0:04 - 0:07
    སྐབས་དེར་ཉེ་ཧོང་གི་མི་ཞིག་ཁྱེད་ཀྱི་མདུན་དུ་ཡོང་ནས་འདི་འདྲ་བཤད།
  • 0:07 - 0:09
    དགོངས་པ་མ་འཚོམས། གྲོང་གླིང་འདིའི་མིང་གང་རེད་དམ།
  • 0:09 - 0:13
    ཁྱེ་རང་གི་ལན་དུ་ "ད་འདི་་་་་་་ འདི་ཨོག་ཁྲོམ་ལམ་དང་དེ་ཨེམ་ཁྲོམ་ལམ་རེད།
  • 0:13 - 0:15
    འདི་༢༦པ་དང་། དེ་༢༧ པ་རེད།"
  • 0:15 - 0:17
    མི་དེས། "ལགས་སོ་ འོན་ཀྱང་གྲོང་གླིང་དེའི་མིང་གང་རེད་དམ།"
  • 0:17 - 0:20
    ཁྱེད་རང་གིས་ལན་དུ།"གྲོང་གླིང་ལ་མིང་ཡོད་མ་རེད།
  • 0:20 - 0:22
    ཁྲོམ་ལམ་ལ་མིང་ཡོད། གྲོང་གླིང་དེ་ཚོ་ནི་
  • 0:22 - 0:24
    ཁྲོམ་ལམ་དབར་གྱི་མིང་མེད་པའི་ས་རེད།"
  • 0:24 - 0:28
    དེའི་རྗེས་ཁོང་ཐེ་ཚོམ་དང་བློ་ཕམ་ཕྲན་བུའི་ངང་བསྐྱོད།
  • 0:28 - 0:31
    ད་ཁྱེད་རང་ཉེ་ཧོང་གི་ས་ཆ་གང་ཡང་རུང་བའི་ཁྲོམ་ལམ་ཐོག་ལང་ནས་ཡོད་པར་ཆ་བཞག
  • 0:31 - 0:33
    ཁྱེད་རང་གི་འཁྲིས་སུ་ཡོད་པའི་མི་ཞིག་ལ་འདི་བཤད།
  • 0:33 - 0:35
    "དགོངས་པ་མ་འཚོམས་ཁྲོམ་གཞུང་འདིའི་མིང་གང་རེད་དམ"
  • 0:35 - 0:39
    ཁོང་ཚོས་ "འདི་གྲོང་གླིང་༡༧པ་དང་། ཕ་གི་གྲོང་གླིང་༡༦པ་རེད།"
  • 0:39 - 0:42
    དེ་ནས་ཁྱེད་ཀྱིས། "ལགས་སོ། འོན་ཀྱང་ཁྲོམ་གཞུང་འདིའི་མིང་གང་རེད་དམ།"
  • 0:42 - 0:44
    ཁོང་ཚོས་ "ཁྲོམ་གཞུང་ལ་མིང་མེད་
  • 0:44 - 0:46
    གྲོང་གླེང་ལ་མིང་ཡོད།
  • 0:46 - 0:50
    གུ་གལ་ས་ཁྲ་འདིར་གཟིགས་དང་། དེ་གར་གྲོང་གླིང་་༡༤། ༡༥། ༡༦། ༡༧། ༡༨། ༡༩ ཞེས་
  • 0:50 - 0:52
    གྲོང་གླིང་ཚང་མར་མིང་ཡོད།
  • 0:52 - 0:56
    ཁྲོམ་གཞུང་དེ་ཚོ་གྲོང་གླིང་དབར་གྱི་མིང་མེད་ས་ཆ་དག་རེད་"
  • 0:56 - 0:59
    དེ་ནས་ཁྱད་རང་གིས་འདི་དྲིས། "བྱས་ན་ཁྱེད་ནས་ཁྱེད་རང་གི་ནང་གི་ཁ་བྱང་ཇི་ལྟར་ཤེས་ཐུབ་བམ།"
  • 0:59 - 1:02
    ཁོང་གིས། "ལས་སླ་མོ་རེད། འདི་ནི་རྫོང་ཁག་བརྒྱད་པ་རེད།
  • 1:02 - 1:05
    ཕ་གི་གྲོང་གླིང་༡༧ ཁང་པ་ཨང་གྲངས་དང་པོ་རེད།"
  • 1:05 - 1:07
    ཁྱེད་ཀྱིས་ "ལགས་སོ། འོན་ཀྱང་ས་ཁུལ་གཡས་གཡོན་ལ་གོམ་འགྲོས་བྱེད་སྐབས་
  • 1:07 - 1:09
    ངས་དོ་སྣང་བྱུང་ཡག་ལ་ཁང་པའི་ཨང་གྲངས་རྣམས་གོ་རིམ་བཞིན་འགྲོ་ཡི་མིན་འདུག"
  • 1:09 - 1:12
    ཁོང་གིས། "འགྲོ་དང་འགྲོ ཁང་པ་དེ་དག་འཛུགས་བསྐྲུན་བྱས་པའི་གོ་རིམ་གྱི་སྔ་ཕྱི་ལྟར་འགྲོ་ཡི་ཡོད།
  • 1:12 - 1:15
    གྲོང་གླིང་དེར་བཟོས་པའི་ཆེས་ཐོག་མའོ་ཁང་པ་དེ་ཁང་པ་ཨང་་གྲངས་དང་པོ་རེད།
  • 1:15 - 1:18
    ཁང་པ་གཉིས་པ་བརྒྱབས་པ་དེ་ཁང་པ་ཨང་་གྲངས་གཉིས་པ་རེད།
  • 1:18 - 1:20
    གསུམ་པ་བརྒྱབས་པ་དེ་ཁང་པ་ཨང་གྲངས་གསུམ་པ་རེད། དེ་ལས་སླ་པོ་རེད། དེ་གསལ་པོ་རེད་"
  • 1:20 - 1:23
    དེར་བརྟེན་ང་རང་དགའ་འོས་པ་ཞིག་ལ་སྐབས་རེ་ང་ཚོས་
  • 1:23 - 1:25
    འཛམ་གླིང་གི་རྒྱབ་སྤྲོད་ཀྱི་ཕྱོགས་ལ་བསྐྱོད་ནས་
  • 1:25 - 1:27
    ང་ཚོས་ང་རང་ཚོར་ཡོད་པ་མ་རྟོགས་པའི་ཡིན་ཤག་བྱེད་པའི་གནས་ཚུལ་ངོས་འཛིན་བྱེད་དགོས་བྱུང་གི་ཡོད་པ་དང་།
  • 1:27 - 1:30
    དེ་ཚོའི་ལྡོག་ཕྱོགས་ཡང་དངོས་བདེན་ཡིན་པ་རྟོགས་ཀྱི་ཡོད།
  • 1:30 - 1:32
    དཔེར་ན། རྒྱ་ནག་ནང་གི་སྨན་པ་འགས།
  • 1:32 - 1:35
    རང་ཉིད་ཀྱི་ལས་འགན་ནི་མི་རྣམས་ནད་མེད་པར་ཐང་པོར་གནས་ཐུབ་པ་བྱེད་རྒྱུ་ཡིན་པར་ཡིད་ཆེད་ཡོད།
  • 1:35 - 1:37
    དེར་བརྟེན། ཟླ་བ་ནམ་མིན་ལ་ཁྱེད་རང་ནད་མེད་བདེ་ཐང་ཡིན་ཚེ་་སྨན་པར་དངུལ་སྤྲོད་དགོས།
  • 1:37 - 1:39
    གལ་སྲིད་ན་བའི་ཚེ་དངུལ་སྤྲོད་མི་དགོས། གང་ཡིན་ཟེར་ན་སྨན་པས་རང་གི་ལས་དོན་གོ་མ་ཆོད་པ་རེད།
  • 1:39 - 1:41
    དེ་འདྲ་སོང་ཙང་ཁོང་ཚོ་ནི་ཁྱེད་རང་ནད་མེད་དུས་ཕྱུག་པོ་ཆགས་པ་ལས་ནད་ཡོད་དུས་མིན
  • 1:41 - 1:44
    (དགའ་བསུའི་ཐལ་སྒྲ།)
  • 1:44 - 1:46
    རོལ་དབྱངས་ཕལ་མོ་ཆེ་བའི་ནང་དུ་ "གཅིག་"་ནི་
  • 1:46 - 1:50
    དབྱངས་མགོ་ལྟ་བུར་བསམ་བཞིན་ཡོད། རོལ་དབྱངས་ཀྱི་ཕུར་ཚིག་བགོ་བཙུགས་དུས། གཅིག་ གཉིས། གསུམ།་ཞེས་ལབ་ཀྱི་ཡོད།
  • 1:50 - 1:52
    འོན་ཀྱང་ནུབ་ཨ་ཕི་རི་ཁ་ནང་དུ་ "གཅིག་"ནི་
  • 1:52 - 1:54
    ཆེས་མཐའ་མ་དེར་བཞག་སྲོལ་ཡོད།
  • 1:54 - 1:56
    ཚིག་སྒྲུབ་ཀྱི་ཚེག་རྟགས་ལྟ་བུ་
  • 1:56 - 1:58
    དེར་བརྟེན་ཁེད་རང་གིས་དེ་ལྟར་ཚིག་འགྲོས་ཁོ་ནའི་ནང་གོ་བ་མིནཔར། དབྱངས་རྟ་གྲངས་སུ་རྩིས་དུས་ཀྱང་གོ
  • 1:58 - 2:01
    གཉིས། གསུམ། བཞི། གཅིག་
  • 2:01 - 2:04
    ས་ཁྲ་འདི་ཡང་ཏག་ཏག་ཞིག་ཡིན།
  • 2:04 - 2:06
    ༼དགོད་སྒྲ།༽
  • 2:06 - 2:09
    བཤད་སྲོལ་ཞིག་ལ། ཁྱེད་རང་གི་རྒྱ་གར་ཐོག་བདེན་པ་གང་ཞིག་ལབ་པ་དེའི
  • 2:09 - 2:11
    ལྡོགས་ཕྱོགས་ཀྱང་བདེན་པ་རེད།
  • 2:11 - 2:13
    དེར་བརྟེན་ང་ཚོས་དྲན་དགོས་པ་ཞིག་ལ། ཊེ་ཌི་ཡིན་ནའང་འདྲ་གང་དུ་ཡིན་ཡང་
  • 2:13 - 2:16
    ཁྱད་དུ་འཕགས་པའི་བསམ་ཚུལ་གང་འདྲ་ཞིག་ཁྱེད་རང་ལ་ཡོད་པའམ་ཐོས་པ་
  • 2:16 - 2:18
    དེའི་ལྡོགས་ཕྱོགས་དེའང་དངོས་བདེན་ཞིག་ཡིན་སྲིད་པ་རེད།
  • 2:18 - 2:20
    ཐུགས་རྗེ་ཆེ།
Title:
ཌེ་རིག སི་ཝརསེ། ཁྱད་མཚར་ཡིན་ནམ་མི་འདྲ་བ་ཞིག་ཡིན་ནམ།
Speaker:
Derek Sivers
Description:

བཤད་སྲོལ་ཞིག་ལ། "ཐམས་བཅད་ལ་ལྡོག་ཕྱོགས་ཞིག་ཡོད།" སྐར་མ་༢ནང་ཌེ་རིག་སིཝརསེ་ནས་ཁྱེད་ཀྱི་བསམ་ཡུལ་ལ་མེད་སྲིད་པའི་ཕྱོགས་འགའ་ཞིག་ཐོག་དེ་ནི་བདེན་པ་ཡིན་པར་སྟོན།

more » « less
Video Language:
English
Team:
closed TED
Project:
TEDTalks
Duration:
02:21
Dimitra Papageorgiou approved Tibetan subtitles for Weird, or just different?
Bhuchung Tsering accepted Tibetan subtitles for Weird, or just different?
Bhuchung Tsering commented on Tibetan subtitles for Weird, or just different?
Bhuchung Tsering edited Tibetan subtitles for Weird, or just different?
Bhuchung Tsering edited Tibetan subtitles for Weird, or just different?
trinley tenzin edited Tibetan subtitles for Weird, or just different?
trinley tenzin edited Tibetan subtitles for Weird, or just different?
trinley tenzin edited Tibetan subtitles for Weird, or just different?
Show all

Tibetan subtitles

Revisions