1 00:00:00,000 --> 00:00:02,000 ང་ཆེད་མཁས་པ་ཞིག་ཡིན། 2 00:00:02,000 --> 00:00:04,000 ཡང་ན་དེ་ལས་ཀྱང་གསལ་པོར་བཤད་ན། 3 00:00:04,000 --> 00:00:06,000 ཀླད་རིམ་མཐོ་ཞིང་། 4 00:00:06,000 --> 00:00:08,000 ཁེར་རྐྱང་གི་ནད་ཕོག་པའི་ཆེད་མཁས་པ་ཞིག་ཡིན། 5 00:00:08,000 --> 00:00:10,000 སྣང་ཚུལ་འདི་ལྟ་བུ་མཐོང་དཀོན་པོ་རེད། 6 00:00:10,000 --> 00:00:13,000 དེ་ལས་ཀྱང་དཀོན་པ་ཞིག་ནི། 7 00:00:13,000 --> 00:00:15,000 ང་ཡི་གནས་ཚུལ་འདི་ལྟ་བུ་སྟེ། 8 00:00:15,000 --> 00:00:17,000 རང་ཉིད་རྟོགས་པའི་འདུ་ཤེས་ཡོད་པ་མ་ཟད། 9 00:00:17,000 --> 00:00:20,000 སྐད་རིགས་ལའང་བྱང་ཆ་ཆེ་བ་དེ་རེད། 10 00:00:20,000 --> 00:00:23,000 རྟག་པར་ང་མི་རྣམས་དང་ངོ་ཐུག་སྐབས། 11 00:00:23,000 --> 00:00:25,000 ཁོ་ཚོས་ངའི་གནས་ཚུལ་འདི་དག་ཤེས་དུས། 12 00:00:25,000 --> 00:00:28,000 དོགས་མི་བདེ་བ་བཟོས་ཡོང་གི་འདུག 13 00:00:28,000 --> 00:00:31,000 ངས་ཁོ་ཚོའི་མིག་ནང་ནས་ 14 00:00:31,000 --> 00:00:34,000 ང་ལ་སྐད་ཆ་ཁ་ཤས་འདྲི་འདོད་པ་ཤེས་ཡོང་གི་འདུག 15 00:00:34,000 --> 00:00:36,000 སྤྱིར་བཏང་དུ་མཇུག་མཇུག་དེ་ལ། 16 00:00:36,000 --> 00:00:39,000 ཁོ་ཚོས་གཞི་ནས་བཟོད་མ་ཐུབ་པར་ 17 00:00:39,000 --> 00:00:41,000 ཐོལ་གྱིས་འདི་འདྲ་དྲིས་ཡོང་། 18 00:00:41,000 --> 00:00:43,000 “གལ་ཏེ་ངས་ཁྱོད་ལ་ངའི་སྐྱེས་སྐར་བཤད་ན་ 19 00:00:43,000 --> 00:00:45,000 ཁྱོད་ཀྱིས་ང་རེས་གཟའ་གང་ཞིག་ལ་སྐྱེས་པ་བཤད་ཐུབ་བམ” 20 00:00:45,000 --> 00:00:48,000 [དགོད་སྒྲ] 21 00:00:48,000 --> 00:00:51,000 ཡང་མིན་ན་ཁོ་ཚོས་རང་སུམ་སྒྱུར་གྱི་རྩིས་གཞི་སྐོར་ལབ་པའམ། 22 00:00:51,000 --> 00:00:55,000 ཡང་ན་ང་ལ་ཨང་ཀིའམ་རྩོམ་ཡིག་རིང་པོ་ཞིག་བློར་འཛིན་དུ་འཇུག་གི་རེད། 23 00:00:55,000 --> 00:00:57,000 ཁྱེད་རྣམས་དགོངས་པ་མ་ཚོམས་ཞུ་རྒྱུ་ཞིག་ལ། 24 00:00:57,000 --> 00:01:00,000 གལ་སྲིད། དེ་རིང་ངས་འདི་ནས་ 25 00:01:00,000 --> 00:01:04,000 “ཆེད་མཁས་པའི་འཁྲབ་སྟོན”དེ་རིགས་མ་བསྟན་ན་གུ་ཡངས་གནང་རོགས། 26 00:01:04,000 --> 00:01:07,000 དེ་ལས། ང་ཡིས་ 27 00:01:07,000 --> 00:01:09,000 གཞན་ཞིག་ལབ་རྩིས་ཡིན། 28 00:01:09,000 --> 00:01:11,000 སྐྱེས་སྐར་དང་རང་སུམ་སྒྱུར་དང་བསྡུར་ན་ 29 00:01:11,000 --> 00:01:14,000 སྤྲོ་བ་ཡོད་པ་ཞིག་ལབ་རྒྱུ་ཡིན། 30 00:01:14,000 --> 00:01:16,000 ཅུང་གཏིང་ཟབ་པ་ཞིག 31 00:01:16,000 --> 00:01:19,000 ང་ཡི་བསམ་བློ་དང་བར་ཐག་ཤིན་ཏུ་ཉེ་བ་འདྲ་ཡིན། 32 00:01:19,000 --> 00:01:21,000 ང་ཡིས་ཁྱེད་ཅག་རགས་ཙམ་བཤད་འདོད་པ་ནི་ 33 00:01:21,000 --> 00:01:24,000 ཤེས་ཚོར་(perception)ཟེར་བ་དེའི་སྐོར་ཡིན། 34 00:01:24,000 --> 00:01:27,000 ཆི་ཁོ་ཧྥུས་ཁོའི་མཚན་སྙན་འབར་བྱེད་ཀྱི་ 35 00:01:27,000 --> 00:01:29,000 འཁྲབ་གཞུང་དང་སྒྲུང་ཐུང་དག་འབྲི་བའི་ཚེ། 36 00:01:29,000 --> 00:01:32,000 ཁོས་རྟག་པར་ཟིན་ཐོ་འབྲི་དེབ་ཅིག་ཁྱེར་ཏེ་འགྲོ་ཞིང་། 37 00:01:32,000 --> 00:01:34,000 དེ་རུ་ཁོའི་ཉེ་འཁོར་གྱི་ 38 00:01:34,000 --> 00:01:36,000 མཐོང་ཐོས་མྱོང་གསུམ་དག་ 39 00:01:36,000 --> 00:01:38,000 ཟིན་ཐོ་ལ་འགོད་ཀྱི་ཡོད་པ་རེད། 40 00:01:38,000 --> 00:01:40,000 ཞིབ་ཆ་ཆུང་ཆུང་དེ་ཚོར་ 41 00:01:40,000 --> 00:01:43,000 མི་གཞན་པས་དོ་སྣང་བྱེད་ཀྱི་མ་རེད། 42 00:01:43,000 --> 00:01:46,000 ངས་ཆི་ཁོ་ཧྥུ་(Chekhov)ཡི་བརྩམས་ཆོས་ཀློག་ཐེངས་རེ་དང་། 43 00:01:46,000 --> 00:01:50,000 ཁོས་མིའི་འཚོ་བར་འཛིན་པའི་ལྟ་བ་ཐུན་མོང་མ་ཡིན་པ་མྱོང་ཐེངས་རེར། 44 00:01:50,000 --> 00:01:52,000 ང་རང་ཉིད་ཀྱང་ 45 00:01:52,000 --> 00:01:54,000 རྩོམ་པ་པོ་ཞིག་ཏུ་གྱུར་དོན་ལ་ངེས་ཤེས་སྐྱེ་གི་འདུག 46 00:01:54,000 --> 00:01:56,000 ངའི་དེབ་དག་གི་ནང་དུ། 47 00:01:56,000 --> 00:01:58,000 ངས་ཤེས་ཚོར་ཀྱི་རང་བཞིན་སྐོར་འཚོལ་ཞིབ་དང་། 48 00:01:58,000 --> 00:02:01,000 ཤེས་ཚོར་མི་འདྲ་བ་ཡིས། 49 00:02:01,000 --> 00:02:03,000 ཇི་ལྟར་ཤེས་པ(knowing)མི་འདྲ་བ་དང་ 50 00:02:03,000 --> 00:02:06,000 གོ་བ་མི་འདྲ་བ་བསྐྱེད་པའི་སྐོར་བྲིས་ཡོད། 51 00:02:08,000 --> 00:02:10,000 འདི་རུ་དྲི་ཚིག་གསུམ་ཡོད། 52 00:02:10,000 --> 00:02:12,000 ངའི་ཞིབ་འཇུག་ལས་དྲངས་པ་ཡིན། 53 00:02:12,000 --> 00:02:14,000 འདི་དག་གི་དྲིས་ལན་རྙེད་མི་རྙེད་ལ་མ་ལྟ་བར། 54 00:02:14,000 --> 00:02:17,000 ཁྱེད་ཅག་གིས་བསམ་བློ་ཡུད་ཙམ་ལ་ཐོངས་དང་། 55 00:02:17,000 --> 00:02:19,000 ཐད་ཚོར(intuitions)དང་ 56 00:02:19,000 --> 00:02:21,000 རང་ཆས་ཀྱི་ཤེས་པ་(gut instincts)ནི་ 57 00:02:21,000 --> 00:02:23,000 ཁྱེད་ཀྱིས་འདྲི་གཞི་འདི་མཐོང་མ་ཐག་ 58 00:02:23,000 --> 00:02:26,000 ཀླད་པ་དང་སེམས་ནང་ལ་ཡོང་བའི་ཤེས་པ་དེ་ག་རེད། 59 00:02:26,000 --> 00:02:29,000 དཔེར་ན། རྩི་གཞི་འདི་ལ་མཚོན་ན། 60 00:02:29,000 --> 00:02:31,000 ཁྱེད་ཀྱིས་ཨང་ཀི་འདིའི་རྩིས་འབྲས་ 61 00:02:31,000 --> 00:02:34,000 ཧ་ལམ་གང་ཡིན་པ་ཚོད་དཔག་བྱེད་ཐུབ་ཀྱི་འདུག་གམ། 62 00:02:34,000 --> 00:02:37,000 ཡང་ན་ཕྱི་ཡིག་གི་ཐ་སྙད་འདི་དང་ཀློག་སྟངས་ལས་ 63 00:02:37,000 --> 00:02:39,000 ཁྱེད་ཀྱིས་འདིའི་དོན་ཕལ་ཆེར་གང་ཐད་ཡིན་སྲིད་པའི་ 64 00:02:39,000 --> 00:02:42,000 ཚོར་བ་ཞིག་ཡོང་གི་འདུག་གམ། 65 00:02:42,000 --> 00:02:45,000 སྙན་ཚིག་འདི་རུ། 66 00:02:45,000 --> 00:02:47,000 རྩོམ་པ་པོསhare(རི་བོང)ཞེས་པའི་ཐ་སྙད་སྤྱད་པ་ལས། 67 00:02:47,000 --> 00:02:50,000 rabbitམི་སྤྱོད་དོན་ཅི་རེད། 68 00:02:51,000 --> 00:02:53,000 ཁྱེད་ཅག་ལ་འདི་ཚོར་འདང་རྒྱག་ཏུ་འཇུག་དོན་ནི། 69 00:02:53,000 --> 00:02:57,000 ངས་བསམ་ན་མི་སྒེར་གྱི་ཤེས་ཚོར་དེ་ 70 00:02:57,000 --> 00:02:59,000 ང་ཚོར་ཤེས་བྱ་ཐོབ་ཐབས་ 71 00:02:59,000 --> 00:03:01,000 གཙོ་ཆེ་ཤོས་དེ་རེད། 72 00:03:01,000 --> 00:03:03,000 ང་ཚོས་ཤེས་བྱ་ཚུར་ལེན་བྱེད་སྐབས་ 73 00:03:03,000 --> 00:03:06,000 ལམ་སྟོན་མཁན་དང་ 74 00:03:06,000 --> 00:03:08,000 ནུས་པ་འདོན་མཁན་ནི་ 75 00:03:08,000 --> 00:03:11,000 དབང་ཤེས་ཀྱི་དཔྱད་པ་(aesthetic judgments)ཡིན་པ་ལས་ 76 00:03:11,000 --> 00:03:13,000 སྤྱི་མཚན་གྱི་རྩོད་པ(abstract reasoning)མ་ཡིན། 77 00:03:13,000 --> 00:03:16,000 ང་དེའི་དཔེ་མཚོན་ཡག་ཤོས་རེད་བཞག 78 00:03:16,000 --> 00:03:19,000 ངའི་འཇིག་རྟེན་དུ། ཡི་གེ་དང་ཨང་ཀི་ལ་ 79 00:03:19,000 --> 00:03:21,000 ཁ་དོག་དང་སེམས་ཚོར་འདྲེས་ཡོད་པ་རེད། 80 00:03:21,000 --> 00:03:23,000 ད་དུང་སྒེར་གཤིས་ཀྱང་ཡོད། 81 00:03:23,000 --> 00:03:25,000 དེJuanགིས་གསུངས་པ་ལྟར། 82 00:03:25,000 --> 00:03:28,000 ཚན་རིག་པས་འདི་ལ“ཚོར་བསྣོལ”གྱི་ནད་ཟེར་ཞིང་། 83 00:03:28,000 --> 00:03:30,000 ཚོར་མི་འདྲ་བ་འདྲེས་པའི་ 84 00:03:30,000 --> 00:03:33,000 གནས་སྟངས་ཁྱད་མཚར་ཞིག་རེད། 85 00:03:36,000 --> 00:03:38,000 འདི་རུ་ཨང་ཀི1ནས12བར་ཡོད། 86 00:03:38,000 --> 00:03:40,000 ཡིན་ཡང་ངའི་མིག་ལམ་དུ་ 87 00:03:40,000 --> 00:03:44,000 ཨང་ཀི་རེ་རེར་སོ་སོའི་དབྱིབས་དང་ཁྱད་ཆོས་ཡོད་པ་རེད། 88 00:03:44,000 --> 00:03:46,000 1འོད་ཀྱི་ཕྲེང་བ་ཞིག་དང་། 89 00:03:46,000 --> 00:03:51,000 6ཆུང་ལ་སྐྱོ་བའི་ནག་ཁུང་ཞིག 90 00:03:51,000 --> 00:03:54,000 ཁྱེད་ཅག་གི་མིག་ལམ་དུ་ཁ་དོག་དཀར་ནག་གཉིས་ལས་མེད་ཀྱང་། 91 00:03:54,000 --> 00:03:56,000 ངའི་མིག་ལམ་དུ་འདི་ཚོར་ཚོན་མདངས་ཡོད་པ་རེད། 92 00:03:56,000 --> 00:03:58,000 3ལྗང་ཁུ་དང་། 93 00:03:58,000 --> 00:04:00,000 4སྔོན་པོ། 94 00:04:00,000 --> 00:04:03,000 5སེར་པོ། 95 00:04:05,000 --> 00:04:07,000 ངས་རི་མོ་ཡང་འབྲི་གི་ཡོད། 96 00:04:07,000 --> 00:04:10,000 འདི་ངའི་རི་མོ་ཞིག་ཡིན། 97 00:04:10,000 --> 00:04:14,000 འདི་ཚུགས་ཐུབ་གྲངས་(prime number)གཉིས་ཀྱི་སྒྱུར་ཐབས་རེད། 98 00:04:14,000 --> 00:04:16,000 རྩ་གསུམ(3D)གྱི་དབྱིབས་ཆགས་འདུག་ལ། 99 00:04:16,000 --> 00:04:19,000 དཀྱིལ་གྱི་བར་སྟོང་དེ་ནས་ 100 00:04:19,000 --> 00:04:21,000 ཡང་དབྱིབས་གསར་པ་ཞིག་གྲུབ་འདུག་པ་དེ་ 101 00:04:21,000 --> 00:04:24,000 འདི་གཉིས་ཀྱི་བསྒྱུར་ཐོབ་རེད། 102 00:04:24,000 --> 00:04:26,000 གྲངས་ཀ་འདི་ལས་ཆེ་ན་ག་རེ་བྱ་ཟེར་ན། 103 00:04:26,000 --> 00:04:30,000 ཁྱེད་ཀྱིས་πལས“ཆེ”བའི་གྲངས་ཀ་ཞིག་རྙེད་མི་སྲིད། 104 00:04:30,000 --> 00:04:32,000 འདི་གྲངས་རིག་གི་རྒྱུན་གྲངས་ཤིག་རེད། 105 00:04:32,000 --> 00:04:34,000 ཚད་མེད་གྲངས་(infinite number)ཤིག་རེད། 106 00:04:34,000 --> 00:04:36,000 གཞུང་ལུགས་ཀྱི་སྟེང་ནས་གྲངས་ཀ་དེ་ལ་མཐའ་ཡོད་པ་མ་རེད། 107 00:04:36,000 --> 00:04:38,000 རི་མོ་འདིའི་ནང་དུ་ 108 00:04:38,000 --> 00:04:42,000 πགྱི་ཚེག་རྗེས་ཀྱི་ཨང་ཀི20བར་བརྩིས་ཡོད། 109 00:04:42,000 --> 00:04:44,000 ངས་ཚོན་མདངས་སྤྱད་ཡོད། 110 00:04:44,000 --> 00:04:47,000 སེམས་ཚོར་དང་ཐིག་རིས། 111 00:04:47,000 --> 00:04:49,000 ངས་འདི་ཚོ་ཕྱོགས་གཅིག་ཏུ་བསྒྲིལ་ནས་ 112 00:04:49,000 --> 00:04:54,000 ཁོད་མི་སྙོམས་པའི་ཨང་ཀིའི་ཡུལ་ལྗོངས་ཤིག་བཟོས་ཡོད། 113 00:04:54,000 --> 00:04:57,000 ངའི་མིག་ལམ་དུ། ཨང་ཀི་གཅིག་པུ་ལ་ཁ་དོག་ཡོད་པ་ཙམ་མ་རེད། 114 00:04:57,000 --> 00:04:59,000 ང་ལ་མཚོན་ན། ཡི་གེའང་དེ་བཞིན་རེད། 115 00:04:59,000 --> 00:05:01,000 ཁ་དོག་དང་སེམས་ཚོར་ཡོད་པ་མ་ཟད། 116 00:05:01,000 --> 00:05:03,000 ཐིག་རིས་ཀྱང་ཡོད། 117 00:05:03,000 --> 00:05:05,000 འདི་སྒྲུང་གཏམ<ལོ་ལི་ཐཱ>(Lolita)ཡི་ 118 00:05:05,000 --> 00:05:07,000 ཚིག་རྐང་ཐོག་མ་རེད། 119 00:05:07,000 --> 00:05:11,000 རྩོམ་པ་པོ་ཁོ་རང་ཉིད་ལའང་དབང་ཤེས་བསྣོལ་བའི་སྐྱོན་དེ་ཡོད། 120 00:05:11,000 --> 00:05:13,000 ཁྱེད་ཀྱིས་མཐོང་ཐུབ་པ་ལྟར། 121 00:05:13,000 --> 00:05:16,000 ངའིLཡི་སྒྲ་ལ་ཡོད་པའི་ཚོར་ཤེས་ཀྱིས། 122 00:05:16,000 --> 00:05:18,000 རྗེས་ཁྲིད་ཀྱི་སྒྲ་འདི། 123 00:05:18,000 --> 00:05:21,000 ཏན་ཏན་ཡོང་ཐུབ་ཀྱི་འདུག 124 00:05:21,000 --> 00:05:23,000 དཔེ་གཞན་པ་ཞིག་ནི། 125 00:05:23,000 --> 00:05:25,000 འདི་གྲངས་རིག་དང་འབྲེལ་བ་ཏོག་ཙམ་འདུག 126 00:05:25,000 --> 00:05:27,000 ཁྱེད་ཅག་གི་ཁྲོད་ནས་སྒྲུང་གཏམལས་བྱུང་བའི་ 127 00:05:27,000 --> 00:05:29,000 ཚིག་གི་སྒྲིག་གཞི་ལ་ 128 00:05:29,000 --> 00:05:32,000 སྣང་བ་བྱུང་མཁན་ཨེ་ཡོད། 129 00:05:33,000 --> 00:05:36,000 དེ་རུ་འདི་ལྟ་བུའི་སྒྲ་ཚིགས་ཀྱི་རིམ་པ་ཞིག་འདུག 130 00:05:36,000 --> 00:05:38,000 གྲོ སྒྲ་ཚིགས་གཅིག 131 00:05:38,000 --> 00:05:40,000 སྤང་ཐང་། སྒྲ་ཚིགས་གཉིས། 132 00:05:40,000 --> 00:05:43,000 བོར་ཟིན་པའི་སུའུ་ཏེན་མཁར། སྒྲ་ཚིགས་གསུམ། 133 00:05:43,000 --> 00:05:45,000 གཅིག གཉིས། གསུམ། 134 00:05:45,000 --> 00:05:49,000 དབྱངས་འགྲོས་ཡོད་པས། མི་སེམས་ལ་སིམ་པ་སྟེར་ཞིང་། 135 00:05:49,000 --> 00:05:51,000 འདི་ཡིས་ཚིག་རྐང་ 136 00:05:51,000 --> 00:05:54,000 ཏག་ཏག་ཤིན་ཏུ་འཕྲོད་པ་ཞིག་ཏུ་གྲུབ་པ་རེད། 137 00:05:54,000 --> 00:05:56,000 འུ་ཚོ་ཕྱིར་ 138 00:05:56,000 --> 00:05:59,000 ངས་དྲིས་པའི་འདྲི་ཚིག་ཐོག་ལ་འགྲོ 139 00:05:59,000 --> 00:06:02,000 64དང75གཉིས་བསྒྱུར་ན། 140 00:06:02,000 --> 00:06:05,000 ཁྱེད་ཚོ་རྒྱལ་སྤྱིའི་མིག་མངས་རྩེ་མྱོང་ན། 141 00:06:05,000 --> 00:06:07,000 64ནི་རང་ཉིས་སྒྱུར་གྱི་གྲངས་ཤིག་ཡིན་པ་ 142 00:06:07,000 --> 00:06:10,000 ཁྱེད་ཀྱིས་ཤེས་ཀྱི་རེད། 143 00:06:10,000 --> 00:06:12,000 འདི་ནི་མིག་མངས་ལ་ 144 00:06:12,000 --> 00:06:14,000 8×8 145 00:06:14,000 --> 00:06:17,000 རེའུ་མིག64ཡོད་དོན་རེད། 146 00:06:17,000 --> 00:06:19,000 བྱས་ཙང་ང་ཚོར་རེའུ་མིག་འདི་ལྟ་བུ་ 147 00:06:19,000 --> 00:06:22,000 འཆར་སྣང་བྱས་ཆོག་པ་ཞིག་ཡོང་གི་རེད། 148 00:06:22,000 --> 00:06:25,000 འོ་ན75ག་རེ་བྱ་ཟེར་ན། 149 00:06:25,000 --> 00:06:27,000 གལ་སྲིད100དེ་ 150 00:06:27,000 --> 00:06:30,000 གལ་སྲིད100དེ་གྲུ་བཞི་ཁ་གང་མ་ཞིག་ཡིན་ཚེ། 151 00:06:30,000 --> 00:06:33,000 75འདི་ལྟ་བུ་ཞིག་ཡིན། 152 00:06:33,000 --> 00:06:35,000 ད་ལྟ་ང་ཚོས་བྱེད་དགོས་པ་དེ་གང་རེད་ཟེར་ན། 153 00:06:35,000 --> 00:06:37,000 རི་མོ་འདི་གཉིས་མཉམ་དུ་ 154 00:06:37,000 --> 00:06:39,000 ང་ཚོའི་ཀླད་པའི་ནང་ལ་འཆར་དུ་བཅུག་ན། 155 00:06:39,000 --> 00:06:42,000 འདི་ལྟ་བུ་རེད། 156 00:06:42,000 --> 00:06:46,000 64དེ6400གྱུར་པ་དང་། 157 00:06:46,000 --> 00:06:50,000 གཡས་ཀྱི་གཤམ་དེ་ 158 00:06:50,000 --> 00:06:52,000 ཁྱེད་ཀྱིས་རྩི་དགོས་དོན་གང་ཡང་མེད། 159 00:06:52,000 --> 00:06:54,000 འཕྲེད་གཞུང་གཉིས4དང་། སྟེང་འོག་གཉིས4ཡིན་པས། 160 00:06:54,000 --> 00:06:57,000 མཐར16རེད། 161 00:06:57,000 --> 00:06:59,000 རྩི་དགོས་རྒྱུ་ངོ་མ་དེ་གང་རེད་ཟེར་ན། 162 00:06:59,000 --> 00:07:01,000 16རེད། 163 00:07:01,000 --> 00:07:04,000 16 16 164 00:07:04,000 --> 00:07:06,000 འདི་སླ་མོ་འདུག་གཱ 165 00:07:06,000 --> 00:07:09,000 འདི་སློབ་གྲྭ་ནས་ཁྲིད་པ་ལས་སླ་སྙམ། 166 00:07:09,000 --> 00:07:11,000 16 16 16 སྡོམ་ཐོབ48། 167 00:07:11,000 --> 00:07:13,000 4800(48*100) 168 00:07:13,000 --> 00:07:15,000 4800 169 00:07:15,000 --> 00:07:18,000 རྩིས་འབྲས་འདི་ག་རེད། 170 00:07:18,000 --> 00:07:20,000 ཐབས་ཤེས་ན་ལས་སླ་པོ་རེད། 171 00:07:20,000 --> 00:07:23,000 [དགོད་སྒྲ] 172 00:07:23,000 --> 00:07:26,000 འདྲི་ཚིག་གཉིས་པ་དེ་འཁྱཊ་གླིང་སྐད་ཀྱི་ཐ་སྙད་ཅིག་རེད། 173 00:07:26,000 --> 00:07:29,000 ངས་བསམ་ན་འདིར་བཞུགས་པ་རྣམས་ལས་ 174 00:07:29,000 --> 00:07:31,000 སྐད་འདི་ཤེས་མཁན་ཉུང་ཉུང་ཡིན་རྒྱུ་རེད། 175 00:07:31,000 --> 00:07:34,000 བྱས་ཙང་། ངས་ཁྱབ་ཁོངས་གདམ་གསེས་གཉིས་བར་ཇེ་ཆུང་ལ་གཏོང་། 176 00:07:36,000 --> 00:07:38,000 Hnugginn: 177 00:07:38,000 --> 00:07:40,000 འདི་དགའ་བའི་ཐ་སྙད་ཅིག་རེད་དམ། 178 00:07:40,000 --> 00:07:42,000 ཡང་ན་སྐྱོ་བའི་ཐ་སྙད་ཅིག་རེད། 179 00:07:42,000 --> 00:07:44,000 ཁྱེད་ཀྱིས་ག་རེ་བསམ་བྱུང་། 180 00:07:45,000 --> 00:07:47,000 ཆོག་གི 181 00:07:47,000 --> 00:07:49,000 ལ་ལས་དགའ་བའི་ཐ་སྙད་ཅིག་རེད་ཟེར། 182 00:07:49,000 --> 00:07:51,000 ཡིན་ཡང་མང་ཆེ་བས་ 183 00:07:51,000 --> 00:07:53,000 སྐྱོ་བའི་ཐ་སྙད་རེད་ཟེར། 184 00:07:53,000 --> 00:07:57,000 དོན་ངོ་མར་ཡང་ཐ་སྙད་འདི་སྐྱོ་བའི་དོན་རེད། 185 00:07:57,000 --> 00:08:00,000 [དགོད་སྒྲ] 186 00:08:00,000 --> 00:08:03,000 འདི་ལྟར་སྡོམ་རྩིས་བྱས་ཡོང་ན། 187 00:08:03,000 --> 00:08:05,000 མི་མང་ཆེ་བས་ 188 00:08:05,000 --> 00:08:07,000 ཐ་སྙད་འདི་སྐྱོ་བའི་དོན་རེད་སྙམ་པ་དང་། 189 00:08:07,000 --> 00:08:10,000 ཡང་སྐབས་གཞན་ཞིག་ཏུ། སྡུག་བསྔལ་གྱི་དོན་ལ་འཇུག་པ་ཟེར་ན། 190 00:08:10,000 --> 00:08:13,000 ང་ཡི་གཞུང་ལུགས་ལྟར་ན། སྐད་ཀྱི་འཕེལ་རིམ་འདི་འདྲ་ཞིག་རེད། 191 00:08:13,000 --> 00:08:15,000 སྒྲ་དང་མཐུན་པ། 192 00:08:15,000 --> 00:08:18,000 ཡུལ་ཅན་གྱི་ཚོར་བ་དང་མཐུན་པ། 193 00:08:18,000 --> 00:08:20,000 དེའི་འཕྲོར་ཉན་མཁན་གྱི་ 194 00:08:20,000 --> 00:08:22,000 སྒེར་གྱི་ 195 00:08:22,000 --> 00:08:24,000 ཐད་ཚོར་མྱོང་བའི་ཐོག་འཕེལ་བ་ཞིག་རེད། 196 00:08:25,000 --> 00:08:28,000 ད་ང་ཚོའི་དྲི་ཚིག་གསུམ་པ་དེ་ལ་བལྟ་རྒྱུ་བྱེད། 197 00:08:29,000 --> 00:08:32,000 འདི་ཇོང་ཁེ་ཐི་(John Keats)ཡི་སྙན་ངག་ཚིག་རྐང་ཞིག་རེད། 198 00:08:32,000 --> 00:08:35,000 ཡི་གེའང་ཨང་ཀི་དང་མཚུངས་པར། 199 00:08:35,000 --> 00:08:38,000 ཕྱི་རོལ་ཡུལ་དང་དོན་རྐྱེན་ 200 00:08:38,000 --> 00:08:40,000 སྟོབས་ཤུགས་སོགས་ 201 00:08:40,000 --> 00:08:42,000 འཇིག་རྟེན་འགྲུབ་བྱེད་འདི་དག་གི་ 202 00:08:42,000 --> 00:08:44,000 ངོ་བོའམ་གཤིས་ཀྱི་འབྲེལ་བ་དེ་མཚོན་ཐུབ་ཀྱི་ཡོད། 203 00:08:44,000 --> 00:08:47,000 འདི་ཡང་འུ་ཅག་འཚོ་བའི་འཇིག་རྟེན་འདི་རུ་ 204 00:08:47,000 --> 00:08:49,000 རྩ་བའི་འབྲེལ་བ་འདི་དག་ 205 00:08:49,000 --> 00:08:52,000 ཐད་ཚོར་ཐུབ་པའི་རྒྱུ་མཚན་ཡིན། 206 00:08:52,000 --> 00:08:55,000 སྙན་ངག་པའམ་སྒྱུ་རྩལ་པ་གཞན་དང་འདྲ་བར་ 207 00:08:55,000 --> 00:08:58,000 ཐད་ཚོར་གྱི་གོ་བ་འདི་རིགས་རྩེ་གི་ཡོད་པ་རེད། 208 00:08:58,000 --> 00:09:01,000 རི་བོང་གི་དཔེར་བརྗོད་དེའི་ནང་དུ། 209 00:09:01,000 --> 00:09:03,000 hareཨིན་ཡིག་ལས་ཐ་སྙད་མག་མོག་ཅིག་ཡིན། 210 00:09:03,000 --> 00:09:06,000 མགོ་ཡི་སྐྲ་ལ་གོ་བའང་ཡོད། 211 00:09:06,000 --> 00:09:08,000 གལ་ཏེ་འུ་ཚོས་དེ་ལ་བསམ་བློ་ཞིག་བཏང་ན། 212 00:09:08,000 --> 00:09:10,000 རི་མོའི་ལམ་ནས་བསྟན་ན། 213 00:09:10,000 --> 00:09:13,000 སྤུ་ཡིས་ཉམ་ཆུང་བ་མཚོན་ཞིང་། 214 00:09:14,000 --> 00:09:17,000 དེ་ཉིད་གཡོ་འགུལ་ཤིན་ཏུ་ཕྲ་མོ་ཞིག་གམ་ 215 00:09:17,000 --> 00:09:20,000 སེམས་ཚོར་གྱིས་ཀྱང་སྒུལ་སྲིད་པ་ཡིན་པས། 216 00:09:20,000 --> 00:09:24,000 འདིས་ཁྱོད་ལ་ཉམ་ཆུང་དང་བྲེལ་ཤ་ལངས་པའི་ 217 00:09:24,000 --> 00:09:26,000 མཁའ་དབུགས་དེ་འདྲ་ཞིག་བསྐྲུན་ཡོད། 218 00:09:26,000 --> 00:09:28,000 རི་བོང་ཁོ་རང་ཉིད། རི་དྭགས་ཤིག་རེད། 219 00:09:28,000 --> 00:09:31,000 ཞི་མི་མ་རེད། ཁྱི་གུ་མ་རེད། རི་བོང་ཞིག་རེད། 220 00:09:31,000 --> 00:09:33,000 རི་བོང་ཞིག་ཡིན་དོན་ཅི་རེད། 221 00:09:33,000 --> 00:09:35,000 དེའི་རྒྱུ་མཚན་རི་མོ་འདི་ལ་བསམ་བློ་ཐོངས་དང་། 222 00:09:35,000 --> 00:09:37,000 སྐད་ཆ་མ་རེད། རི་མོ་འདི་ཟེར་བ་ཡིན། 223 00:09:37,000 --> 00:09:39,000 རྣ་ཅོག་རིང་པོ། 224 00:09:39,000 --> 00:09:41,000 སུག་པ་ཆེན་པོ། 225 00:09:41,000 --> 00:09:44,000 འདིས་འུ་ཅག་ལ་འཆར་ཡན་བྱེད་དུ་འཇུག་སྟེ། ཐད་ཚོར་གྱི་ལམ་ནས་ 226 00:09:44,000 --> 00:09:47,000 ཞ་འཐེང་དང་ 227 00:09:47,000 --> 00:09:50,000 འདར་སིག་གི་ཚོར་བ་སྟེར། 228 00:09:50,000 --> 00:09:52,000 སྐར་མ་ཁ་ཤས་ཀྱི་རིང་ལ། 229 00:09:52,000 --> 00:09:54,000 ང་ཡིས་ཁྱེད་ཅག་ལ་ 230 00:09:54,000 --> 00:09:57,000 ང་ཡི་མཐོང་སྣེའི་འཇིག་རྟེན་སྐོར་བཤད་པ་རེད། 231 00:09:57,000 --> 00:10:00,000 ཁྱེད་ཅག་ལ་ 232 00:10:00,000 --> 00:10:03,000 ཡི་གེ་ལའང་ཁ་དོག་དང་། སེམས་ཚོར་ཡོད་པ་དང་། 233 00:10:03,000 --> 00:10:06,000 ཨང་ཀི་ལ་དབྱིབས་དང་གཤིས་ཀ་ཡོད་པ། 234 00:10:06,000 --> 00:10:08,000 འཇིག་རྟེན་འདི་ 235 00:10:08,000 --> 00:10:10,000 འུ་ཅག་གི་བལྟས་ཚོད་ལས་ད་དུང་ཕུན་སུམ་ཚོགས་པ། 236 00:10:10,000 --> 00:10:13,000 རྒྱ་ཆེ་བ་ཤེས་སུ་བཅུག་པ་ཡིན། 237 00:10:13,000 --> 00:10:16,000 ངས་ཁྱེད་རྣམས་ལ་མཐོང་སྣེ་གསར་པ་ཞིག་གིས་ 238 00:10:16,000 --> 00:10:19,000 འཇིག་རྟེན་ལ་ལྟ་བའི་འདུན་པ་སྦྱིན་ཡོད་པར་སྨོན། 239 00:10:19,000 --> 00:10:21,000 ཐུགས་རྗེ་ཆེ་གནང་། 240 00:10:21,000 --> 00:10:32,000 [ཐལ་མོ་རྡེབ་སྒྲ]