ང་ཚོ་ནི་མཐའ་འཁོར་གྱི་དངོས་པོ་དང་ འབྲེལ་རེས་ཡོད་པའི་ཁོར་ཡུག་ཅིག་ནང་གནས་ཡོད། དངོས་པོ་མང་པོ་ཞིག ང་ཚོས་རྒྱུན་དུ་བེད་སྤྱོད་གཏང་དགོས་པ་ཞིག་ཡིན། རྩིས་འཁོར་མཉེན་ཆས་མང་པོ་ཞིག་དང་བསྡུར་བ་ཡིན་ན་་་ དངོས་གཟུཊ་འདི་ཚོས་སྤྲོ་བ་མང་བ་ཞིག་སྟེར་ཐུབ། ང་ཚོས་དངོས་པོ་གླེང་བ་ཙམ་གྱིས་་་ འདི་དང་འབྲེལ་བའི་བྱ་བ་གཞན་ཞིག་དྲན་སྲིད་དེ་་་ ལག་བརྡ་སྟེ་་་ ང་ཚོས་དངོས་པོ་འདི་ཚོ་བེད་སྤྱོད་ཇི་ལྟར་གཏང་ཚུལ་ལ་གོ། ང་ཚོས་ནམ་རྒྱུན་གྱི་འཚོ་བའི་ནང་དངོས་པོ་འདི་ཚོ་བེད་སྤྱོད་ཇི་ལྟར་བྱེད་ཀྱི་ཡོད་དམ། ང་ཚོས་ལག་བརྡ་འདྲ་མིན་སྣ་ཚོགས་ཀྱིས་དངོས་པོ་སྤྱོད་ཀྱི་ཡོད་པ་མ་ཟད། དེས་མི་གཞན་དང་འབྲེལ་གཏུག་བྱེད་ཀྱི་ཡོད། ཐལ་མོའི་ཕྱག་རྒྱ་ནི་གཞན་ལ་གུས་བཀུར་ཞུས་པ་མཚོན་པ་དང་་་ དེ་མིན་ན་ད་དུང་་་ རྒྱ་གར་ལ་ཡིན་ན་བསླབ་མི་དགོས་པར་བྱི་པ་ཚང་མས་ཤེས་གསལ་ལ་འདི་ནི་་་་ པང་གྲུག་ནང་གི་ ༼ ༤ ༽ ཡི་དོན་ཡིན། འདི་ནི་ང་ཚོའི་འཚོ་བའི་རྒྱུན་ཤེས་ཤིག་ཡིན། བྱས་ཙང་དུས་དང་པོ་ནས་ང་རང་འདིར་དབྱིངས་འཕར་ཚར་སོང་། ངས་ཤེས་འདོད་པ་ནི་་་ རྒྱུན་སྤྱོད་དངོས་རྫས་དང་ ལག་བརྡའི་ཐོག་ང་ཚོའི་ངོས་འཛིན་དེ་དང་་་ དེ་མིན་ད་དུང་ང་ཚོས་ཇི་ལྟར་བྱེད་ནས་དངོས་པོ་འདི་ཚོ་བཀོལ་སྤྱོད་བྱེད་དེ་་་ ང་ཚོ་རང་ཉིད་དང་ཨང་ཀིའི་འཇིག་རྟེན་བར་འབྲེལ་བ་འཛུཊ་པ། མཐེབ་གཞོང་དང་ཙི་གུ་མེད་ན་་་ ངས་རྩིས་འཁོར་སྤྱད་མི་ཐུབ་ཨེ་ཡིན། རྩིས་འཁོར་དང་འབྲེལ་རེས་ཐུབ་པ་ལྟར་དངོས་གཟུཊ་འཇིག་རྟེན་དང་འབྲེལ་བ་འགྲུབ་མི་ཐུབ་པ་ཅི་ཡིན། དེར་རྟེན་ངའི་ཞིབ་འཇུག་ལོ་བརྒྱད་ཀྱི་སྔོན་ནས་འགོ་བཙུཊ་ཡོད་དེ་་་ ངའི་ཅོག་སྟེངས་ཀྱི་ཙི་གུ་ནས་འགོ་བཙུཊ་པ་ལས་་་ རྩིས་འཁོར་གྱི་བརྙན་ཡོལ་སྒང་འདི་བེད་སྤྱོད་བྱས་མེད། ངས་ཙི་གུ་དེ་ཁ་ཕྱེ་པ་ཡིན། ཁྱེད་རྣམ་པས་མཁྱེན་གསལ་ལྟར་དུས་རབས་དེའི་་་ ཙི་གུའི་ནང་སྤོ་ལོ་ཞིག་ཡོད་པ་མ་ཟད་་་ འགྲིལ་འཁོར་གཉིས་ཡོད། བྱས་ཙང་ཙི་གུ་ལ་འགུལ་བ་ཐེབས་དུས། འགྲིལ་འཁོར་གྱིས་འགྲིལ་བའི་ཁ་ཕྱོཊ་རྩིས་འཁོར་ལ་ཁ་གསལ་བྱ་ཐུབ། ང་འགྲིལ་འཁོར་ལ་དབྱིངས་བཞུཊ་མོད་་་ འོན་ཏེ་དེ་ལས་མང་བ་ཞིག་དགོས་འདུག་པས་གྲོགས་པའི་ཕྱོཊ་ནས་གཡས་པ་ཡིན། ད་དུང་ཡང་ཕར་སྤྲད་རྒྱུ་མ་བྱུང་། འདི་འདྲ་ཡིན་ན་འགྲིལ་འཁོར་བཞི་ཡོད་པ་དང་་་ ད་འདི་ཚོ་བེད་སྤྱོད་ཇི་ལྟར་གཏང་དགོས་རེད་ཅེ་ན་་་ སྤྱིར་བཏང་བྱས་ན་ངས་འདི་ཚོ་ཙི་གུ་ནས་མར་བཏོན་ནས་་་ ཐིག་གཅིག་སྒང་ལ་བཞག་གི་ཡོད། འདི་གར་ཡོད་པ་ནི་སྐུད་པ་རེ་ཞིག་དང་འདྲེད་ཐག་དང་ལྡེམ་ལྕཊ་བཅས་ཡིན། ངས་ལག་བརྡ་མྱུལ་ཞིབ་ཐུབ་པའི་མཐུད་ཁའི་སྒྲིག་ཆས་ཤིག་བཟོས་པ་ཡིན། བྱ་འགུལ་མྱུལ་ཞིབ་སྒྲིག་ཆས་ཤིག་དང་འདྲ་པོ་ཡོད། མ་གནས་ལ་ཨ་སྒོར་གཉིས་ལས་མི་དགོས། དེར་རྟེན་ད་ལྟ་ངས་དངོས་གཟུཊ་འཇིག་རྟེན་ནང་གང་ཞིག་བྱས་ཀྱང་་་ ཨང་ཀིའི་འཇིག་རྟེན་ནང་འདི་བཞིན་འཆར་ཡོང་གི་རེད། ངས་ལོ་བརྒྱད་ཀྱི་སྔོན་ནས་བཟོས་པའི་ཡོ་བྱད་ཆུང་ངུ་དེ་བེད་སྤྱད་ན་འགྲིག དེ་ནི་ ༢༠༠༠ ལོ་ལ་ཡིན། ང་ནི་དངོས་གཟུཊ་དང་ཨང་ཀིའི་འཇིག་རྟེན་སྒྲིག་སྦྱོར་བྱ་རྒྱུར་མོས་པ་ཡོད། ངས་སྦྱར་ཤོག་དྲན་པ་དང་་་ དེ་འདྲ་ཞིག་བསམས་བྱུང་སྟེ་་་ དངོས་གཟུཊ་སྦྱར་ཤོག་གི་མཐུད་ཁ་དང་་་ ཨང་ཀིའི་སྦྱར་ཤོག་ཕན་ཚུན་སྒྲིག་སྦྱོར་མ་བྱས་པ་ཅི་ཡིན། སྦྱར་ཤོག་ཐོག་མ་ཡུམ་ལ་བཞག་པའི་བརྡ་ཞིག ཤོག་བུའི་ཐོག འཕྲིན་ཐུང་གིས་བརྒྱུད་བསྐུར་བྱ་ཐུབ། དེ་མིན་ཤོག་བུའི་ཐོག་བྲིས་པའི་ཚོཊ་འདུའི་བརྡ་ཐོ་ནི་་་ རང་འགུལ་ངང་ངའི་ཨང་ཀིའི་ལས་ཐོ་དང་གོམ་མཉམ་དུ་གྲུབ་པ། འགྲུབ་རྒྱུའི་ལས་དོན་རང་འགུལ་ངང་རྩིས་འཁོར་ནང་གོམ་མཉམ་བྱེད་ཀྱི་ཡོད། འོན་ཏེ་ཁྱོད་ཀྱིས་ཨང་ཀིའི་ཁོར་ཡུག་ནང་ཞིབ་འཚོལ་ཡང་བྱ་ཐུབ། ཡང་འོ་ན་ཁྱོད་ཀྱིས་དྲི་བ་ཡང་བཀོད་ཆོག་སྟེ་་་ དཔེར་ན། མཁས་དབང་སིམིསི་ལཊ་ཀྱི་གནས་ཡུལ་གང་ཡིན་ཞེས་པ་ལྟར། དེ་རྗེས་མ་ལག་ཆུང་ངུ་འདིས་གནས་ཡུལ་ལྕཊ་པར་བརྒྱབ་ཀྱི་ཡོད། འདི་ནི་ཤོག་བུས་བཟོས་པའི་ནང་འཇུག་ཕྱིར་འདོན་མ་ལག་ཅིག་དང་མཚུངས། ཤོག་བུ་ཁོ་ནས་བཟོ་ཐུབ་ཀྱི་རེད། ཞིབ་འཇུག་གཞན་ཞིག་ནི་་་ རྩ་༣་གྱི་ནུས་འབྲས་གདོན་ཐུབ་པའི་སྨྱུ་གུ་ཞིག་སྤྱད་རྒྱུར་ཡིད་ལ་འཆར། དེར་རྟེན་སྨྱུ་གུ་འདི་ཇུས་བཀོད་པ་ཡིན། འདིས་ཇུས་འགོད་མཁན་དང་ཨར་སྐྲུན་མཁན་གྱིས་་་ རྩ་གསུམ་བར་ཁམས་གྱིས་བསམ་བློ་གཏང་ཐུབ་པ་མ་ཟད་་་ རྩ་༣་གྱི་རི་མོའང་བྲིས་ཐུབ་པར་ཕན་ཁ་ཆེ། འདི་འདྲ་སྤྱད་ན་ཚོར་ཤེས་དེ་བས་ཐད་ཀར་བྱུང་སྲིད། ཡང་ངའི་སེམས་ལ་དངོས་གཟུཊ་འཇིག་རྟེན་གྱི་་་ དགོས་དགུའི་ས་བཀྲ་ཞིག་མ་བསྐྲུན་པ་ཅི་ཡིན་བསམས་བྱུང་། གནད་ཚིག་གཏག་ནས་ཅ་ལག་འཚོལ་མི་དགོས་པར་་་ ཅ་ལག་འདི་ས་བཀྲའི་སྒང་ལ་བཞག་ན་འགྲིག གལ་སྲིད་ངས་གནམ་གྲུའི་ཞུཊ་འཛིན་ས་བཀྲའི་སྒང་ལ་བཞག་ན་དེས་འཛུལ་སྒོའི་གནས་ས་མངོན་ཐུབ། ཚིག་ཇའི་དཀར་ཡོལ་ཞིག་བཞག་ན་ཚིག་ཇ་ཁང་ཞིག་གི་གནས་ས་མངོན་པའམ་་་ ཡང་འོ་ན་གད་སྙིཊ་བླུཊ་ས་ཞིག་གསལ་ནུས། འདི་ཚོ་ནི་སྔོན་དུས་ངས་བྱས་པའི་ཚོད་ལྟ་ཡིན། ངའི་དམིགས་ཡུལ་ནི་འཇིག་རྟེན་འདི་གཉིས་ཟུང་འབྲེལ་དམ་པོར་བྱ་རྒྱུ་དེ་ཡིན། ཚོད་ལྟ་འདི་ཚོའི་ནང་་་་ མཉམ་མཐུན་གྱི་གནད་ཅིག་ཡོད་དེ་་་ ངས་དངོས་གཟུཊ་ལྡན་པའི་ཅ་ལག་ཨང་ཀིའི་ཁོར་ཡུག་ནང་དུ་དྲངས་ཀྱི་ཡོད། ངས་དངོས་པོའམ་་་ འཚོ་བའི་ནང་ཐད་ཚོར་ཚུལ་གྱི་ཅ་ལག་་་ ཨང་ཀིའི་འཇིག་རྟེན་ནང་དྲངས་ཀྱི་ཡོད། དམིགས་ས་ནི་རྩིས་འཁོར་གྱི་མཐུད་ཁ་དེ་བས་མི་གཤིས་ཅན་དུ་འགྱུར་ཆེད་ཡིན། ཡིན་ནའང་རྗེས་སུ་ཤེས་རྟོཊ་བྱུང་བ་ནི་་་ མི་རྣམས་རྩིས་འཁོར་ལ་དབྱིངས་མེད་ལ། ཁོང་ཚོའི་དབྱིངས་བཞུཊ་ས་ནི་ཆ་འཕྲིན་རེད། ང་ཚོས་དེ་ལས་མང་བའི་གནས་ཚུལ་ཤེས་པར་འདོད། དེ་ལས་མང་བའི་ཉེ་འཁོར་གྱི་འགུལ་རྣམ་རྟོཊ་པར་སྙམ། བྱས་ཙང་ཕལ་ཆེར་ན་ནིང་ལོའི་ལོ་འགོའི་མཚམས་སུ་་་ ངའི་སེམས་ལ་ཞིབ་འཇུག་གྱི་ཁ་ཕྱོཊ་མ་བསྒྱུར་བ་ཅི་ཡིན་བསམས་བྱུང་སྟེ་་་ ཡང་མིན་ན་ཨང་ཀིའི་འཇིག་རྟེན་གྱི་གྲངས་ཀའི་ཆ་འཕྲིན་་་་ དངོས་གཟུཊ་འཇིག་རྟེན་ནང་བཀོད་རིས་བྱ་བ། བརྙན་རིས་འདི་ཚོ་ཚང་མ་སྒྲིག་ཆས་གྲུ་བཞི་མ་འདི་ཚོའི་ནང་བཏུམས་བཞག་ནས་་་ སྦ་ཁུག་ནང་བླུཊ་བཞག་གི་ཡོད། ད་འོ་ན་ངས་གཟུཊ་དབྱིབས་འདི་འདྲ་ཞིག་གཏོར་ནས་་་ ཆ་འཕྲིན་རྣམས་ནམ་རྒྱུན་འཚོ་བའི་ནང་བཅུག་ན་གང་ཡོད། འདི་འདྲ་ཡིན་ན་ངས་བརྙན་རྒྱུ་དང་་་ འབྲེལ་བ་བྱ་ཆེད་ཀྱི་སྐད་གསར་ཞིག་སྦྱང་མི་དགོས། རྨི་འདུན་འདི་གྲུབ་ཆེད་་་ ངས་ངོ་མ་བརྙན་སྟོན་འཕྲུལ་འཁོར་མགོ་སྟེང་ལ་གཞག་དགོས་བསམས། འདི་ནི་མགོ་སྟེཊ་བརྙན་སྟོན་འཕྲུལ་འཁོར་གྱི་དོན་སྙིང་ཡིན་གྱི་རེད། ངས་ཡི་གེའི་ནང་དོན་ལྟར་གཅིག་བཟོས་པ་ཡིན། ངས་རྐང་འཁོར་གྱི་རྨོག་དེ་ཏོག་ཙམ་བཅད་ནས་་་ བརྙན་སྟོན་འཕྲུལ་འཁོར་ནང་དུ་བླུཊ་ཐུག་པར་བྱས། འདི་འདྲ་ཡིན་ན་ངའི་འཇིག་རྟེན་དངོས་ནང་་་ ཨང་ཀིའི་བརྡ་འཕྲིན་གྱིས་སྐོར་ནས་སྡོད་ཐུབ། འོན་ཀྱང་ཕྱིས་སུ་ངའི་བསམ་པར་་་ རྩིས་འཁོར་བརྙན་རྒྱུ་འདི་ཚོ་དང་འབྲེལ་གཏུག་བྱེད་དགོས་རེད་སྙམ། བྱས་ཙང་ངས་བརྙན་ལེན་འཕྲུལ་འཁོར་ཆུང་ཆུང་ཞིག་བསྒར་ནས་་་ ཨང་ཀིའི་མིག་ཞིག་ཏུ་བརྩིས་པར་ཆ་བཞག འདི་རྗེས་ང་ཚོས་མུ་མཐུད་ནས་དེ་ལས་ལེཊ་པའི་་་ སྤྱོད་མཁན་ལ་དམིགས་པའི་སྐེ་འདོཊ་ཅན་ཏེ་་་ མི་མང་ཆེས་མཁྱེན་གསལ་གྱི་༼དབང་པོ་ཨང་དྲུག་པའི་སྒྲིག་ཆས༽སོ། ། ལག་རྩལ་འདིའི་ཆེས་སྤྲོ་བའི་གནད་ཀ་ཞིག་ནི་་་ ཁྱོད་ཀྱིས་ཨང་ཀིའི་འཇིག་རྟེན་འཁྱེར་ནས་འགྲོ་ཆོག ས་ཆ་གང་དུ་ཡིན་ཡང་འགྲིག་གི། ངོས་ཅི་འདྲ་ཞིག་དང་གྱང་ཇི་འདྲ་ཞིག་ཡིན་ནའང་་་ མཐུད་ངོས་སུ་བརྩིས་ཆོག བརྙན་ལེན་འཕྲུལ་འཁོར་འདིས་ག་དུས་ཡིན་ཡང་རང་གི་བྱ་འགུལ་ལ་མྱུལ་ཞིབ་བྱེད་ཀྱི་ཡོད། ལག་པས་ག་རེ་བྱེད་ཀྱིན་ཡོད་ཀྱང་་་ ཁོས་ཚང་མ་རྟོགས་སྲིད། ད་དུང་ཁྲ་སྨྱུག་དེ་ཚོར་གཟིཊ་དང་་་ དེ་ཚོ་ནི་ང་ཚོས་སྔོན་དུས་སུ་བཀོལ་སྤྱོད་བྱས་ཀྱི་ཡོད། གྱང་གང་འདྲ་ཞིག་ཡིན་ཡང་དེའི་ཐོག་ལ་རིས་མོ་འབྲི་ཐུབ། གྱང་མདུན་དུ་ལང་ནས་རི་མོ་འབྲི་ཆོག ང་ཚོས་མཛུབ་མོ་རྐང་གཅིག་ལ་མྱུལ་ཞིབ་བྱེད་ཐུབ་པ་མ་ཟད་་་ ཁྱོད་ཀྱིས་ལག་པ་གཉིས་ཀས་འགུལ་བ་ལའང་དཔྱད་ནུས། དེར་རྟེན་ལག་གཉིས་ཀྱི་སོར་མོས་བཙིར་འཐེན་བྱེད་ནས་་་ ཆེ་གཏོང་དང་ཆུང་གཏོང་བྱ་ཐུབ། བརྙན་ལེན་འཕྲུལ་འཁོར་གྱིས་་་ བརྙན་པར་ཚང་མ་འདུ་གསོག་བྱེད་ཀྱི་ཡོད་པ་དང་་་ མུ་མཚམས་ངོས་འཛིན་དང་ཁ་མདོག་ངོས་འཛིན་ཡང་བྱེད་ཀྱི་ཡོད། བྱ་རིམ་ཆུང་ངུ་མང་པོ་ཞིག་འདིའི་ནང་འཁོར་སྐྱོད་བྱེད་བཞིན་ཡོད། ལག་རྩལ་ཐོག་རྙོག་འཛིང་ཏོག་ཙམ་ཡིན་མོད། འོན་ཀྱང་མི་རྣམས་ཀྱི་རང་བཞིན་ངང་སྤྱད་ཐུབ། དེ་བས་དགའ་ཚོར་སྐྱེས་དགོས་པ་ཞིག་ནི་འདི་ཕྱི་ལོག་ལ་ཁྱེར་ཆོག སྦ་ཁུག་ནང་ནས་པར་ཆས་གཏོན་མི་དགོས་པར་་་ པར་རྒྱག་པའི་ལག་བརྡ་ཞིག་བྱུང་ན་་་ འདིས་རང་ལ་པར་ཞིག་ལེན་ཐུབ། ( ཐལ་མོའི་རྡེབ་སྒྲ ) ཐུགས་ཆེ་གནང་། པར་བརྒྱབ་ཚར་རྗེས་ངས་གྱང་ཞིག་གང་བྱུང་དུ་བཙལ་ནས་་་ པར་འདི་ཚོ་ལ་ལྟ་བར་བྱས། དེ་མིན་ད་དུང་སྒྱུར་བཅོས་ཅུང་ཟད་གཏང་ནས་་་ གློག་འཕྲིན་བརྒྱུད་དེ་གྲོཊ་པོ་ཚོར་བསྐུར་འདོད། ང་ཚོས་རེ་འདོད་བྱེད་པ་ནི་རྩིས་བགྲང་དང་་་ དངོས་གཟུཊ་འཇིག་རྟེན་མཉམ་བསྲེས་ཀྱི་དུས་རབས་ཤིག་ཡིན། གལ་སྲིད་ཁྱོད་ལ་ངོས་ལེབ་མེད་ན་་་ ལག་མཐིལ་གྱིས་ཀྱང་བྱེད་ནུས་སྟབས་བདེ་དག་ཐག་གཅོད་བྱ་ཐུབ། ངས་འདི་གར་ལག་པ་ཁོ་ནས་ཁ་པར་བརྒྱག་ཆོག བརྙན་ལེན་འཕྲུལ་འཁོར་གྱིས་ལག་པའི་བྱ་འགུལ་ཤེས་ཐུབ་པ་མ་ཟད་་་ ད་དུང་་་ རང་གི་ལག་པར་གང་ཞིག་ཉར་ཡོད་པ་ཧ་གོ་ཡི་ཡོད། ང་ཚོས་ད་ལྟ་བྱེད་བཞིན་པ་ནི་་་ དཔེ་ཞིག་བཞག་ན་འདི་གར་་་ དེབ་འདིའི་ཁ་ཤོག་དང་་་ སྐུད་ཐོག་གི་དེབ་ཁྲི་ཚོ་མང་པོའི་ཁ་ཤོག་དང་གཤིབ་བསྡུར་བྱེད་བཞིན་་་ དེབ་འདི་ནི་ག་འདི་ཡིན་པར་འཚོལ་ཞིབ་བྱེད་ཀྱིན་ཡོད། གྲངས་གཞི་བཙལ་ཐུབ་མ་ཐག དེས་དེབ་འདིར་བཞག་པའི་དཔྱད་བརྗོད་མཐོང་ཐུབ། ཡང་མིན་ན་ནེའུ་ཡོག་དུས་ཐོག་ཚཊ་པར་ནང་སྒྲ་བཅས་གསལ་བཤད་ཅིག་ཡོད་ན་་་ རང་གིས་དངོས་གཟུཊ་དེབ་ནང་ནས་་་ སྒྲ་བཅས་གྱི་དཔྱད་བརྗོད་ཉན་ཐུབ། (ཧབོརྡ་སློབ་ཆེན་གྱི་འཆད་ཁྲིད་གྲགས་ཅན་་་) འདི་ནི་སྲིད་འཛིན་ཨོཔཱམ་གཟའ་འཁོར་སྔོན་དེར་MITལ་གསུང་བཤད་གནང་བ་དེ་རེད། (་་་ངས་ཆེད་མངཊ་ཐུཊ་རྗེ་ཆེ་ཞུ་དགོས་པ་ནི་MITཡི་ཕུལ་བྱུང་གི་་་) ངས་ཚཊ་པར་ཐོག་ཁོང་གི་གསུང་བཤད་ཀྱི་སྐབས་ཐོག་བརྙན་ཕབ་མཐོང་ཐུབ། རང་གི་ཚཊ་པར་གྱིས་འགུལ་རྣམ་ཅན་གྱི་གནམ་གཤིས་སྔོན་བརྡ་སྟོན་ཐུབ། གྲངས་གཞི་གསར་བརྗེ་བྱ་མི་དགོས། དེ་སྔོན་ཡིན་ན་་་ རྩིས་འཁོར་བཀོལ་ན་མ་གཏོཊ་བཙལ་ཁག་པོ་རེད། འདི་འདྲ་ཨེ་རེད། ( ཐལ་མོའི་རྡེབ་སྒྲ ) ང་རྒྱ་གར་དུ་ལོག་སྐབས་གནམ་གྲུའི་ཞུཊ་འཛིན་གདོན་པ་ཙམ་གྱིས་་་ རང་ཉིད་ཀྱི་འཕུར་ཐེངས་འདི་དུས་འགྱངས་བྱེད་ཡོད་མེད་ཤེས་ཐུབ། དུས་ཚོད་འདི་འདྲ་ཞིག་ལ་་་ ངས་ཀུ་ཤུའི་ཁ་པར་ཕྱེ་བར་མ་འདོད་ལ་་་ བྱེད་ནུས་ཀྱི་རྟཊ་རིས་ག་གེ་མོ་ཞིག་ལའང་མནན་བདམས་བྱས་པ་འདོད། ལག་རྩལ་འདིས་ཐབས་ལམ་བསྒྱུར་ཐུབ་པ་དང་་་ ངོ་མ་ཡ་་་( དགོད་སྒྲ ) འདི་བཞིན་ང་ཚོའི་མི་དང་འབྲེལ་གཏུག་གི་ཐབས་ལམ་ཡང་བསྒྱུར་ནུས། འདི་ནི་དངོས་གཟུཊ་ཀྱི་འཇིག་རྟེན་གཅིག་བུའི་ནང་མིན། ངས་པོསིཏོན་གྱི་ས་འོག་ལྕཊ་ལམ་ནང་སྣང་བ་སྐྱིད་པོའི་ངང་་་ ཐེབས་པད་བརྩེས་པ་ཡིན། སའི་ངོས་ལ། གང་འདྲ་འདུག་གམ། ( དགོད་སྒྲ ) ལག་རྩལ་འདིའི་རིཊ་དང་དངོས་གཟུཊ་ཀྱི་འཚོ་བ་བསྲེས་ན་་་ བསམ་པའི་བཀོད་ཤུཊ་ནི་ང་ཅག་ཚོད་འཛིན་ཐུབ་པའི་་་ ནུས་སྟོབས་ཉག་གཅིག་ཡིན་པར་ང་རང་ལ་ཡིད་ཆེས་ཡོད། འོན་ཏེ་མི་མང་པོས་ཟེར་དོགས་ཁ་པོ་ནི་་་ ངའི་ལས་ཀ་དེ་དངོས་གཟུཊ་ཅ་དངོས་དང་འབྲེལ་བ་དེ་ཙམ་མེད་་་ ངའི་ལས་ཀ་ནི་རྩིས་བཤེར་དང་རྩོམ་སྒྲིག་སོཊ་ལྟ་བུ་ཡིན། འདི་ཚོའི་ཐོག་རང་གིས་ཐག་གཅོད་ཅི་ཞིག་བྱ་རྒྱུ་ཡིན། མི་མང་པོ་ཞིག་རབས་གསར་པའི་ངོས་ལེབ་རྩིས་འཁོར་་་ ཁྲོམ་རར་སྤེལ་བར་རེ་སྒུག་ནས་ཡོད། ད་སྒུག་སྡོད་པ་ལས་་་ དོན་དངོས་ཐོག་ངས་ཤོག་བུ་ལྷེབ་གཅིག་གིས་རང་ཉིད་ཀྱི་གཅིག་བཟོས་པ་ཡིན། ངས་བརྙན་ལེན་འཕྲུལ་འཁོར་ཏེ་་་ སྤྱིར་དྲ་རྒྱའི་བརྙན་ལེན་འཕྲུལ་འཁོར་ཡོངས་ལ་སྒྲ་དུང་བཅས་པས་་་ ངས་སྒྲ་དུང་འདིའི་ནང་ནས་མར་བཏོན་ནས་་་ ཧ་ལམ་་་ སྟེམ་ཚུལ་སྒྲ་དུང་ཞིག་བཟོས་པ་དང་་་ ཤོག་བུ་སྤྱིར་བཏང་ཞིག་ལ་སྟེམ་ལྕཊ་བརྒྱབ། ངས་ཤོག་བུར་རེག་ཐུག་བྱས་ཚེ་་་ རེག་པའི་སྒྲ་འདིས་རྩིས་འཁོར་ལ་བརྡ་གཏང་སྲིད། དོན་དངོས་ཐོག་བརྙན་ལེན་འཕྲུལ་འཁོར་གྱིས་ངའི་མཛུབ་མོའི་འགུལ་སྐྱོད་ལ་རྗེས་ཉུལ་བྱེད་ཀྱིན་ཡོད། འདི་མིན་གློག་བརྙན་ཡང་བལྟ་ཆོག ( དགོང་དྲོ་བདེ་ལེཊ། ངའི་མིང་ལ་རུསེལ་ཟེར་གྱི་ཡོད་་་) (་་་ང་ནི་རུ་ཚོཊ་ ༥༤ ཡི་ས་རྒོད་མྱུལ་དཔྱད་པ་ཞིག་ཡིན། ) འདི་བཞིན་རྩེད་མོ་བརྩེ་ཆོག་སྟེ་་་ ( རླངས་འཁོར་སྒུལ་འཁོར་གྱི་སྐད་སྒྲ ) བརྙན་ལེན་འཕྲུལ་འཁོར་གྱིས་རང་གི་ཤོག་བུའི་འཛིན་ཕྱོཊ་ཤེས་ཐུབ་པས་་་ ད་ལྟ་གཞི་ནས་འགྲན་འཁོར་གྱི་རྩེད་མོར་རོལ་ནུས། ( ཐལ་མོའི་རྡེབ་སྒྲ ) ཡང་མི་མང་ཤས་ཤིག་གིས་བཤར་ལྟ་བྱ་རྒྱུ་ཡིད་ལ་འཁོར། ད་ག་རེད། དྲ་ཚིཊ་ཅི་ཞིག་ཡིན་རུང་བཤར་ལྟ་བྱེད་ཐུབ་པ་ཏན་ཏན་རེད། དེ་བས་ད་དུང་ཤོག་བུའི་སྒང་རྩིས་མི་འདྲ་རྒྱག་པ། དགོས་མཁོ་ཡོད་པའི་ས་ཆ་གང་འདྲ་ཞིག་ལ་ཡིན་ཡང་། དེ་ལས་དགའ་འོས་པ་ཞིག་ནི་་་ ངས་བྱེད་ནུས་འདི་དེ་བས་འགུལ་རྣམ་རང་བཞིན་ལྡན་པ་ཞིག་ཏུ་བཟོ་འདོད། ཅོག་ཙེའི་འགྲམ་ལ་ལོག་ནས་ཆ་འཕྲིན་ཞིག་ཟིན་ཏེ་་་ ངའི་རྩིས་འཁོར་གྱི་བརྙན་ཡོལ་སྒང་ལ་བཞག་པས་་་ ངས་ད་གཟོད་རང་ཉིད་ཀྱི་ཅོག་ངོས་རྩིས་འཁོར་བེད་སྤྱོད་བྱེད་ཐུབ། ( ཐལ་མོའི་རྡེབ་སྒྲ ) རྩིས་འཁོར་ཡིན་གཅིག་དགོས་སམ། ཤོག་བུའང་གནག་པོ་ཡོད་རེད། ཤོག་བུའི་འཇིག་རྟེན་ནི་ཆོབ་ཚ་པོ་ཡོད་དེ་་་ ངས་ཡིག་ཆ་འདིའི་ཆ་ཤས་ཤིག་་་ ས་འདིར་བཞག་ནས་ཆ་ཤས་གཉིས་པར་བརྩིས་ཏེ་་་ འདི་གར་ཡོད་པའི་ཆ་འཕྲིན་་་ བསྐྱར་བཅོས་བྱེད་བཞིན་ཡོད། འོ་ཡ་་་དེ་རྗེས་ངས་ཡག་པོ་བྱུང་་་ ང་རང་ལ་ལྕཊ་པར་བརྒྱབ་པ་ཞིག་དགོས་ཞེས་བཤད། འདི་ན་པར་ཐེབས་ཡིག་ཆ་ཞིག་བྱུང་། ལས་ཀའི་བྱ་རིམ་འདི་ནི་ང་ཚོས་སྤྱད་པའི་ཐབས་ཚུལ་ལས་དེ་བས་མི་གཤིས་དང་མཐུན་པ་ཞིག་གོ ། ལོ་ཉི་ཤུའི་སྔོན་གྱི་ལས་སྟངས་དང་འདྲ་པོ་ཡོད་པ་ལས་་་ ད་ལྟ་ནང་བཞིན་འཇིག་རྟེན་གཉིས་ནང་བརྗེ་རེས་མི་དགོས། མཐའ་མར་་་ ངའི་སེམས་ནང་ཆ་འཕྲིན་དང་གཟུང་ཡུལ་ཀུན་ཟླ་སྒྲིལ་བྱས་ན་་་ ཨང་ཀིའི་ཧང་ཟོམ་བསལ་ཐུབ་པ་མ་ཟད་་་ འཇིག་རྟེན་འདི་གཉིས་བར་གྱི་སྲུབས་ཀའང་བསུབ་ནུས་པ་དང་་་ ད་དུང་ང་ཚོའི་མི་གཤིས་་་ བོར་བརླག་མ་སོང་བར་་་ དངོས་གཟུཊ་འཇིག་རྟེན་བར་གྱི་འབྲེལ་བ་ནི་དེ་བས་དམ་དུ་འགྲོ་རྒྱུར་རོཊ་རམ་བྱ་ཐུབ། མཐའ་མར་ང་ཚོ་ནི་འཕྲུལ་འཁོར་མདུན་དུ་བསྡད་པའི་་་ འཕྲུལ་འཁོར་གཞན་ཞིག་ཏུ་མི་འགྱུར་བར་རོཊ་གདེག་ཀྱང་ཐུབ་བོ། ། འདི་ག་རང་ཡིན། ཐུགས་ཆེ་གནང་། ( ཐལ་མོའི་རྡེབ་སྒྲ ) ཐུགས་ཆེ། ( ཐལ་མོའི་རྡེབ་སྒྲ ) ཁརིསི་ཨནྡེརསོན་ན་རེ། ཡ་་་པྲཱནབ་་་ དང་པོ། རང་ངོ་མ་ལྷན་སྐྱེས་ཀྱི་རིག་པ་ཅན་ཞིག་རེད་འདུག གསར་གཏོད་འདི་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་འདུག ད་རང་གང་འདྲ་བྱ་རྩིས་ཡོད། མཐུན་གཉེར་ཁང་ཞིག་འཛུཊ་འདོད་དམ། ཡང་མིན་ན་མུ་མཐུད་ཞིབ་འཇུག་བྱེད་པའམ་འདི་མིན་གྱི་འཆར་གཞི་གཞན་ཡོད་དམ། པྲཱནབ་མིསིཐྲི་ན་རེ། མཐུན་གཉེར་མང་པོ་ཞིག་་་ Medi L b ཡི་རྒྱབ་སྐྱོར་པ་ཡིན། ཁོ་ཚོ་ནི་ཐབས་ཤེས་གཞན་ཞིག་སྤྱད་ནས་མུ་མཐུད་ཞིབ་འཇུག་བྱེད་པར་མོས་པ་ཆེན་པོ་ལྡན། དཔེར་ན་འགུལ་འཕྲིན་གཉེར་སྐྱོང་མཐུན་གཉེར་དང་་་ རྒྱ་གར་གྱི་གཞུང་མིན་ལས་ཁུངས་ཀྱི་སྤྱོད་སྟངས་ནི་མི་འདྲའོ། ། ལས་ཁུངས་འདི་ཚོས་བྱས་ན་དབང་པོ་ཨང་དྲུག་པ་ལས་མེད་པ་ཅི་ཡིན་་་ ང་ཚོས་ད་དུང་དབང་པོ་སྐྱོན་ཅན་རྣམས་ལ་དབང་པོ་ཨང་ལྔ་པ་མཁོ་འདོན་བྱ་དགོས། དཔེར་ན་སྨྲ་བཤད་ཀྱི་དབང་པོ་ཉམས་པ་ཅན་གྱིས་་་ ལག་རྩལ་འདིར་རྟེན་ནས་ཐབས་ཚུལ་གཞན་ཞིག་ནས་སྐད་ཆ་ཤོད་ཐུབ། རྒྱང་བསྒྲག་ཅིག་སྒྲིག་སྦྱོར་བྱེད་ན་འགྲིག C : རང་གི་འཆར་གཞི་གང་ཡིན། MITལ་སྡོད་དམ་་་ ཡང་མིན་ན་ལས་གཞི་འདིའི་ནང་ཞུཊ་ཀྱི་ཡིན། PM: ངས་ད་ལྟ་ལག་རྩལ་འདི་ཁྱབ་དེ་བས་ཆེ་བའི་ངང་བེད་སྤྱོད་བྱེད་པར་འབད་པ་བྱེད་ཀྱིན་ཡོད་པ་ནི་་་ ཚང་མས་རང་ཉིད་ཀྱི་༼ དབང་པོ་ཨང་དྲུག་པ ༽ཡི་སྒྲིག་ཆས་གསར་བཟོ་ཐུབ་པིའ་ཆེད་དུ་ཡིན། མཁྲེཊ་ཆས་ནི་དོན་དངོས་ཐོག་བཟོ་ཁག་པོ་མེད། སོ་སོས་བཟོས་ཀྱང་ལས་སླ་པོ་རེད། ང་ཚོས་ཁོང་ཚོར་རྒྱ་གྲོལ་ཁུངས་ཨང་མཉེན་ཆས་ (ཁུངས་གྲོལ་མཉེན་ཆས) མཁོ་འདོན་བྱ་རྒྱུ་ཡིན། ཕལ་ཆེར་ཟླ་བ་རྗེས་མར་གྲུབ་སྲིད། C : ཁུངས་ཨང་རྒྱ་དགྲོལ་བྱ་རྒྱུ་ཡིན་ནམ། ཨ་ཙི། ( ཐལ་མོའི་རྡེབ་སྒྲ ) C : རང་རྒྱ་གར་ལ་ལོག་རྗེས་འཆར་གཞི་འདི་ཚོ་སྤེལ་གྱི་ཡིན་ནམ། PM: ཡིན་ཡིན་་་ཏན་ཏན་ཡིན། C : རང་གི་འཆར་གཞི་གང་ཡིན། MITལ་ཡིན་ནམ། ཡང་མིན་ན་རྒྱ་གར་ལ་ཡིན། མ་འོངས་ལ་དུས་ཚོད་ཇི་ལྟར་བགོ་བསྒྲིག་གམ། PM: འདི་གར་ནུས་སྟོབས་འབོར་ཆེན་ཞིག་གནས་པ་དང་སློབ་སྦྱོང་བྱ་ཡུལ་ཡང་མང་པོ་ཞིག་ཡོད། རང་གིས་མཐོང་བ་ཚང་མ་ང་རང་གིས་་་ རྒྱ་གར་ལ་བསྡད་དུས་སྦྱངས་པ་ཤ་སྟག་ཡིན། མ་གནས་ཕན་འབྲས་ཕྱོཊ་ནས་བལྟས་ན་་་ མ་ལག་འདི་ནི་ཨ་སྒོར་ ༣༠༠ ལས་མི་དགོས། ཨ་སྒོར་ཁྲི་ ༢ ཀྱི་ཅོག་ངོས་རྩིས་འཁོར་དང་གཤིབ་བསྡུར་བྱེད་ན། ཡང་ན་ཨ་སྒོར་ ༢ ཀྱི་ཙི་གུའི་ལག་བརྡའི་མ་ལག་ནི་་་ དེ་སྔོན་སྤྱིར་བཏང་ཨ་སྒོར་ ༥༠༠༠ ཙམ་ཡིན་གྱི་རེད། ཡུན་རིང་མ་སོང་གོང་ངས་ཅ་ལག་འདི་་་ རྒྱ་གར་གྱི་སྲིད་འཛིན་ལ་བསྟན་པ་ཡིན། ཁོང་གིས་ང་ཚོས་མ་རྡུལ་ཞིབ་འཇུག་ཁང་ནང་་་ ལག་རྩལ་འདིར་རྟེན་ནས་ཞིབ་འཇུག་འགའ་ཞིག་གྲུབ་དགོས་གསུངས། ང་རང་ནི་ལག་རྩལ་འདི་ཚོ་མང་ཚོཊ་ཁྲོད་ཁྱབ་གདལ་གཏང་རྒྱུར་རེ་དད་ཆེ་བ་ལས་་་ ཚོད་ལྟ་ཁང་ནང་ཉར་འཇོག་བྱེད་པར་མ་འདོད། ( ཐལ་མོའི་རྡེབ་སྒྲ ) C : ང་ཚོས་ TED ནང་ཕྲད་ཟིན་པའི་མི་མང་པོ་ཞིག་ལ་གཞིཊ་ན་་་ ངས་ཟེར་ཆོག་ཆོག་ནི་རང་ངོ་མ་འཛམ་གླིང་འདིའི་་་ གསར་གཏོད་པ་རྩེར་སོན་གཉིས་གསུམ་ཙམ་གྱི་ནང་གི་གཅིག་རེད་འདུག ཁྱོད་རང་འདི་གར་གདན་དྲངས་ཐུབ་པར་ TED ཡི་གཟི་བརྗིད་ཡིན། ངོ་མ་བཀའ་དྲིན་ཆེའོ། ། དངོས་གནས་ངོ་མཚར་ཡ་མེད་རེད་འདུག ( ཐལ་མོའི་རྡེབ་སྒྲ )