སྤྱིར་བཏང་ནས་ང་ཚོས་རྩི་བསྡད་ཡག་གི་རྒྱུ་རྐྱེན་ཞིག་གམ་ ཡང་ན་རྒྱུ་ཁྱད་པར་བ་མནའ་འབྲེལ་བྱེད་ཡག་གི་ལམ་ལུགས་དེས་དམག་ཆེན་དང་པོ་དེ་ ལྷོ་ཤར་ཡོ་རོབ་ནང་ཁུལ་གྱི་རྩོད་རྙོག་གི་ཚབ་ལས་ འཛམ་བུའི་གླིང་གི་དམག་གི་རྣམ་པར་འགྱུར་བའི་རྐྱེན་བྱས་པ་རྩི་བགྱི་ཡོད། འཛམ་བུའི་གླིང་གི་དམག་གི་རྣམ་པར་འགྱུར་བའི་རྐྱེན་བྱས་པ་རྩི་བགྱི་ཡོད། དེའི་སྐོར་ཤེས་པ་ལ་འདིར་ངས་མནའ་འབྲེལ་ལམ་ལུགས་ཀྱི་ཤོག་ཁག་སྡེ་ཚན་གསལ་ཁ་་བཟོས་ཡོད། འདི་ནི་གསལ་ཁ་བཟོས་བཞག་པའི་རྣམ་པ་ཞིག་ཡིན། དེར་མནའ་འབྲེལ་ལམ་ལུགས་གཞན་པ་མང་པོ་ཡོད་པ་དེ་དངོས་སུ་མིན་པར་སྐོར་ནས་འབྲེལ་བ་ཡོད་པ་བྱུང་ ཡོད། ཡིན་ན་ཡང་འདིར་ངས་གསལ་ཁ་བཟོས་བཞག་པའི་མནའ་འབྲེལ་ནི་ ༡༩༡༤ ལ་ དེ་འདྲའི་འབྲེལ་བ་དངོས་སུ་བྱུང་བའི་ཌོ་མི་ནོ་ལྟ་བུ་གཅིག་ལྷུང་བ་ན་ ཐམས་ཅད་ལྷུང་བའི་མནའ་འབྲེལ་གྱི་སྐོར་ཡིན། དེས་གཞི་རྐང་ནས་ཡོ་རོབ་ཕན་ཚུན་གྱི་དམག་ལ་ཁྲིད་པ་རེད། དེར་བརྟེན་དེ་མཁྱེན་པ་ལ་ང་ཚོས་ལོ་ ༧༥ རྒྱབ་ཤིག་རྒྱབ་དགོས། སོང་ཙང་དམག་ཆེན་དང་པོ་དེ་ ༡༩༡༤ ལ་འགོ་འཛུགས་པ་རེད། ལོ་ ༧༥ གོང་ལ་ཕྱི་ལོ་ ༡༨༣༩ ནང་ལ་ལན྄་ཌོན་གི་ ཆིངས་ཡིག་དེ་ཡོད་པ་དང་ ལན྄་ཌོན་གྱི་ཆིངས་གིས་མང་པོ་ཞིག་བྱས་ཡོད། ཡིན་ན་ཡང་དོན་ཚན་ ༧ ནི་ དམག་ཆེན་དང་པོ་འགོ་འཛུགས་པའི་སྐབས་དོན་དང་འབྲེལ་བ་ཡོད། དེར་དབྱིན་ཇིས་ བེལ་ཇེམ་གྱི་བར་གནས་ཀྱི་རང་བཞིན་སྐྱོབ་པ་ལ་མོས་མཐུན་བྱས་ཡོད། གལ་ཏེ་ཁྱེད་རང་དོགས་པ་ཅན་ཡིན་ན་ “ ཨ་རོ། འདི་ལོ་ ༧༥ བྱས་པའི་ཆིངས་ཡིག་རེད། ག་རེ་བྱས་ནས་ ད་དུང་འདི་གལ་ཆེན་པོ་རེད།” ལབ་མདོག་ཁ་པོ་རེད། དེ་དངོས་གནས་བྱས་ན་དྲི་བ་ཡག་པོ་ཞིག་རེད། དངོས་གནས་མནའ་འབྲེལ་ལམ་ལུགས་དེ་ཚོ་ཚོར་བ་སྐྱེན་པོའི་རྩོད་པ་ཞིག་ལ་རྩི་ཆོག།། དཔེར་ན་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་གཞན་ལ་དམག་གི་ཁྱབ་བསྒྲགས་བྱེད་པ་ལ་ འདིས་དངོས་སུ་རྒྱུ་བྱེད་ཀྱི་ཡོད་མེད་དང། ཡང་ན་འདི་ཚོ་ཁག་འདོགས་ས་ཙམ་དུ་ཡིན་མིན་ལ་རྩོད་ཆོག།། དཔེར་ན་ “ ད་ངས་དམག་གི་ཁྱབ་བསྒྲགས་བྱེད་དགོས་ཀྱི་འདུག།” ཅེས་ཟེར། དོན་དངོས་ལ་ཁོང་ཚོས་ དམག་གི་ཁྱབ་བསྒྲགས་བྱེད་པ་ལ་རྒྱུ་མཚན་མང་པོ་ཡོད། དཔེར་ན་གཞན་གྱི་རྒྱལ་ཁམས་་ཉར་བ་དང་དོ་དམ་བྱེད་པ་དང་དམག་གི་ནུས་པ་སྟོན་པ་དང་ དེ་ཚོའི་རྒྱལ་ཁམས་ནང་གི་ས་ཁུལ་མང་ང་ཐོབ་པའི་ཆེད་དུ་འགྲོ་བ་ཡང་ཡོད། འདི་འདྲ་ཡིན་པ་སུས་ཤེས་ཀྱི་རེད། ཡིན་ནཡང་ ༡༨༣༩ ཡི་ཆིངས་ཡིག་ནི་ དབྱིན་ཇིའི་རྒྱལ་ཁམས་ཀྱིས་ བེལ྄་ཇེམ་སྲུང་སྐྱོབ་བྱེད་ཡག་ཆེད་དུ་ ཁྲིམས་མཐུན་གྱི་གཞི་རྟེན་ཞིག་ཡིན་པ་གསལ་ཐག་ཆོད་རེད། ད་ ལོ་བཞི་བཅུ་མདུན་མཆོང་རྒྱབ་ན་ཁྱེད་རང་ ༡༨༧༩ ལ་བསླེབ་ཀྱི་རེད། འདིར་ཁྱེད་རང་ལ་ ༡༨༧༡ ནང་ལ་ ཕ྄རན྄་ཀོ་ པ྄རུ་སི་ཡེན་གྱི་དམག་ལས་ གསར་དུ་སྐྱེས་པའི་ཇར྄་མན་གྱི་རྒྱལ་ཁམས་དེ་ གཞི་རྐང་ནས་རྒྱ་སྐྱེད་བཏང་བའི་ པ྄རུ་སི་ཡ་ ཞིག་ཡིན། གཞི་རྩ་ནས་ ཇར྄་མན་གྱི་རྒྱལ་པོའི་ཁབ་ཅིག་ཡིན། ཁོང་ཚོས་ ཕ྄རན྄ས྄་མཉམ་དུ་དམག་རྒྱབ་ཙམ་ལ། ཁོང་ཚོས་ ཕ྄རན྄ས྄་ ནས་རིན་ཐང་ཅན་གྱི་ས་ཁུལ་ཁག་ལེན་པ་ཡིན། ཁོང་ཚོ་གཞན་ཀྱིས་ཚུར་ལ་གནོད་པ་བྱེད་པའི་དོགས་པ་ཚ་བོ་ཡོད། ཁོང་ཚོས་ཕ྄རན྄ས྄་ཀྱིས་ཚུར་ལ་དགྲ་ལན་སློག་འདོད་ཡོད་རེད་བསམ་གྱི་ཡོད། ཁོང་ཚོས་ ཨུ་རུ་སུ་ལ་དོགས་པ་བྱེད་ཀྱི་ཡོད། ཁོང་ཚོ་ ཨཽས྄་ཊོ་རི་ཡེན་ ཡང་ན་ ཨཽས྄་ཊ྄རོ་-ཧེང་གེ་རི་ཡེན་མཉམ་དུ་འབྲེལ་ལམ་ཡོད། ༡༨༧༩ ལ་ཁོང་ཚོས་གལ་ཏེ་ཨུ་རུ་སུས་འཐབ་རྒོལ་བྱས་ན་ཇར་མེ་ནི་ དང་ ཨཽས྄་ཊ྄རོ་-ཧེང་གེ་རི་ཡེན་ ཕན་ཚུན་སྲུང་སྐྱོབ་བྱེད་བྱེད་ཡག་གི་ཆེད་དུ་མཐུན་གྲོས་མཆིན་ཡིག་ལ་མཚན་རྟགས་རྒྱབ་པ་ཡིན། འདིར་ ཨུ་རུ་སུ་འདི་ཁོང་ཚོའི་ཐུན་མོང་གི་དགྲ་ཞིག་ཡིན། མཚོན་མདོག་གཞན་པ་ཞིག་བེད་སྤྱོད་བྱེད་ཆོག་པ་ཅིག། ཁོང་ཚོས་ཕན་ཚུན་གཅིག་གི་གཅིག་ལ་སྲུང་སྐྱོབ་བྱེད་ཀྱི་རེད། འདིས་ཡོ་རོབ་ནང་ལ་ཇར་མན་གྱི་རྒྱལ་ཁམས་ཀྱི་གནས་སྟངས་ལ་ལྷོད་པོ་ཡོང་བར་བྱས་ཡོད། གལ་སྲིད་ཕ྄རན྄ས྄་ ཡང་ན་ ཨུ་རུ་སུས་ཚུར་དམག་རྒྱབ་ན་ ཁོང་ཚོ་གྲ་སྒྲིག་ཡོད། དེ་ནས་ ༡༨༩༢ ནང་ལ་ དཔེར་ན། ཁྱེད་རང་གི་བློ་ལ་འཆར་བ་བྱེད་དང་། གལ་ཏེ་ཁྱེད་རང་གིས་ག་དུས་ཡིན་ན་ཉེན་ཁའི་རྩེད་མོ་རྩེ་བ་ཡང་ན་ཐབས་བྱུས་ཀྱི་རྩེད་མོ་རྩེ་བ་ ཐམས་ཅད་དམག་ཆེན་དང་པོའི་ནང་ལ་ག་རེ་བྱུང་བ་དེར་གཞིར་བཞག་ཡོད། གལ་ཏེ་ཁྱེད་རང་དམག་ལ་ཡོད་དུས་གྲོགས་པོ་འཚོལ་ཡག་འགོ་འཛུག་གི་རེད། གལ་ཏེ་གཞན་གྱིས་ཁྱེད་རང་སྒང་ལ་དམག་གི་ཁྱབ་བསྒྲགས་བྱས་ན། རོགས་པ་གཞན་པ་རག་ཡག་འདོད་པ་ཡོང་གི་རེད། མནའ་འབྲེལ་གཞན་པ་ཁྱེད་རང་གིས་འཛུག་གི་རེད། སོང་ཙང་། ༡༨༩༢ ལ་ཕ྄རན྄ས྄་དང་ཨུ་རུ་སུའི་དབར་མནའ་འབྲེལ་བྱུང་ཡོད། དེའི་མིང་ལ་ ཕརན྄ཀོ་ - ཨུ་རུ་སུའི་དམག་གི་གྲོས་མཐུན་ཟེར་གྱི་ཡོད། མདོག་དམར་སྨུག་འདི་བེད་སྤྱོད་གཏོང་ཆོག་པ་ཞིག། ཁྱེད་རང་ལ་ ཕ྄རན྄ས྄་ ཕ྄རན྄ས྄་ དང་ ཨུ་རུ་སུའི་དབར་ལ་མནའ་འབྲེལ་ཞིག་ཡོད། མཐའ་མར་སྤྱི་ལོ་གཅིག་སྟོང་དགུ་བརྒྱའི་འགོ་སྟོད་ ༡༩༠༤ ནས་ ༡༩༠༧ ལ་ རིམ་པ་བསྟར་ཆགས་ཀྱི་གྲོས་མཐུན་བཞག་པ་བྱུང་ཡོད། དེ་ལ་ (ཨཽན྄་ཊན྄ཊ྄་) མཛའ་མཐུན་གྱི་འབྲེལ་བ་ཟེར། དོན་དངོས་ལ་གྲོས་མཐུན་ཞིག་ཡིན། དབྱིན་ཇིའི་རྒྱལ་ཁམས་དང་ཕ྄རན྄ས྄འི་རྒྱལ་ཁམས་དབར་གྱི་གྲོས་མཐུན་དང་། དབྱིན་ཇིའི་རྒྱལ་ཁམས་དང་ཨུ་རུ་སུའི་རྒྱལ་ཁམས་དབར་གྱི་གྲོས་མཐུན་ བཞག་པ་དེ་གཞི་རྐང་ནས་ཕན་ཚུན་འབྲེལ་བ་ཡག་པོ་ཡོང་ཡག་གི་ཆེད་དུ་ཡིན། འདི་ཚོ་རྒྱས་སྤྲོས་ལྡན་པའི་ཆིངས་ཡིག་གམ་དམ་བཅའ་དང་ཁ་དན་ཟིན་པའི་འབྲེལ་བ་ཞིག་མིན། དཔེར་ན་ “ཨ་རོགས། གལ་ཏེ་སུས་ཁྱེད་རང་ལ་འཐབ་རྒོལ་བྱས་ན་ངས་ཁོང་ཚོ་ལ་དམག་རྒྱབ་ཀྱི་ཡིན།’’ ཟེར་བ་ལྟ་བུ་མིན། ཡིན་ན་ཡང་དེ་དུས་ཁོང་ཚོས་ནང་གི་གནད་དོན་མང་པོ་ཞིག་གཞན་གྱི་རྒྱལ་ཁམས་ཀྱི་དབང་སྒྱུར་འཕོ་ འགྱུར་ལ་དཔགས་ནས་ གལ་འགངས་ཆེན་པོའི་ཐོག་ནས་སེལ་ཐུབ་ཀྱི་ཡོད། ཨ་ནི། ཁོང་ཚོས་སུམ་སྒྱུར་ཅན་གྱི་མཛའ་མཐུན་གྱི་འབྲེལ་བ་ཡང་ན་སུམ་སྒྱུར་ཅན་གྱི་གྲོས་མཐུན་ ཟེར་བ་ཞིག་ དབྱིན་ཇི་ དབྱིན་ཇིའི་རྒྱལ་ཁམས་དང་ ཕ྄རན྄ས྄འི་དབར། ཕ྄རན྄ས྄་ དང་ ཨུ་རུ་སུའི་དབར་བསྒྲུབས་ཡོད། གཞོགས་གཞན་ལ་སུམ་སྒྱུར་ཅན་གྱི་མནའ་འབྲེལ་ཡོད། ཇར་མ་ནི། ཨཽས྄་ཊ྄རི་ཡ་-ཧང་གེ་རི་། ཨ་ནི། ཨི་ཊ་ལི་བཅས་ཡོད། དམག་ཆེན་དང་པོ་སླེབས་པའི་སྐབས་ལ། ཐ་ན་ ཨི་ཊི་ལི་ སྔོན་མར་སུམ་སྒྱུར་ཅན་གྱི་མནའ་འབྲེལ་གྱི་ཆ་ཤས་ ཤིག་ཡིན་པ་དང་ དེ་དུས་ ཨི་ཊ་ལི་ དང་ ཇར་མ་ནི་ དབར་ལ་སུམ་སྒྱུར་ཅན་གྱི་མནའ་འབྲེལ་གྱི་ ཆ་ཤས་སུ་འགྱུར་པ་ལ་གྲོས་མཐུན་རྣམས་བཞག་ཡོད་ཀྱང་། དམག་འགོ་འཛུགས་ཚར་དུས་ ཨི་ཊ་ལི་ ཇར་མ་ནི་ དང་ ཨཽས྄་ཊ྄རི་ཡ་-ཧང་གེ་རིའི་ཕྱོགས་བྱས་མེད། དེ་ལས་ལྡོག་སྟེ་ ཕ྄རན྄་ཀོ་-ཨུ་རུ་སུའི་ཕྱོགས་བྱས་པ་ཡིན། འདིས་ལྷོ་ཤར་ཡོ་རོབ་ནང་ལ་མངའ་ཁུལ་གྱི་ དམག་འཐབ་ཆུང་ཙག་དེ་ཡོ་རོབ་ཆ་ཚང་གི་དམག་གི་རྣམ་པ་དང་ མཐའ་མར་འཛམ་བུའི་གླིང་གི་དམག་གི་རྣམ་པ་ག་འདྲས་གྱུར་བའི་རྒྱབ་ལྗོངས་སྟོན་གྱི་ཡོད།