1 00:00:08,380 --> 00:00:09,561 བཀའ་དྲིན་ཆེ། 2 00:00:16,270 --> 00:00:21,200 རྒྱ་གར་ན་རྒྱལ་བོ་མིང་ལ་མ་ཧ་ར་ཇ་ཟེར་བ་ཞིག་ཡོད་པ་རེད། ཁོང་གི་སྐྱེས་སྐར་སྐབས་སུ་ 3 00:00:21,200 --> 00:00:24,200 ཚོ་དཔོན་རྣམས་ལ་རྒྱལ་བོ་རང་ལ་འཚམ་པའི་ལེགས་སྐྱེས་ཤིག་འབུལ་དགོས་ཞེས་བཀའ་ཕབ། 4 00:00:24,400 --> 00:00:28,370 ལ་ཤས་ཀྱིས་གོས་ཆེན་བཟང་ཤོས་བསྣམས་ཡོང་། ལ་ཤས་ཀྱིས་རལ་གྲི་རྩ་ཆེན་རེ་བསྣམས་ཡོང་། 5 00:00:28,370 --> 00:00:29,490 ཡང་ལ་ཤས་ཀྱིས་གསེར་བསྣམས་ཡོང་། 6 00:00:29,490 --> 00:00:32,659 གྲལ་མཇུག་ན་གདོང་ཡོངས་གཉེར་མས་ཁེངས་པའི་རྒད་པོ་ཉམ་ཆུང་ཞིག་ཡོང་བཞིན་འདུག 7 00:00:32,659 --> 00:00:36,630 དེ་ནི་ལམ་ཐག་རིང་བའི་གྲུ་ལམ་བརྒྱུད་རང་གི་ཚོ་བ་ནས་ཉིན་ཞག་མང་པོར་ཡོང་བ་རེད། 8 00:00:36,630 --> 00:00:41,150 ཁོ་རྒྱལ་སྲས་ཀྱི་མདུན་དུ་ཐོན་པ་ན། སྲས་ན་རེ། "ཁྱོས་སྐྱེས་ཅི་ཞིག་རྒྱལ་བོ་ལ་འཁྱེར་ཡོང་ངམ།" ཞེས་དྲིས། 9 00:00:41,457 --> 00:00:44,750 རྒད་པོ་དེས་དལ་མོར་རང་གི་ལག་པའི་ཁ་ཕྱེས་ཏེ། 10 00:00:44,750 --> 00:00:49,600 ཧ་ཅང་ཡི་གར་འོང་བའི་འགྲོན་བུ་གློ་ཁ་དང་སེར་པོ། དམར་པོ་དང་སྔོན་པོ་འདྲེས་མའི་འཁྱུག་རིས་ཅན་ཞིག་བསྟན་པ་ན། 11 00:00:50,160 --> 00:00:51,380 ཡང་རྒྱལ་བོའི་སྲས་ན་རེ། 12 00:00:51,460 --> 00:00:54,400 "འདི་ནི་ཅི་ཞིག་ཡིན་ནམ། འདི་རྒྱལ་བོ་ལ་འབུལ་རྒྱུ་ཞིག་མ་རེད།"ཅེས་བཤད། 13 00:00:54,600 --> 00:00:57,400 རྒད་པོ་དེས་དལ་མོར་རྒྱལ་སྲས་ལ་ལྟ་ཞོར་བཤད་རྒྱུར་ 14 00:00:57,590 --> 00:01:00,750 "ལམ་ཐག་རིང་བོ་...ཡང་ལེགས་སྐྱེས་ཀྱི་ཆ་ཤས་ཤིག་ལོས་ཡིན།"ཞེས་བཤད། 15 00:01:01,060 --> 00:01:02,560 ༼དགོད་སྒྲ།༽ 16 00:01:02,900 --> 00:01:05,970 ཅུང་ཙམ་གྱི་རྗེས་ནས། ངས་ཁྱོད་ཚོར་ལེགས་སྐྱེས་ཤིག་འབུལ་རྒྱུ་ཡིན། 17 00:01:05,970 --> 00:01:08,270 ངས་བསམ་ན་ལེགས་སྐྱེས་འདི་ནི་བརྒྱུད་སྒྲོག་གི་རིན་ཐང་ལྡན་པ་ཞིག་ཡིན། 18 00:01:08,290 --> 00:01:10,050 འོན་ཀྱང་མ་བྱིན་སྔོན་ལ། ངས་ཁྱོད་ཅག་ལམ་ཐག་རིང་བའི་ 19 00:01:10,050 --> 00:01:11,960 ལྗོངས་རྒྱུ་ཞིག་ལ་འཁྲིད་ཆོག་པ་ཞུ། 20 00:01:12,160 --> 00:01:13,740 ང་རང་ཁྱོད་ཚོ་དང་འདྲ་བར་ 21 00:01:13,740 --> 00:01:15,320 ངས་ཀྱང་མི་ཚེ་འདི་བྱིས་པ་ཡིན་དུས་འགོ་བརྩམས་པ་རེད། 22 00:01:15,320 --> 00:01:17,460 ཁྱོད་ཚོ་ག་ཚོད་ཀྱིས་མི་ཚེ་བྱིས་པ་ཡིན་དུས་འགོ་བརྩམས་པ་ཡིན། 23 00:01:17,460 --> 00:01:18,510 སྐྱེས་དུས་ན་གཞོན་ཡིན་ནམ། 24 00:01:18,740 --> 00:01:20,500 ཁྱོད་ཚོའི་ཕྱེད་ཀ་ཡིན་རྒྱུ་ཨེ་རེད།...རེད་པ།... 25 00:01:20,570 --> 00:01:21,590 ༼དགོད་སྒྲ།༽ 26 00:01:21,820 --> 00:01:24,910 འཕྲོ་མ་རྣམས་ཅི་ཡིན། སྐྱེས་དུས་མི་རྒན་རེད་པཱ། 27 00:01:25,060 --> 00:01:27,640 ང་ཁྱོད་ཚོའི་ཨ་མར་ཐུག་ནས། 28 00:01:27,820 --> 00:01:29,460 དཔེ་མི་སྲིད་པའི་སྐོར་གླེང་འདོད། 29 00:01:30,560 --> 00:01:34,740 བྱིས་པ་ཡིན་དུས། ང་རང་ནམ་རྒྱུན་དཔེ་མི་སྲིད་པའི་དོན་རྣམས་སྒྲུབ་པར་སྤྲོ་བོ་ཡོད། 30 00:01:35,620 --> 00:01:38,880 དེ་རིང་ནི་ངས་ལོ་མང་པོར་རེ་སྙེག་བྱས་པའི་ཉིན་མ་ཞིག་ཡིན། 31 00:01:38,880 --> 00:01:41,000 ངས་དེ་རིང་དཔེ་མི་སྲིད་པའི་དོན་ཞིག་ 32 00:01:41,020 --> 00:01:43,620 ཁྱོད་ཚོའི་མིག་མདུན་ནས་བསྒྲུབ་ཨེ་ཐུབ་བལྟ་རྒྱུ་ཡིན། 33 00:01:43,620 --> 00:01:45,460 ཏག་ཏག་གནས་འདི་རུ། TEDxMaastricht རུ། 34 00:01:45,800 --> 00:01:48,160 ངས་འགོ་རྩོམ་རྒྱུ་ཡིན། 35 00:01:48,760 --> 00:01:50,880 དོན་དེ་ལྷང་ལ་ཕུད་དེ། 36 00:01:51,220 --> 00:01:52,640 ངས་ནི་ཁྱོད་ཚོ་ལ་ 37 00:01:52,640 --> 00:01:54,940 དཔེ་མི་སྲིད་པ་ནི་དཔེ་མི་སྲིད་པ་ཞིག་མིན་པ་དེ་ར་སྤྲོད་བྱེད་རྒྱུ་ཡིན། 38 00:01:55,300 --> 00:01:58,210 ད་རུང་ངས་བརྒྱུད་སྒྲོག་གི་རིན་ཐང་ཡོད་པའི་སྐྱེས་ཤིག་ཕུལ་ཏེ་མཇུག་བསྡུ་རྒྱུ་ཡིན། 39 00:01:58,210 --> 00:02:01,350 ངས་ཁྱོད་ཚོར་རང་གི་མི་ཚེའི་ནང་དཔེ་མི་སྲིད་པའི་དོན་རྣམས་བསྒྲུབ་ཐུབ་ཚུལ་སྟོན་རྒྱུ་ཡིན། 40 00:02:02,660 --> 00:02:05,420 ངས་དཔེ་མི་སྲིད་པ་ཞིག་སྒྲུབ་པར་ 41 00:02:05,420 --> 00:02:08,229 མིའི་རིགས་ཐུན་མོང་ལ་ལྡན་པའི་དོན་དག་གཉིས་ཡོད་པ་ཤེས། 42 00:02:08,229 --> 00:02:09,870 དེ་ནི་ཞེད་སྣང་ 43 00:02:09,870 --> 00:02:11,640 དང་ཕུགས་བསམ་གཉིས་རེད། 44 00:02:12,900 --> 00:02:17,560 ངས་ད་རུང་དཔེ་མི་སྲིད་པ་ཞིག་བསྒྲུབ་པར་དོན་གསུམ་ཡོད་པ་ཤེས། 45 00:02:17,560 --> 00:02:20,100 དེ་ནི་ངས་འདས་པའི་ལོ་མང་པོར་སྒྲུབ་པ་ཡིན་ལ། 46 00:02:20,110 --> 00:02:23,290 དེས་ང་ལ་དཔེ་མི་སྲིད་པ་ཞིག་སྒྲུབ་ཐུབ་པར་ངེས་ཤེས་སྐྱེས། 47 00:02:24,200 --> 00:02:26,900 དེ་ནི་ Dodgeball ཡང་ན་ཁྱོད་ཚོས་བཤད་བཞིན་པའི་ "Trefbal" རེད། 48 00:02:27,290 --> 00:02:28,360 མིའི་གནས་ཚད་ལས་འདས་པ་དང་ 49 00:02:28,460 --> 00:02:29,460 འབུ་སྦྲང་། 50 00:02:29,460 --> 00:02:30,810 འདི་གསུམ་ནི་ང་ཡི་གཙོ་ཚིག་གསུམ་ཡིན། 51 00:02:30,810 --> 00:02:33,500 ད་ནི་ཁྱོད་ཚོས་ངས་རང་གི་མི་ཚེའི་ནང་ཅིའི་ཕྱིར་དཔེ་མི་སྲིད་པ་ཞིག་སྒྲུབ་པ་རྟོགས་ཐུབ། 52 00:02:33,610 --> 00:02:36,220 དེ་བས་ངས་ཁྱོད་ཚོ་ལམ་ཐག་རིང་བའི་ལྗོངས་རྒྱུ་ལ་འཁྲིད་རྒྱུ་ཡིན། 53 00:02:36,320 --> 00:02:38,680 དེ་ནི་ཞེད་སྣང་ནས་ཕུགས་བསམ་དང་ 54 00:02:38,740 --> 00:02:40,980 ཐ་སྙད་ནས་རལ་གྲི། 55 00:02:41,160 --> 00:02:42,740 Dodgeball ནས་ 56 00:02:42,850 --> 00:02:44,020 མིའི་གནས་ཚད་ལས་འདས་པ་ནས་ 57 00:02:44,020 --> 00:02:45,340 འབུ་སྦྲང་བར་གྱི་བྱུང་བ་རེད། 58 00:02:45,800 --> 00:02:47,360 ངའི་རེ་བ་ནི་ཁྱོད་ཚོར་ 59 00:02:47,360 --> 00:02:49,900 ཇི་ལྟར་དཔེ་མི་སྲིད་པ་ཞིག་སྒྲུབ་ཐུབ་པ་་སྟོན་རྒྱུ་དེ་ཡིན། 60 00:02:52,480 --> 00:02:54,934 ༢༠༠༧ ལོའི་ཟླ་ ༡༠ ཚེས་ ༤ཉིན། 61 00:02:55,840 --> 00:02:58,120 ངའི་སྙིང་ཆུང་དྲག་ཏུ་ལྡང་ཞིང་། བྱིན་པ་འདར་སུག་སུག་བྱས། 62 00:02:58,120 --> 00:02:59,340 སྐབས་དེར་ང་རང་ཧ་བར་ཌི་གཙུག་ལག་སློབ་ཆེན་གྱི་ 63 00:02:59,340 --> 00:03:00,930 སན་ཌི་ཟློས་གར་ཁང་ 64 00:03:01,040 --> 00:03:03,240 གི་གར་སྟེགས་སུ་ 65 00:03:03,240 --> 00:03:06,160 ༢༠༠༧ ལོའི་ནོ་པེལ་གསོ་རིག་བྱ་དགའ་ལེན་དུ་སོང་། 66 00:03:06,160 --> 00:03:08,660 དེ་ནི་མཉམ་ཞུགས་ཀྱིས་བྲིས་པའི་གསོ་རིག་ཉམས་ཞིབ་དཔྱད་རྩོམ་ 67 00:03:08,660 --> 00:03:10,270 མིང་ལ་"རལ་གྲི་ཁྱུར་མིད་དང་... 68 00:03:10,420 --> 00:03:11,740 དེའི་ཞོར་སྐྱོན་སྐོར་" ཞེས་པ་དེ་རེད། 69 00:03:11,870 --> 00:03:13,275 ༼དགོད་སྒྲ།༽ 70 00:03:13,840 --> 00:03:17,880 དེ་དུས་དེབ་ཆུང་ཆུང་ཞིག་ཏུ་བཀོད། ངས་སྔོན་ལ་དུས་དེབ་དེ་རྩ་བ་ནས་བཀླགས་མྱོང་མེད། 71 00:03:18,460 --> 00:03:20,419 དེ་ནི་དབྱིན་ཇིའི་གསོ་རིག་གི་དུས་དེབ་ཅིག་རེད། 72 00:03:21,360 --> 00:03:24,740 ང་ལ་མཚོན་ན་དེ་ནི་དཔེ་མི་སྲིད་པའི་དོན་ཞིག་ལེགས་གྲུབ་བྱུང་བ་རེད། 73 00:03:24,900 --> 00:03:28,120 དེ་ནི་ང་ལྟ་བུ་ཞིག་ལ་རེ་བ་བྱས་མ་མྱོང་བའི་དོན་ཡ་མཚན་ཞིག་རེད། 74 00:03:28,130 --> 00:03:31,459 གཟི་བརྗིད་དེ་ངས་ནམ་ཡང་བརྗེད་མི་སྲིད། 75 00:03:31,459 --> 00:03:34,539 འོན་ཀྱང་དེ་ནི་ངའི་མི་ཚེ་ནང་གི་ཆེས་གླེང་རི་བའི་ཆ་ཞིག་མིན། 76 00:03:35,540 --> 00:03:37,640 ༡༩༦༧ ལོའི་ཟླ་ ༡༠ ཚེས་ ༤ལ། 77 00:03:38,020 --> 00:03:40,260 སྐྲག་ཐག་ཆོད་པ་དང་། ངོ་ཆུང་། ལུས་རིད་པ། ཉམ་ཐག་གི་བྱིས་པ་དེ་ 78 00:03:41,100 --> 00:03:43,120 ཞེད་སྣང་ཆེན་པོས་རབ་ཏུ་མནར། 79 00:03:43,460 --> 00:03:45,579 ཁོ་གར་སྟེགས་སྟེང་འབུད་གྲབས་བྱེད་སྐབས་ 80 00:03:45,579 --> 00:03:47,234 ཁོའི་སྙིང་ཆུང་ལུ་གུ་ལྡང་ལྡང་དང་ 81 00:03:47,500 --> 00:03:49,162 བྱིན་པ་དར་ལྕོག་གཡུག་གཡུག་བྱས། 82 00:03:49,780 --> 00:03:52,120 ཁོས་ཁ་གདངས་ཀྱང་ 83 00:03:56,490 --> 00:03:58,130 ངག་མ་འཁྲོལ། 84 00:03:58,130 --> 00:04:00,040 ཁོ་རང་འདར་ལྕུག་ལྕུག་ལངས་ཏེ་མིག་ཆུ་ལྷུང་། 85 00:04:00,630 --> 00:04:02,360 འཇིགས་སྐྲག་དང་ཞེད་སྣང་གིས་ 86 00:04:02,360 --> 00:04:03,760 རེངས་པོར་གྱུར། 87 00:04:03,960 --> 00:04:06,130 སྐྲག་ཐག་ཆོད་པ་དང་། ངོ་ཆུང་། ལུས་རིད་པ། ཉམ་ཐག་གི་བྱིས་པ་དེ་ 88 00:04:06,130 --> 00:04:08,142 ཞེད་སྣང་ཆེན་པོས་ཡོངས་སུ་མནར། 89 00:04:08,649 --> 00:04:10,330 ཁོ་རང་མུན་ནག་ལ་སྐྲག 90 00:04:10,520 --> 00:04:11,640 གཡང་གཟར་ལ་ཞེད། 91 00:04:11,640 --> 00:04:13,040 སྡོམ་དང་སྦྲུལ་ལ་སྐྲག 92 00:04:13,040 --> 00:04:15,140 ཁྱོད་ཚོའི་ནང་ན་སྡོམ་དང་སྦྲུལ་ལ་སྐྲག་ནི་ཨེ་ཡོད། 93 00:04:15,280 --> 00:04:16,660 རེད། འགའ་ཤས་ཡོད་ཀ... 94 00:04:16,660 --> 00:04:19,079 ཁོ་རང་ཆུ་དང་ཉ་ཆེན་ཤཱརྐ་ལ་སྐྲག 95 00:04:19,079 --> 00:04:21,939 སྨན་པ་དང་ནད་གཡོག སོ་ནད་སྨན་པ་རྣམས་ལ་སྐྲག 96 00:04:21,939 --> 00:04:24,680 ད་རུང་ཁབ་དང་གཟོང་ལྟ་བུའི་རྩེ་མོ་དང་ཟུར་ཁ་རྣོ་བའི་ཅ་ལག་ལ་སྐྲག 97 00:04:24,680 --> 00:04:27,380 འོན་ཀྱང་དེ་དག་ལས་ཀྱང་། ཁོ་རང་མི་ལ་ 98 00:04:27,470 --> 00:04:28,470 སྐྲག་པ་དེ་རེད། 99 00:04:29,380 --> 00:04:31,530 སྐྲག་ཐག་ཆོད་པ་དང་། ངོ་ཆུང་། ལུས་རིད་པ། ཉམ་ཐག་གི་བྱིས་པ་ 100 00:04:31,540 --> 00:04:32,570 དེ་ནི་ང་ཡིན། 101 00:04:33,320 --> 00:04:35,997 ང་ནི་ཕམ་ཁ་དང་གཞན་གྱི་དགག་པ་ལ་སྐྲག 102 00:04:37,300 --> 00:04:39,520 རང་རྩིས་མེད་ལ་རང་དམན་པར་འཛིན་པའི་སེམས་ཁམས་ཡོད། 103 00:04:39,520 --> 00:04:42,840 ད་རུང་གཞན་ཞིག་ནི་ 104 00:04:42,840 --> 00:04:44,660 སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཞེད་སྣང་རེད། 105 00:04:44,955 --> 00:04:48,610 དེ་བས་མི་རྣམས་ཀྱིས་ང་ལ་བརྙས་སྨོད་དང་གཅར་རྡུང་བྱས། 106 00:04:48,610 --> 00:04:52,240 ཁོ་ཚོས་ང་ལ་འཕྱ་སྨོད་དང་མཚང་འབྲུ་བྱས། ནམ་ཡང་ཁོ་ཚོ་དང་མཉམ་ཞུགས་ཀྱི་ 107 00:04:52,300 --> 00:04:54,260 རྩེད་མོར་རོལ་ཏུ་མི་འཇུག 108 00:04:55,020 --> 00:04:58,056 ང་རང་མཉམ་ཞུགས་བྱས་ཆོག་པའི་རྩེད་མོ་གཅིག་པུ་ནི་ 109 00:04:58,100 --> 00:04:59,427 Dodgeball རེད། 110 00:04:59,500 --> 00:05:01,443 ང་ Dodgeball རྩེད་མཁན་ཞིག་མིན་ཏེ། 111 00:05:01,760 --> 00:05:03,500 བརྙས་བཅོས་བྱེད་མཁན་གྱིས་ང་འབོད་དུས་ 112 00:05:03,500 --> 00:05:05,970 ངས་ཡར་བལྟས་ཙ་ན་ dodge ball དམར་པོ་དག་གིས་ 113 00:05:05,970 --> 00:05:08,200 མིག་རྡེབ་དབང་ཙམ་དུ་གདོང་ལ་ 114 00:05:08,210 --> 00:05:09,950 སྤད་སྤད་སྤད་རྡེག་མྱོང་། 115 00:05:10,580 --> 00:05:13,220 ཉིན་མང་པོར་ང་རང་སློབ་གྲྭ་ནས་ཡུལ་ལ་རྐང་ཐང་དུ་ལོག་པ་ངས་ད་དུང་དྲན་བཞིན་འདུག 116 00:05:13,300 --> 00:05:18,180 ངའི་འགྲམ་པ་ཙག་གིས་ཕྱིད་ནས་དམར་པོར་གྱུར། ངའི་རྣ་ཅོག་ཀྱང་དེ་བཞིན་དམར་པོར་གྱུར་མྱོང་། 117 00:05:18,180 --> 00:05:21,140 ངའི་མིག་གཉིས་མིག་ཆུས་བརླན་པ་དང་ 118 00:05:21,180 --> 00:05:23,515 རྣ་བར་གཟན་པའི་ངན་སྨོད་མང་དུ་ཐོས། 119 00:05:23,740 --> 00:05:25,000 སུས་བཤད་རུང་། 120 00:05:25,020 --> 00:05:28,660 "ཤིང་དུམ་དང་རྡོ་ཡིས་ངའི་རུས་པ་བཅག བརྙས་སྨོད་ཀྱིས་ང་ལ་ཅི་ཡང་མི་གནོད།"... 121 00:05:28,880 --> 00:05:30,131 དེ་རྫུན་ཡིན། 122 00:05:30,310 --> 00:05:31,980 ཚིག་ལ་སོ་ཁ་མེད་རུང་། 123 00:05:31,980 --> 00:05:34,030 མི་སྙིང་དུམ་བུར་གཅོད། 124 00:05:34,210 --> 00:05:36,040 ཚིག་གི་རྨ་ཁ་ཧ་ཅང་ཟབ་སྟེ་ 125 00:05:36,040 --> 00:05:37,780 མཐོང་མི་ཐུབ་བོ། ། 126 00:05:38,150 --> 00:05:41,070 དེར་བརྟེན་ང་ལ་ཞེད་སྣང་ཡོད་ལ། ངན་སྨོད་ནི་ངའི་དགྲ་བོ་ཆེ་ཤོས་ཡིན། 127 00:05:41,260 --> 00:05:42,491 ད་རུང་ཡང་དེ་བཞིན་ཡིན། 128 00:05:43,355 --> 00:05:44,327 འོན་ཀྱང་། ང་ལ་ཕུགས་བསམ་ཡོད། 129 00:05:44,327 --> 00:05:45,300 ང་ཡུལ་ལ་ལོག་སྟེ་ 130 00:05:45,300 --> 00:05:47,980 མིའི་གནས་ཚད་ལས་འདས་པའི་མིའི་ཟུར་ཟའི་རི་མོ་ལ་བཞའ་ནས་ 131 00:05:47,980 --> 00:05:49,774 མིའི་གནས་ཚད་ལས་འདས་པའི་ཟུར་ཟའི་རི་མོའི་དེབ་བཀླགས། 132 00:05:49,774 --> 00:05:53,440 ངའི་ཕུགས་བསམ་ནི་ང་རང་མིའི་གནས་ཚད་ལས་འདས་པའི་དཔའ་རྒོད་ཅིག་འཁྱོངས་ན་འདོད། 133 00:05:53,480 --> 00:05:56,240 ངས་དྲང་བདེན་དང་རྒྱུ་འབྲས་སྐྱོང་འདོད། 134 00:05:56,240 --> 00:05:58,680 ངན་པ་དང་དགྲ་བོ་རྣམས་ལ་འཐབ་ན་འདོད། 135 00:05:58,680 --> 00:06:02,895 འཇིག་རྟེན་ཧྲིལ་བོར་འཕུར་བསྐྱོད་ཀྱིས་མིའི་གནས་ཚད་འདས་པའི་མི་ལྟར་དོན་བཟང་བསྒྲུབ་ཅིང་ཚེ་སྲོག་སྐྱོབ་ན་འདོད། 136 00:06:03,400 --> 00:06:05,850 དངོས་ཡོད་ཀྱི་བྱ་དངོས་ཀུན་ལ་ང་རང་སྤྲོ་བོ་ཡོད། 137 00:06:05,860 --> 00:06:09,460 ངས་འཛམ་གླིང་གི་ཇི་ཉི་སིའི་ཟིན་ཐོ་བསྐྲུན་པའི་དེབ་དང་རི་ཕི་ལེ་ཡི་ཡིད་ཆེས་སམ་མི་ཆེས་ཞེས་པའི་དེབ་རྣམས་བཀླགས། 138 00:06:09,460 --> 00:06:13,080 ཁྱོད་ཚོའི་ནང་ན་ཇི་ཉི་སི་དང་རི་ཕི་ལེ་ཡི་དེབ་རྣམས་བཏོན་མྱོང་ནི་ཨེ་ཡོད། 139 00:06:13,100 --> 00:06:14,390 ང་རང་དེབ་འདི་དག་ལ་དགའ་། 140 00:06:14,390 --> 00:06:16,270 ངས་དེ་རུ་མི་རྣམས་ཀྱིས་ལས་དོན་ཧ་ལས་པ་སྒྲུབ་པ་མཐོང་། 141 00:06:16,270 --> 00:06:17,790 ངས་རང་ལ་ཡང་འདི་འདྲ་སྒྲུབ་འདོད་ཅེས་གསལ་འདེབས་བྱས་མྱོང་། 142 00:06:17,790 --> 00:06:19,330 ང་ལ་བརྙས་སྨོད་གཏོང་མཁན་རྣམས་ཀྱིས་ 143 00:06:19,330 --> 00:06:21,030 ཁོ་ཚོའི་རྩེད་མོའི་ནང་ཞུགས་སུ་བཅུག་པས། 144 00:06:21,030 --> 00:06:23,335 ངས་སྒྱུ་འཕྲུལ་དང་ཁྱད་ཆོས་ངོ་མ་ལྡན་པ་ཞིག་ལས་ན་འདོད། 145 00:06:23,335 --> 00:06:26,659 ངས་བརྙས་བཅོས་གཏོང་མཁན་གྱིས་སྒྲུབ་མི་ནུས་པའི་དོན་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་སྒྲུབ་ན་འདོད། 146 00:06:26,659 --> 00:06:28,609 ངས་རང་ཉིད་ཀྱི་ཕུགས་འདུན་ངོ་མ་དང་ 147 00:06:28,609 --> 00:06:30,729 མི་ཚེའི་དོན་སྙིང་རྙེད་ན་འདོད། 148 00:06:30,729 --> 00:06:33,320 ངས་ལས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྲུབ་ནས་འཇིག་རྟེན་ལ་འགྱུར་བ་གཏོང་ན་འདོད། 149 00:06:33,320 --> 00:06:36,960 ངས་དཔེ་མི་སྲིད་པ་དེ་དཔེ་མི་སྲིད་པ་ཞིག་མིན་པ་ར་སྤྲོད་བྱེད་ན་འདོད། 150 00:06:38,340 --> 00:06:40,240 ལོ་བཅུའི་རྗེས་སུ་ 151 00:06:40,240 --> 00:06:42,706 ཕོ་ལོ་ཉེར་གཅིག་གི་སྐྱེས་སྐར་སྔོན་གྱི་གཟའ་འཁོར་གཅིག་ནང་། 152 00:06:42,819 --> 00:06:46,799 ཉིན་ཞིག་དོན་དག་གཉིས་ཀྱིས་ངའི་མི་ཚེ་ལ་འགྱུར་བ་ཆེན་པོ་བཏང་། 153 00:06:47,040 --> 00:06:49,391 ང་རང་རྒྱ་གར་ལྷོ་ཕྱོགས་ཀྱི་ཐ་མིལ་ནཱ་དུ་རུ་ 154 00:06:49,540 --> 00:06:51,020 ཆོས་སྤེལ་མཁན་བྱས་པ་ཡིན། 155 00:06:51,020 --> 00:06:53,090 ངའི་ཁྲིད་སྟོན་དགེ་རྒན་དང་ཡང་ན་ངའི་གྲོགས་པོ་ན་རེ། 156 00:06:53,090 --> 00:06:54,720 "Danie ཁྱོད་ལ་ Thromes ཨེ་ཡོད།" 157 00:06:54,720 --> 00:06:57,440 ངས་ཕྱིར་ཁོང་ལ་ Thromes ཅི་ཞིག་རེད་ཅེས་དྲིས་པ་ཡིན། 158 00:06:57,440 --> 00:07:00,490 ཁོང་གིས་ཕྱིར་ང་ལ། "Thromes ནི་མི་ཚེའི་དམིགས་ཡུལ་གལ་ཆེ་ཤོས་རྣམས་ལ་གོ་བ་རེད། 159 00:07:00,490 --> 00:07:04,630 དེ་ཚོ་ནི་ཕུགས་བསམ་དང་དམིགས་འབེན་མཉམ་བསྲེས་བྱས་པ་རེད། དཔེར་ན། གལ་ཏེ་ཁྱོད་ཀྱིས་ 160 00:07:04,630 --> 00:07:07,240 དོན་གང་ཞིག་སྒྲུབ་འདོད་པ་ཡིན་ན། ས་གང་རུང་ཞིག་ལ་སོང་ནས་ 161 00:07:07,240 --> 00:07:08,479 མི་ག་འདྲ་ཞིག་བཅའ་རྒྱུ། 162 00:07:08,479 --> 00:07:10,356 གནས་གང་ཞིག་ལ་འགྲོ་བ། དོན་གང་ཞིག་སྒྲུབ་པ། 163 00:07:10,356 --> 00:07:11,280 ཁྱོད་སུ་ཡིན།" ཞེས་ཟེར། 164 00:07:11,280 --> 00:07:14,500 ངས་ཕྱིར་ཁོང་ལ་"ངས་དེ་སྒྲུབ་མི་ཐུབ། ང་ལ་ཞེད་སྣང་དང་སྐྲག་སྣང་མང་པོ་ཞིག་འདུག" ཅེས་བཤད། 165 00:07:14,500 --> 00:07:17,800 དགོང་མོ་དེར། ངས་གདན་འཁྱེར་ནས་ཁང་ལེབ་ཀྱི་ཀླད་ལ་སོང་སྟེ། 166 00:07:17,810 --> 00:07:19,259 སྐར་འོག་ཏུ་གན་རྐྱལ་ལོག་ནས་ 167 00:07:19,259 --> 00:07:21,869 བྱིའུ་གོ་ལེབ་ཀྱིས་འབུ་སྦྲང་འཛིན་པར་བལྟས་ནས་བསྡད་པ་ཡིན། 168 00:07:21,869 --> 00:07:26,200 ད་རུང་ངས་ thromes ཡང་ན་ཕུགས་བསམ་དང་དམིགས་འབེན་སྐོར་དང་ 169 00:07:26,200 --> 00:07:28,360 dodgeball རྩེད་དུས་ང་ལ་བརྙས་སྨོད་གཏོང་མཁན་རྣམས་ཡིད་ལ་འཁོར། 170 00:07:28,760 --> 00:07:30,730 དུས་ཚོད་འགའི་གཞུག་ནས་ང་རང་གཉིད་ལས་སད། 171 00:07:31,220 --> 00:07:33,940 ངའི་སྙིང་ཆུང་ལྟིག་ལྟིག་ལྡང་། བྱིན་པ་ལྕུག་ལྕུག་འདར། 172 00:07:34,080 --> 00:07:36,020 སྐབས་འདིར་ང་ལ་ཞེད་སྣང་མེད། 173 00:07:36,420 --> 00:07:38,395 ངའི་ལུས་ཧྲིལ་བོ་རེངས་པོར་གྱུར། 174 00:07:38,500 --> 00:07:40,180 དེའི་གཞུག་གི་ཉིན་ལྔའི་རིང་ལ། 175 00:07:40,330 --> 00:07:44,199 ངའི་ཚོར་ཤེས་ཉམས་ནས་འཆི་བ་ལ་འཐབ་དགོས་བྱུང་། 176 00:07:44,199 --> 00:07:48,239 འདར་ནད་ཀྱི་རྐྱེན་གྱིས་ཀླད་པར་ཚ་བ་རྒྱས་ཏེ་ཚ་གྲངས་ཏུའུ་ ༡༠༥ ལ་བུད། 177 00:07:48,390 --> 00:07:51,600 ཕྱིར་ཚོར་ཤེས་ཀྱིས་ཟིན་ཚེ། ནམ་ཡིན་ཡང་འདང་རྒྱག་ས་ནི་མི་ཚེའི་དམིགས་འབེན་རེད། ༼Thromes༽ 178 00:07:51,600 --> 00:07:53,820 ངའི་བསམ་པར་"རང་གི་མི་ཚེའི་ནང་ཅི་ཞིག་སྒྲུབ་ཐུབ་བམ་སྙམ།" 179 00:07:53,950 --> 00:07:56,380 གཞུག་ནས་མི་ལོ་ཉེར་གཅིག་གི་སྐྱེས་སྐར་སྔུན་དགོང་མོར། 180 00:07:56,380 --> 00:07:58,030 རྣམ་ཤེས་གསལ་བའི་སྐབས་ཏག་ཏག་དེ། 181 00:07:58,030 --> 00:07:59,639 ངས་ཅིག་རྟོགས་སོང་། 182 00:07:59,639 --> 00:08:02,100 ངས་འབུ་སྦྲང་ཆུང་ཆུང་ཞིག་ཚོར། 183 00:08:02,620 --> 00:08:05,020 Anopheles Stephensi༼འབུ་སྦྲང་ཞིག་གི་མིང་།༽ 184 00:08:05,280 --> 00:08:06,610 འབུ་སྦྲང་ཆུང་ཆུང་དེ་ཡི་ 185 00:08:06,610 --> 00:08:08,390 ལྗིད་ན་གྷ་རམ་ཕྲ་མོ་ ༥ ཡང་མེད་ཚོད་རེད། 186 00:08:08,390 --> 00:08:09,810 ཚྭ་རྡོག་ཕྲན་བུ་ཞིག་གི་ཆེ་ཆུང་ཡང་མེད། 187 00:08:09,810 --> 00:08:12,780 གལ་ཏེ་འབུ་སྦྲང་དེས་མི་རྒྱ་མ་ ༡༧༠ ཅན་ཞིག་གམ་ཡང་ན་སྤྱི་རྒྱ་ ༨༠ ཅན་ཞིག་རྫོགས་ཐུབ་ན། 188 00:08:12,780 --> 00:08:14,860 དེ་ནི་ང་ཡི་ kryptinite ༼སྦས་རླུང=རྫས་དཀོན་པོ་ཞིག༽ཡིན་པ་རྟོགས། 189 00:08:14,860 --> 00:08:17,150 དེ་ནས། ངས་རིམ་བཞིན་ཤེས་རྟོགས་བྱུང་སྟེ། མ་རེད། མ་རེད དེ་ནི་འབུ་སྦྲང་ཞིག་མ་རེད་ཅེས་འདོད། 190 00:08:17,150 --> 00:08:19,480 དེ་ནི་འབུ་སྦྲང་ཆུང་ཆུང་དེའི་ཁོག་གི་སྲིན་འབུ་ཕྲ་མོ་ཞིག་རེད། 191 00:08:19,480 --> 00:08:23,160 འབུ་སྲིན་ Plasmodium Falciparum ཡིས་ལོ་རེར་མི་ས་ཡ་རེ་གསོད་པ་རེད། 192 00:08:23,509 --> 00:08:25,999 རིམ་བཞིན་ངས་དེ་ནི་གཞན་རྟེན་སྲིན་འབུ་ལས་ཀྱང་ཆུང་བ་ཚོར། 193 00:08:25,999 --> 00:08:28,550 འོན་ཀྱང་། ང་ལ་མཚོན་ན་དེ་ནི་སྟོབས་ཤུགས་ཆེན་པོ་ཞིག་རེད། 194 00:08:28,550 --> 00:08:29,640 ངས་རྟོགས་བྱུང་། 195 00:08:29,640 --> 00:08:31,270 ཞེད་སྣང་ནི་རང་གི་ kryptonic༼སྦས་རླུང་།༽ངམ་ 196 00:08:31,270 --> 00:08:32,140 ངའི་ཁོག་གི་གཞན་རྟེན་སྲིན་འབུ་རེད། 197 00:08:32,140 --> 00:08:34,990 དེ་ཡིས་ང་རང་མི་ཚེ་གང་བོར་ཞ་འཐེང་དུ་བཏང་། 198 00:08:35,200 --> 00:08:38,080 ཤེས་གསལ་ལྟར། ཉེན་ཁ་དང་ཞེད་སྣང་གཉིས་ལ་ཁྱད་པར་ཡོད་པ་རེད། 199 00:08:38,109 --> 00:08:39,698 ཉེ་ན་ཁ་ནི་དོན་དངོས་རེད། 200 00:08:39,990 --> 00:08:42,010 ཞེད་སྣང་ནི་གདམ་གསེས་ཤིག་རེད། 201 00:08:42,080 --> 00:08:44,309 ངས་རང་ལ་གདམ་གསེས་ཤིག་ཡོད་པ་ཚོར། 202 00:08:44,309 --> 00:08:48,180 དགོང་མོ་དེར་ང་རང་ཞེད་སྣང་དང་ཕམ་ཁ་གཉིས་ཀའི་ནང་ལྷུང་ངམ་ 203 00:08:49,070 --> 00:08:52,080 ཡང་ན་ཞེད་སྣང་མེད་པར་ 204 00:08:52,080 --> 00:08:56,060 ཕུགས་བསམ་སྙེག་བཞིན་འཚོ་བ་རོལ། 205 00:08:56,680 --> 00:08:59,560 ཚང་མས་ཤེས་གསལ་ལྟར། འཆི་བདག་ཐོན་ལ་ཉེ་དུས་ 206 00:08:59,560 --> 00:09:04,080 ང་ཚོ་ཧ་ཅང་གསོན་ན་འདོད། 207 00:09:04,180 --> 00:09:07,140 ངས་ནི་མི་རྣམས་འཆི་བ་ལས་ 208 00:09:08,040 --> 00:09:09,890 དངོས་སུ་གསོན་པོར་བསྡད་མེད་པ་ཤེས། 209 00:09:09,890 --> 00:09:11,580 ཚང་མས་ཤེས་གསལ་ལྟར། ཁྱོས་འཆི་བ་བསམ་ན་ 210 00:09:11,580 --> 00:09:13,070 གཟོད་ཇི་ལྟར་གསོན་པ་རྟོགས་ཐུབ། 211 00:09:13,070 --> 00:09:15,140 དེར་བརྟེན། དགོང་མོ་དེར་ངས་བློ་ཐག་རྦད་ཆོད་ཀྱིས་ 212 00:09:15,140 --> 00:09:16,420 རང་ཉིད་དང་རང་གི་གཏམ་རྒྱུད་ལ་འགྱུར་བ་གཏོང་རྒྱུ་བྱས། 213 00:09:16,915 --> 00:09:18,230 ང་རང་འཆི་ན་མི་འདོད། 214 00:09:18,230 --> 00:09:20,010 དེ་བས་ངས་གསོལ་འདེབས་བྱས་པ་ནི། 215 00:09:20,010 --> 00:09:22,230 "དཀོན་མཆོག་ལགས། ཉིད་ཀྱིས་ང་རང་ཕོ་ལོ་ཉེར་གཅིག་གི་སྐྱེས་སྐར་ནང་་གསོན་དུ་བཅུག་ཚེ། 216 00:09:22,230 --> 00:09:24,544 ཞེད་སྣང་ལ་དབང་བསྒྱུར་བྱེད་དུ་འཇུག་རྒྱུ་མིན། 217 00:09:24,670 --> 00:09:26,520 ངས་རང་ཉིད་ཀྱི་ཞེད་སྣང་ཡོད་ཚད་མེད་པར་གཏང་རྒྱུ་དང་། 218 00:09:26,520 --> 00:09:29,530 རང་ཉིད་ཀྱི་ཕུགས་བསམ་བསྙེག་ནས། 219 00:09:29,530 --> 00:09:31,270 རང་ཉིད་ཀྱི་བློ་ཁ་བསྒྱུར་རྒྱུ་ཡིན། 220 00:09:31,270 --> 00:09:33,540 ངས་རང་གི་མི་ཚེའི་ནང་དུ་བསམ་གྱིས་མི་ཁྱབ་པའི་ལས་དོན་ཞིག་བསྒྲུབ་ན་འདོད། 221 00:09:33,540 --> 00:09:35,550 ངས་རང་ཉིད་ཀྱི་མི་ཚེའི་དམིགས་འབེན་བཙལ་ན་འདོད། 222 00:09:35,550 --> 00:09:38,632 ངས་དཔེ་མི་སྲིད་པ་ནི་དཔེ་མི་སྲིད་པ་ཞིག་མིན་པ་ཤེས་ན་འདོད།" 223 00:09:38,780 --> 00:09:42,820 དགོང་མོ་དེར་ང་རང་གསོན་ཐུབ་ཡོད་མེད་ངས་ཁྱོད་ཚོར་བཤད་རྒྱུ་མིན། དོག་ཙམ་གྱི་རྗེས་ནས་ཁྱོད་ཅག་གིས་ཨེ་ཤེས་ལྟོས། 224 00:09:42,850 --> 00:09:43,978 ༼དགོད་སྒྲ།༽ 225 00:09:43,978 --> 00:09:47,100 འོན་ཀྱང་དགོང་མོ་དེར། ངས་རང་ཉིད་ཀྱི་ Thromes༼དམིགས་འབེན༽བཅུ་གོང་བསྒྲིགས་པ་ཡིན། 226 00:09:47,100 --> 00:09:50,210 ངས་སེམས་ཐག་གཙང་བཅད་ཀྱིས་གླིང་ཆེན་གཙོ་བོ་རྣམས་སུ་ལྗོངས་རྒྱུ་དང་ 227 00:09:50,210 --> 00:09:51,820 འཛམ་གླིང་གི་ཁྱད་མཚར་ཅན་གྱི་གནས་བདུན་ལ་ལྟ་སྐོར། 228 00:09:51,820 --> 00:09:53,410 སྐད་རིགས་གང་མང་ཞིག་སྦྱང་རྒྱུ། 229 00:09:53,410 --> 00:09:54,940 མྱ་ངམ་ཐང་ནས་འཚོ་བ། 230 00:09:54,940 --> 00:09:56,480 མཚོ་ནང་གི་གྲུ་གཟེངས་ཞིག་གི་སྟེང་ནས་འཚོ་བ་རོལ་བ། 231 00:09:56,480 --> 00:09:58,650 ཨ་མེ་ཛོན་དུ་ཨིན་ཌིའི་མི་རིགས་ཀྱི་ཚོ་བ་ཞིག་དང་ལྷན་དུ་འཚོ་བ་རོལ་བ་དང་། 232 00:09:58,650 --> 00:10:01,210 སྭི་ཌེན་ཡུལ་གྱི་རི་བོ་མཐོ་ཤོས་ཀྱི་རྩེ་མོར་འགོ་བ། 233 00:10:01,210 --> 00:10:03,180 ཇོ་མོ་གླང་མའི་རི་རྩེར་ཉི་འོད་རྒྱག་པར་ལྟ་བ། 234 00:10:03,190 --> 00:10:05,390 ཨ་རིའི་ Nashville ཡི་རོལ་དབྱངས་གཞུང་སྒྲུབ་ཁང་ནས་ལས་ཀ་བྱེད་པ། 235 00:10:05,400 --> 00:10:07,060 ད་རུང་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་ཞིག་ལ་ཞུགས་པ་དང་། 236 00:10:07,080 --> 00:10:09,120 གནམ་གྲུ་ཞིག་ནས་ཕྱིར་མཆོངས་བ་བཅས་བྱེད་རྒྱུའོ་། ། 237 00:10:09,120 --> 00:10:12,380 དེའི་གཞུག་གི་ལོ་ངོ་ཉི་ཤུའི་ནང་དུ། ངས་ཕལ་ཆེར་གོང་གི་ thromes༼དམིགས་འབེན༽ རྣམས་ཡོངས་གྲུབ་བྱས། 238 00:10:12,410 --> 00:10:14,650 ངས་གོང་བསྒྲིགས་པའི་ thromesརྣམས་ལས་གཅིག་སྒྲུབ་པ་ཡིན་ན། 239 00:10:14,650 --> 00:10:18,190 ངས་ ༥ འམ་ཡང་ན་ ༡༠ རེ་ཁ་སྣོན་བྱས་ཏེ། ཐོ་དེ་ཇེ་རིང་དང་མུ་མཐུད་དུ་འགྲོ་ཐུབ་པ་བྱས་པ་ཡིན། 240 00:10:18,800 --> 00:10:23,280 དེའི་རྗེས་ཀྱི་ལོ་ངོ་བདུན་གྱི་རིང་ལ། Bahamas ཡི་གླིང་ཕྲན་ཆུང་ཆུང་ཞིག་ཏུ་བསྡད་པ་ཡིན། 241 00:10:23,320 --> 00:10:25,360 ལོ་བདུན་པོ་དེའི་རིང་ 242 00:10:25,370 --> 00:10:27,274 རྩྭའི་སྤྱིལ་བུ་ཞིག་ཏུ་བསྡད་པ་ཡིན་ལ། 243 00:10:29,480 --> 00:10:33,820 ཉ་ཆེན་ཤཱརྐ་དང་ཉ་ཨོག་དཀར་སོགས་ཟས་སུ་བསྟེན་ཏེ་གཅིག་པུར་ 244 00:10:33,820 --> 00:10:36,249 ལུས་ལ་རས་ཁེབས་ཙམ་ཞིག་དཀྲུས་ནས་བསྡད། 245 00:10:36,680 --> 00:10:39,160 ད་རུང་ངས་ཉ་ཆེན་ཤཱརྐ་དང་མཉམ་དུ་ཆུ་རྐྱལ་སྦྱངས་། 246 00:10:39,160 --> 00:10:40,980 དེ་ནས་ང་རང་ Mexico ལ་སོང་བ་དང་། 247 00:10:40,980 --> 00:10:45,000 Ecuador ཡི་ཨ་མེ་ཛོན་གཙང་བོའི་གཤོང་ས་སྟེ། 248 00:10:45,241 --> 00:10:48,100 Pujo Pongo Ecuador རུ་ང་རང་ཚོ་བ་ཞིག་གི་ནང་ནས་བསྡད། 249 00:10:48,100 --> 00:10:52,180 རིམ་བཞིན་དུ་རང་གི་ thromes༼དམིགས་འབེན༽ འགྲུབ་པའི་གདེངས་རྙེད། 250 00:10:52,180 --> 00:10:55,100 ང་རང་ Nashbille ཡི་རོལ་མོའི་གཞུང་སྒྲུབ་ཁང་ཞིག་ལ་སོང་། དེ་ནས་སྭི་ཌེན་གྱི་ 251 00:10:55,110 --> 00:10:57,870 Stockholm རོལ་མོའི་ལས་སྒྲུབ་ཁང་ཞིག་ཏུ་སྤར། 252 00:10:57,870 --> 00:11:01,920 དེ་རུ་ང་རང་རི་བོ་ Kebnekaise ཡི་མགོར་འགོས་པ་ཡིན། རི་བོ་དེ་ནི་བྱང་སྣེ་གླིང་གི་རི་རྩེ་མཐོན་པོ་ཞིག་ཡིན། 253 00:11:03,300 --> 00:11:04,750 དེ་ནས་ང་ཡིས་བཞད་གད་པ་དང་ 254 00:11:04,750 --> 00:11:05,860 སྒྱུ་མ་ལ་སྦྱོང་བ་བྱས་པར་མ་ཟད། 255 00:11:05,860 --> 00:11:07,480 ད་རུང་རྐང་ཤིང་གི་རྩེ་ནས་འགྲོ་བ་དང་ 256 00:11:07,480 --> 00:11:10,440 ལྕགས་རྟ་རྐང་གཅིག་བཞོན་པ། མེ་ལྡུམ་འཁྱུར་མིད། ཤེལ་ཆག་བཟའ་བ་སོགས་ལ་ཡང་སྦྱོང་བ་བྱས། 257 00:11:10,450 --> 00:11:13,620 ༡༩༩༧ ལོར་ངས་རལ་གྲི་ཁྱུར་མིད་གཏོང་མཁན་མི་བཅུ་གྲངས་ཙམ་ལས་མེད་པར་ཐོས་རྗེས། 258 00:11:13,620 --> 00:11:15,410 ངས་ཀྱང་དེ་ལས་ན་འདོད་ཅེས་བཤད་མྱོང་། 259 00:11:15,420 --> 00:11:18,290 ང་རང་རལ་གྲི་མིད་མཁན་ཞིག་ལ་ཐུག་པ་དང་། ངས་གནད་དོན་འགའ་ཞིག་ཁོ་ལ་དྲིས་པ་ཡིན། 260 00:11:18,290 --> 00:11:20,190 ཁོས་དོན་གཉིས་ང་ལ་བཤད། 261 00:11:20,190 --> 00:11:21,926 དང་པོ། དེ་ནི་ཉེན་ཁ་ཧ་ཅང་ཆེ། 262 00:11:21,926 --> 00:11:23,948 མི་རྣམས་ཀྱིས་ལས་འདི་བྱས་ཏེ་ཤི་སོང་བ་མང་། 263 00:11:23,948 --> 00:11:24,953 གཉིས་པ། 264 00:11:24,953 --> 00:11:26,206 དེ་ལ་ཚོད་ལྟ་མ་བྱེད་ཅིག 265 00:11:26,206 --> 00:11:27,520 ༼དགོད་སྒྲ།༽ 266 00:11:27,540 --> 00:11:29,540 དེ་ནས་ངས་དེ་རང་གི་ thromes ཡི་ཐོ་རུ་བཀོད། 267 00:11:30,440 --> 00:11:33,320 ཉིན་ལྟར་ཐེངས་ ༡༠ ནས་ ༡༢ བར་ཚོད་ལྟ་བྱས་ནས་ 268 00:11:33,660 --> 00:11:35,160 ལོ་བཞི་ལྷག་ཙམ་འགོར། 269 00:11:35,209 --> 00:11:36,709 ད་ལྟ་ངས་རྩིས་ཤིག་བརྒྱབས་ན། 270 00:11:36,709 --> 00:11:40,020 ༤ x ༣༦༥ [x ༡༢] 271 00:11:40,020 --> 00:11:42,660 དེ་ནི་ཕལ་ཆེར་ལེགས་གྲུབ་མ་བྱུང་བའི་ཐེངས་ ༡༣༠༠༠ ལྷག་སྟེ་ 272 00:11:42,660 --> 00:11:45,420 ཐེངས་དང་པོར་ ༢༠༠༡ ལོར་རལ་གྲི་མིད་པའི་ཡར་སྔོན་གྱི་དོན་དག་རེད། 273 00:11:46,002 --> 00:11:47,630 སྐབས་དེ་ལ་ངས་ throme བཞག་པ་ནི་ 274 00:11:47,630 --> 00:11:50,940 འཛམ་གླིང་གི་རལ་གྲི་མིད་མཁན་གྱི་ཆེད་མཁས་པ་བྱ་རྒྱུ་ཡིན། 275 00:11:50,970 --> 00:11:53,820 དེ་བས་ངས་དེབ་སྣ་ཚོགས་དང་དུས་དེབ། ཚགས་པར་སྟེང་གི་རྩོམ་ཡིག 276 00:11:53,820 --> 00:11:57,670 སྨན་གྱི་སྙན་ཞུ་སོགས་སུ་ཞིབ་འཇུག་དང། གསོ་རིག་དང་གཟུགས་ཕུང་ཆགས་ཚུལ་རིག་པར་སྦྱོང་བ་བྱས། 277 00:11:57,676 --> 00:11:59,719 ངས་སྨན་པ་དང་ནད་གཡོག་རྣམས་པར་ཁ་བརྡ་བྱས་པ་དང་ 278 00:11:59,719 --> 00:12:01,760 རལ་གྲི་མིད་མཁན་ཡོངས་ལ་འབྲེལ་འདྲིས་བྱས་ཏེ་ 279 00:12:01,760 --> 00:12:04,250 མཉམ་དུ་རྒྱལ་སྤྱིའི་རལ་གྲི་མིད་མཁན་ལྷན་ཚོགས་བཙུགས། 280 00:12:04,250 --> 00:12:06,450 ལོ་གཉིས་རིང་རལ་གྲི་ཁྱུར་མིད་དང་དེའི་ཞོར་སྐྱོན་ལ་ 281 00:12:06,450 --> 00:12:08,580 ཞིབ་འཇུག་བྱས་པའི་གསོ་རིག་དཔྱད་རྩོམ་ 282 00:12:08,580 --> 00:12:10,980 དེ་དབྱིན་ཇིའི་གསོ་རིག་གི་དུས་དེབ་ཞིག་ཏུ་བཀོད་པ་ཡིན། 283 00:12:10,980 --> 00:12:11,840 ༼དགོད་སྒྲ།༽ 284 00:12:11,840 --> 00:12:12,940 བཀའ་དྲིན་ཆེ། 285 00:12:12,960 --> 00:12:17,748 ༼དགའ་བསུ།༽ 286 00:12:18,200 --> 00:12:21,570 ངས་རལ་གྲི་འཁྱུར་མིད་སྐོར་ནས་དོན་དག་སྤྲོ་བོ་མང་པོ་རྙེད། 287 00:12:21,571 --> 00:12:25,260 དོན་ཞིག་ལ་ཁྱོད་ཚོས་སྔོན་ཆད་འདང་བརྒྱབས་མེད་པར་ངས་ཁག་ཐེག་བྱེད་ཐུབ། འོན་ཀྱང་གཞུག་ནས་ཤེས་སྲིད། 288 00:12:25,260 --> 00:12:28,550 ཐེངས་གཞུག་མར་ཁྱོད་ཚོ་ཡུལ་ལ་ལོག་རྗེས། སྐམ་ཤ་གྲི་ཡིས་སམ་ 289 00:12:28,550 --> 00:12:31,759 ཡང་ན་རལ་གྲིས་སམ། ཡང་ན་"bestek"ཡིས་བཟའ་སྐབས་སུ། གཟོད་ཁྱོད་ཀྱིས་འདི་ལ་བསམ་བློ་གཏོང་ངེས། 290 00:12:34,257 --> 00:12:36,589 ངས་ནི་རལ་གྲི་མིད་པ་ནི་རྒྱ་གར་ནས་འགོ་བརྩམས་པ་ཡིན་པ་ཤེས་ལ། 291 00:12:36,589 --> 00:12:39,889 དེ་རུ་ངས་ལོ་ན་ཉི་ཤུར་སོན་པའི་བྱིས་པ་ཞིག་གིས་གྲི་ཐོག་མར་མིད་པ་ཤེས། 292 00:12:39,889 --> 00:12:42,290 དེ་ནི་ཧ་ལམ་ལོ་ ༤༠༠༠ སྔོན་ལ་བྱུང་བ་དང་ཧ་ལམ་སྤྱི་ལོ་སྔོན་གྱི་ ༢༠༠༠ ལོ་རེད། 293 00:12:42,290 --> 00:12:45,580 འདས་པའི་ལོ་ངོ་ ༡༥༠ ཡི་ནང་དུ། རལ་གྲི་མིད་པ་དེ་ 294 00:12:45,590 --> 00:12:47,400 ཚན་རིག་དང་སྨན་གཞུང་གི་ཁྱབ་ཁོངས་སུ་བཀོལ་བ་དང་ 295 00:12:47,480 --> 00:12:51,160 སྤྱི་ལོ་ ༡༨༦༨ ལོར་འཇར་མན་གྱི་ Freiburg རུ་ 296 00:12:51,160 --> 00:12:53,820 Dr. Adolf Kussmaul ཡིས་ཁོག་ཤེལ་མཁྲེག་པོ་༼rigid endoscope༽བཟོས་པ་དང་། 297 00:12:53,880 --> 00:12:56,639 སྤྱི་ལོ་ ༡༩༠༦ ལོར། ཝེལ་སི་( Wales) ཡི་མི་རྣམས་ཀྱིས་སྙིང་འཕར་རླབས་རིས་བཀོལ་ནས་ 298 00:12:56,639 --> 00:13:00,240 ཟས་ཁྱུར་མིད་དང་འཇུ་ཚད་མ་ལག་མི་སྙོམས་པ་ལ་ཞིབ་འཇུག་བྱས། 299 00:13:00,240 --> 00:13:01,860 འདི་རྣམས་ཕལ་ཆེར་གློ་སྦུག་ཁོག་ཤེལ་དང་རིགས་འདྲ་བ་རེད། 300 00:13:01,860 --> 00:13:03,840 འོན་ཀྱང་འདས་པའི་ལོ་ ༡༥༠ རིང་། 301 00:13:03,840 --> 00:13:07,860 ང་ཚོས་མི་བརྒྱ་གྲངས་ཤིག་ལ་རྨས་ཕོག་པ་དང་བཅུ་གྲངས་ཤིག་ཤི་སོང་བ་རྟོགས། 302 00:13:07,880 --> 00:13:14,560 ཁོག་ཤེལ་སྲ་མོ་དེ་ Dr. Adolf Kussmaul ཡིས་ཇེ་ལེགས་སུ་བཏང་མོད། 303 00:13:14,740 --> 00:13:18,679 འོན་ཀྱང་ང་ཚོས་འདས་པའི་ལོ་ ༡༥༠ རིང་མི་ཉེར་དགུ་ལྷག་གིས་རལ་གྲི་མིད་དེ་འཆི་སོང་བ་དང་ 304 00:13:18,679 --> 00:13:22,462 དེའི་ནང་དུ་ལོན་ཏོན་དུ་རལ་གྲི་མིད་དེ་སྙིང་ཕུགས་རྗེས་ཤི་སོང་བ་དེ་ཡང་འདུས། 305 00:13:23,142 --> 00:13:25,340 ད་རུང་ལོ་རེར་མི་ ༣ ནས་ ༨ ལྷག་ 306 00:13:25,340 --> 00:13:27,780 རལ་གྲི་མིད་དེ་རྨས་ཧ་ཅང་ལྕི་མོ་བཟོ་བཞིན་ཡོད། 307 00:13:27,780 --> 00:13:29,880 ངས་འདི་ཤེས་པའི་རྒྱུ་མཚན་ནི་ང་ལ་ཁ་པར་གཏོང་མཁན་ཡོད། 308 00:13:29,880 --> 00:13:31,150 ད་སྔུན་སྔུན་ཡང་ང་ལ་ཁ་པར་ཐེངས་གཉིས་འབྱོར། 309 00:13:31,150 --> 00:13:34,320 གཅིག་ནི་སྭི་ཌེན་ནས་དང་གཞན་དེ་ཨོར་ལཱན་ཏོ་ནས་འབྱོར་བ་དང་། དེ་ནི་ཏག་ཏག་གཟའ་འཁོར་འགའི་སྔོན་རེད། 310 00:13:34,320 --> 00:13:37,019 རལ་གྲི་མིད་མཁན་རྣམས་རྨས་རྗེས་སྨན་ཁང་དུ་བསྡད་འདུག 311 00:13:37,019 --> 00:13:38,769 དེ་བས་འདི་ནི་ཧ་ཅང་ཉེན་ཁ་ཅན་གྱི་དོན་དག་ཅིག་རེད། 312 00:13:38,769 --> 00:13:41,629 ད་རུང་ངས་དོན་གཞན་ཞིག་ཤེས་པ་ནི་རལ་གྲི་མིད་རྒྱུར་ 313 00:13:41,629 --> 00:13:44,320 མ་མཐའ་ཡང་སྐྱེ་བོ་མང་ཆེ་ཤོས་ལ་ལོ་གཉིས་ནས་བཅུ་ 314 00:13:44,320 --> 00:13:45,610 ཡི་སྦྱོང་བ་དགོས་པ་རེད། 315 00:13:45,610 --> 00:13:48,020 འོན་ཀྱང་ང་ལ་མཚོན་ན་ཆེས་ཡིད་མགུ་བ་ནི་ 316 00:13:48,020 --> 00:13:51,360 རལ་གྲི་མིད་ཚུལ་སྦྱངས་བར་བརྟེན་དཔེ་མི་སྲིད་པའི་དོན་དག་ཇི་ལྟར་སྒྲུབ་ཚུལ་སྦྱང་རྒྱུ་དེ་ཡིན། 317 00:13:51,460 --> 00:13:53,460 ངས་ཁྱོད་ཚོར་གསང་བ་ཆུང་ཆུང་ཞིག་བཤད་རྒྱུ་ཡིན། 318 00:13:53,520 --> 00:13:57,580 བརྒྱ་ཆའི་དགོ་དགུ་ཚེག་དགུ་དཔེ་མི་སྲིད་པ་ཡིན་ན་དེ་ལ་བསྲན་མ་འཛུགས། 319 00:13:57,580 --> 00:14:02,030 ཁྱོད་ཀྱིས་དཔེ་སྲིད་པའི་བརྒྱ་ཆའི་གཅིག་གི་ཁོ་ནའི་སྟེང་དམིགས་བཙུགས་ཏེ། ཇི་ལྟར་དེ་ནི་མངོན་འགྱུར་ཡོང་ཐུབ་པའི་ཐབས་ལམ་ཤེས་དགོས། 320 00:14:02,817 --> 00:14:06,140 ད་ནི་ངས་ཁྱེད་རྣམ་པར་རལ་གྲི་མིད་མཁན་གྱི་འཇིག་རྟེན་ཅི་ལྟ་བུ་ཞིག་ཡིན་པ་བཤད་རྒྱུ་ཡིན། 321 00:14:06,140 --> 00:14:09,479 རལ་གྲི་ཞིག་མིད་ཆེད་དུ་སྒོམ་ལྟ་བུ་ཞིག་སྦྱོང་དགོས་པ་རེད། 322 00:14:09,479 --> 00:14:12,270 དེ་ནི་དཔེར་ན་རྣམ་ཤེས་ཕྱོགས་གཅིག་ཏུ་བསྡུ་བ་དང་ནོར་བ་ཕྲན་ཚེག་ཙམ་ཡང་མི་ཡོང་ཆེད། 323 00:14:12,270 --> 00:14:15,670 ནང་གི་དབང་བ་བོ་རྣམས་ཕྲལ་བ་དང་ལུས་པོར་རང་བྱུང་གི་ལྷོད་ཤ་ཞིག་ 324 00:14:15,710 --> 00:14:20,370 ཀླད་རྩ་དང་ཤ་སྒྲིམ་ལ་ཡང་སྐོར་བསྐྱར་སྐོར་གྱིས་སྦྱོང་བརྡར་བྱས་ནས་གོམས་ལོབས་ཡོང་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། 325 00:14:20,450 --> 00:14:23,720 དེ་ནི་ཆེད་དམིགས་ཀྱིས་ཐེངས་སྟོང་ཕྲག་དུ་མར་སྦྱོང་བརྡར་བྱས་པ་ལ་བརྟེན་ནས་བྱུང་བ་རེད། 326 00:14:24,020 --> 00:14:28,090 ད་ངས་ཁྱོད་ཚོར་རལ་གྲི་མིད་མཁན་གྱི་ལུས་ཁམས་སྐོར་ཉུང་ཙམ་བཤད། 327 00:14:28,310 --> 00:14:30,130 རལ་གྲི་ཞིག་མིད་པའི་ཆེད་དུ་ 328 00:14:30,130 --> 00:14:32,250 ངེས་པར་དུ་གློ་གྲི་ཞིག་རང་གི་ལྕེ་སྟེང་ནས་མར་ཡང་ཡང་བསྣར་ནས་ 329 00:14:32,250 --> 00:14:34,780 མིད་པའི་ནང་གི་སྐྱུག་མེར་ལངས་པའི་ཚོར་བ་དེ་མེད་པ་བཟོ་དགོས། 330 00:14:34,780 --> 00:14:37,740 དེ་ནས་གྲི་དེ་མིད་ཐག་ནས་ཏུའུ་དགུ་བཅུ་འཁོར་དུ་འཇུག་ནས་མར་བསྣར་བ་དང་ 331 00:14:38,240 --> 00:14:41,040 མིད་ཐག་གི་ཤ་གནད་ཀྱི་ 332 00:14:41,060 --> 00:14:42,600 ནུར་འགུལ་ཚུར་སྣང་འགོག་པ། 333 00:14:42,600 --> 00:14:44,380 དེ་ནས་རིམ་བཞིན་དུ་མར་བྲང་ཁོག་གི་ 334 00:14:44,380 --> 00:14:45,960 གློ་བ་གཉིས་ཀྱི་བར་དུ་བསྲིང་བ། 335 00:14:46,080 --> 00:14:48,349 སྐབས་ཏག་ཏག་འདི་ནས་ 336 00:14:48,399 --> 00:14:50,389 རང་གི་སྙིང་ནི་ཕར་ལ་ཅུང་ཙམ་དེད་ཡོད། 337 00:14:50,389 --> 00:14:51,720 གལ་ཏེ་ཁྱོས་ཞིབ་མོར་བལྟས་ཚེ། 338 00:14:51,720 --> 00:14:53,860 སྙིང་ནི་གྲི་དང་མཉམ་དུ་ལྡང་བ་མཐོང་ཐུབ། 339 00:14:53,860 --> 00:14:55,859 རྒྱུ་མཚན་ནི་གྲི་དེ་སྙིང་ལ་ཐུག་ནས་ཡོད་ལ་ 340 00:14:55,859 --> 00:14:58,809 དེ་ནི་ཕལ་ཆེར་སྙིང་དང་ཚོན་བརྒྱད་ཀྱིས་ཆོད་ཙམ་ཡིན། 341 00:14:58,809 --> 00:15:00,580 འདི་ནི་ཁྱོད་ཚོས་བློ་བཟོ་བྱས་ཆོག་པ་ཞིག་མ་རེད། 342 00:15:00,580 --> 00:15:02,710 དེ་ནས་གྲི་དེ་བྲང་རུས་བརྒྱུད་ནས་མར་གཏོང་དགོས་པ་དང་ 343 00:15:02,710 --> 00:15:05,540 མིད་ཐག་ཤ་གནད་བརྟོལ་ནས་མར་ཕོ་བའི་ནང་བཏང་ནས། 344 00:15:05,540 --> 00:15:09,020 ཕོ་ཁའི་ནང་གི་སྐྱུག་མེར་གྱི་ཚུར་སྣང་འགོག་དགོས། 345 00:15:09,020 --> 00:15:09,750 དེ་འདྲའི་སླ་མོ་ཞིག་རེད། 346 00:15:09,750 --> 00:15:10,930 ༼དགོད་སྒྲ།༽ 347 00:15:10,930 --> 00:15:12,880 གལ་ཏེ་ངས་གྲི་དེ་མར་གཏིང་ལ་བཙུགས་པ་ཡིན་ན 348 00:15:12,880 --> 00:15:17,720 ཁམས་དམར་འདྲེན་སྦུབས་ལ་རྩེབས་པ་རེད། 349 00:15:17,720 --> 00:15:20,980 གྲོགས་པོ་རྣམ་པ། འདིའི་སྐོར་ཁྱོད་ཚོས་གཞུག་ནས་རང་རང་གི་ཆུང་མར་དྲིས་ན་ཆོག་ག 350 00:15:22,160 --> 00:15:23,900 མི་རྣམས་ཀྱིས་ང་ལ་ 351 00:15:23,900 --> 00:15:26,740 "ཁྱོས་སྤོབས་པ་ཆེན་པོ་བསྐྱེད་ནས་རང་གི་སྲོག་ལའང་མ་འཛེམ་པར་ 352 00:15:26,740 --> 00:15:28,800 ཁོག་གི་སྙིང་ཡང་ཕར་དེད་ནས་རལ་གྲི་མིད་པ་རེད་ཅེས་"ཟེར། 353 00:15:28,800 --> 00:15:30,500 དེ་མ་རེད། སྙིང་སྟོབས་ངོ་མ་ནི་ 354 00:15:30,500 --> 00:15:33,020 ཞེད་སྣང་དང་ངོ་ཚ་ཆེ་བའི་བྱིས་པ་ཉམས་ཐག་དེས་ 355 00:15:33,080 --> 00:15:35,620 ཕམ་ཁ་མྱངས་ཕོད་པ་དང་གཞན་གྱི་དགག་པ་ལ་མི་འཛེམ་པ། 356 00:15:35,620 --> 00:15:37,040 ཁོག་གི་སྡུག་བསྔལ་བསྲན་ནས་ 357 00:15:37,040 --> 00:15:38,240 རང་གི་རང་རྩིས་དང་ང་རྒྱལ་མིད་དེ། 358 00:15:38,240 --> 00:15:41,060 མི་ཆ་མེད་རྒྱུས་མེད་མང་པོའི་མདུན་དུ་ 359 00:15:41,060 --> 00:15:43,670 རང་གི་ཞེད་སྣང་དང་ཕུགས་བསམ་གྱི་གཏམ་རྒྱུད་བཤད་དུས་ 360 00:15:43,680 --> 00:15:47,580 དོན་ལྔ་སྣོད་དྲུག་གཡོ་བར་བྱས། འདི་ནི་ངོ་མ་ཡིན་ལ་འུད་སྒྲོག་གི་ཆ་ཡང་ཅུང་ཙམ་འདྲེས་ཡོད། 361 00:15:48,280 --> 00:15:49,450 ཁྱོད་ཚོས་ཤེས་ནི་རེད། བཀའ་དྲིན་ཆེ། 362 00:15:49,450 --> 00:15:53,720 ༼དགའ་བསུ།༽ 363 00:15:53,850 --> 00:15:56,250 ཡིད་སེམས་རབ་ཏུ་མགུ་བའི་དོན་ནི་ 364 00:15:56,250 --> 00:15:58,650 ངས་རྒྱུན་དུ་རང་གི་མི་ཚེའི་ནང་ལས་དོན་རླབས་ཆེན་སྒྲུབ་ན་འདོད་ལ་ 365 00:15:58,650 --> 00:15:59,780 ངས་དེ་འདྲ་སྒྲུབ་ཡང་སྒྲུབ་བཞིན་ཡོད། 366 00:15:59,780 --> 00:16:02,880 འོན་ཀྱང་། རླབས་ཆེ་བའི་དོན་དག་ངོ་མ་ནི་ངས་རལ་གྲི་ཉེར་གཅིག 367 00:16:02,880 --> 00:16:05,170 ་མཉམ་དུ་མིད་ཐུབ་པ་དེ་མིན་ལ། 368 00:16:07,640 --> 00:16:10,500 Ripley ཡི་ཡིད་ཆེས་སམ་མི་ཆེས་ཞེས་པ་རུ་ཆུ་རྫིང་ཟབ་ཚད་དབྱིན་ཁྲུ་༢༠ ཡི་གཏིང་སར་ 369 00:16:10,500 --> 00:16:12,307 ཉ་ཆེན་ཤཱརྐ་དང་ཨོག་དཀར་ཡོད་པ་དང་། 370 00:16:13,840 --> 00:16:17,600 ཡང་ན། Stan Lee ཡི་མིའི་གནས་ཚད་ལས་འདས་པའི་མི་ཞིག་ཚ་བ་བཏང་ནས་ཚ་གྲངས་ཏུའུ་ཆིག་སྟོང་ལྔ་བརྒྱར་འབུད་ཐུབ་པ་ལ་ 371 00:16:17,610 --> 00:16:19,470 "ལྕགས་མི་"ཟེར་བ་ལྟ་བུའང་མིན། 372 00:16:19,520 --> 00:16:21,574 འདི་ནི་ཚ་བ་ཆེན་པོ་ཞིག་རེད། 373 00:16:22,460 --> 00:16:24,920 ཇི་ཉི་སིའམ་ཡང་ན་ Ripley's ཡི་ཆེད་དུ་གྲི་ཡིས་ 374 00:16:24,930 --> 00:16:26,290 རླངས་འཁོར་འདྲུད་པ་ལྟ་བུ་དང་། 375 00:16:26,290 --> 00:16:28,760 ཡང་ན་ America's Got Talent འགྲན་རྩོད་ལ་ཞུགས་པའམ་ 376 00:16:28,820 --> 00:16:31,540 ཡང་ན་ ༢༠༡༧ ལོར་ནོ་པེལ་གསོ་རིག་བྱ་དགའ་ཐོབ་པའང་དེ་ཡང་མིན་ནོ། ། 377 00:16:31,550 --> 00:16:33,900 འདི་དག་ཚང་མ་ནི་རླབས་ཆེ་བའི་དོན་ཞིག་མ་རེད། 378 00:16:33,900 --> 00:16:36,350 མི་རྣམས་ཀྱིས་ནི་འདི་འདྲ་འདོད་སྲིད་ཀྱང་། དོན་དངོས་སྟེང་དེ་འདྲ་མ་རེད། 379 00:16:36,350 --> 00:16:37,800 དངོས་དོན་རླབས་ཆེ་བའི་ལས་དོན་ནི་ 380 00:16:37,800 --> 00:16:40,660 དཀོན་མཆོག་གིས་ཞེད་སྣང་དང་ངོ་ཚ་ཆེ་བའི་ཉམས་ཐག་གི་བྱིས་པ་སྟེ་ 381 00:16:40,660 --> 00:16:42,200 གཡང་གཟར་ལ་སྐྲག་མཁན་ 382 00:16:42,200 --> 00:16:43,890 ཆུ་དང་ཉ་ཆེན་ཤཱརྐ་ལ་སྐྲག་མཁན་ 383 00:16:43,890 --> 00:16:46,370 ད་རུང་སྨན་པ་དང་གནད་གཡོག ཁབ་རྩེ་ལྟ་བུའི་རྩེ་མོ་རྣོ་བའི་ཅ་ལག་ལ་སྐྲག་མཁན་དེ་ལ་ 384 00:16:46,370 --> 00:16:47,640 མི་རྣམས་དང་ཁ་བརྡ་བཤད་དུ་བཅུག་པ་དང་ 385 00:16:47,640 --> 00:16:49,800 འཛམ་རླིང་ཧྲིལ་བོར་དབྱིན་ཁྲུ་སུམ་ཁྲི་ཡི་མཐོ་ཚད་ནས་ 386 00:16:49,800 --> 00:16:51,320 འཕུར་བསྐྱོད་དང་ 387 00:16:51,320 --> 00:16:53,900 རྩེ་མོ་རྣོ་བའི་ཅ་ལག་འཁྱུར་མིད་དང་ཆུ་འོག་ནས་ཉ་ཆེན་ཤཱརྐ་དང་འགྲོགས་པ། 388 00:16:53,900 --> 00:16:57,430 དེར་མ་ཟད། སྨན་པ་དང་ནད་གཡོག་ལ་ཁ་བརྡ། ད་རུང་ཁྱོད་ཚོ་ལྟ་བུའི་འཛམ་གླིང་གི་ལྟད་མོ་ཡོངས་དང་གླེང་མོལ་ཐུབ་པའི་ནུས་མཐུ་བསྩལ། 389 00:16:57,430 --> 00:16:59,580 དེ་ནི་ངོ་མ་ང་ལ་མཚོན་ན་རླབས་ཆེ་བའི་དོན་དག་ཅིག་རེད། 390 00:16:59,580 --> 00:17:01,450 ངས་དུས་ནམ་ཡང་དཔེ་མི་སྲིད་པའི་དོན་དག་སྒྲུབ་ན་འདོད། 391 00:17:01,450 --> 00:17:02,380 ༼དགའ་བསུ།༽ 392 00:17:02,380 --> 00:17:03,760 བཀའ་དྲིན་ཆེ། 393 00:17:03,760 --> 00:17:05,220 བཀའ་དྲིན་ཆེ། 394 00:17:05,660 --> 00:17:09,040 ༼དགའ་བསུ།༽ 395 00:17:09,700 --> 00:17:12,569 ངས་དུས་རྒྱུན་དཔེ་མི་སྲིད་པའི་དོན་དག་སྒྲུབ་ན་འདོད། ད་བར་ངས་དེ་ལས་ཡོད། 396 00:17:12,569 --> 00:17:15,858 ངས་རང་གི་མི་ཚེའི་ནང་ཁྱད་མཚར་གྱི་ལས་དོན་སྒྲུབ་ནས་འཛམ་གླིང་ལ་འགྱུར་བ་གཏོང་ན་འདོད། 397 00:17:15,858 --> 00:17:16,898 ད་བར་ངས་དོན་འདི་ཡང་གྲུབ་ཡོད། 398 00:17:16,898 --> 00:17:19,819 ངས་རྒྱུན་དུ་འཛམ་གླིང་ཧྲིལ་བོར་འཕུར་བསྐྱོད་ཀྱིས་ལས་དོན་ཁྱད་མཚར་བ་མང་པོ་ལས་ཏེ་ 399 00:17:19,819 --> 00:17:21,378 ཚེ་སྲོག་སྲུང་སྐྱོབ་བྱ་འདོད་ཡོད། དེ་ཡང་ངས་གྲུབ་ཡོད། 400 00:17:21,378 --> 00:17:22,720 ཁྱོད་ཚོས་ཨེ་ཤེས། 401 00:17:22,720 --> 00:17:25,569 བྱིས་པ་ཉམ་ཐག་དེའི་རྨི་ལམ་གྱི་ཆ་ཤས་ཆུང་ཆུང་ཞིག་ 402 00:17:25,569 --> 00:17:27,290 ད་རུང་གཏིང་རིམ་ན་ཡོད། 403 00:17:30,320 --> 00:17:36,197 ༼དགོད་སྒྲ།༽ ༼དགའ་བསུ།༽ 404 00:17:37,000 --> 00:17:40,240 ཁྱོད་ཚོས་ཤེས་གསལ་ལྟར། ངས་རྒྱུན་དུ་རང་གི་ཕུགས་འདུན་ལ་འཚོལ་སྙེག་བྱེད་བཞིན་ཡོད། 405 00:17:40,270 --> 00:17:41,530 ད་བར་ངས་རང་གི་ཕུགས་འདུན་རྙེད་ཡོད། 406 00:17:41,540 --> 00:17:42,920 འོན་ཀྱང་གྲོགས་པོ་ལྷན་རྒྱས་དེ་ཅི་ཞིག་རེད་ཅེ་ན། 407 00:17:42,920 --> 00:17:46,230 ངའི་ཕུགས་འདུན་ནི་རལ་གྲི་དང་ལྷན་དུ་མེད། ཁྱོད་ཚོས་འདང་བརྒྱབས་པ་ལྟར་ང་རང་གི་སྟོབས་ཤུགས་ཀྱང་མིན། 408 00:17:46,230 --> 00:17:48,510 དེ་ནི་དོན་ངོ་མར་ང་ཡི་ཞན་ཆ་བཅོས་བསྒྱུར་དང་མི་དང་ལབ་གླེང་བྱེད་ཐུབ་པ་དེ་ཡིན། 409 00:17:48,510 --> 00:17:51,090 ངའི་དམིགས་འབེན་ནི་རང་གི་ཞེད་སྣང་གཏུབས་ནས་འཛམ་གླིང་ལ་ 410 00:17:51,090 --> 00:17:52,390 འགྱུར་བ་གཏོང་རྒྱུ་ཡིན། 411 00:17:52,390 --> 00:17:54,910 རལ་གྲི་རེ་དང་དང་སྐད་ཆ་རེ། 412 00:17:55,070 --> 00:17:57,450 གྲི་ཆུང་རེ་དང་མི་ཚེ་རེ་ 413 00:17:57,540 --> 00:17:59,700 བྱས་ཏེ་མི་རྣམས་ལ་སྐུལ་སློང་གིས་མིའི་གནས་ཚད་ལས་འདས་པར་འགྱུར་བ་དང་ 414 00:17:59,700 --> 00:18:01,860 དཔེ་མི་སྲིད་པའི་ལས་དོན་རེ་ཁོ་ཚོའི་མི་ཚེ་ནང་སྒྲུབ་ཏུ་འཇུག་རྒྱུ་དང་། 415 00:18:02,060 --> 00:18:04,680 ངའི་མི་ཚེའི་དམིགས་འབེན་ནི་གཞན་པར་རང་ཉིད་རྙེད་པར་རོགས་རམ་བྱ་རྒྱུ་ཡིན། 416 00:18:04,680 --> 00:18:05,680 ཁྱོད་ཚོའི་དམིགས་འབེན་ཅི། 417 00:18:05,680 --> 00:18:06,960 ཁྱོད་ཀྱི་མི་ཚེའི་དམིགས་ཡུལ་ཅི་ཡིན། 418 00:18:06,960 --> 00:18:08,960 ཅི་ཞིག་སྒྲུབ་ན་འདོད། 419 00:18:09,260 --> 00:18:11,590 འུ་ཅག་ཚང་མ་ཡ་མཚན་པ་ཡིན་པར་ང་རང་ཡིད་ཆེས་ཡོད། 420 00:18:12,160 --> 00:18:14,260 ཁྱོད་ཀྱི་ཡ་མཚན་པའི་སྟོབས་ཤུགས་ཅི་ཡིན། 421 00:18:14,560 --> 00:18:17,990 འཛམ་གླིང་གི་མི་གྲངས་དུང་ཕྱུར་བདུན་གྱི་ནང་དུ་ 422 00:18:17,990 --> 00:18:20,250 གྲི་མིད་མཁན་གྱི་མི་གྲངས་བཅུ་གྲངས་ལས་ཉུང་ཙམ་ཞིག་མ་གཏོགས་ 423 00:18:20,250 --> 00:18:21,661 ད་བར་ཡོད་པ་མ་རེད། 424 00:18:21,661 --> 00:18:22,940 འོན་ཀྱང་ད་རུང་ཁྱོད་རང་གཅིག་པུ་ཡོད་པ་རེད། 425 00:18:22,940 --> 00:18:24,070 ཁྱོད་རང་ཁྱད་པར་བ་ཡིན། 426 00:18:24,070 --> 00:18:25,540 ཁྱོད་ཀྱི་གཏམ་རྒྱུད་ཅི་ཞིག་ཡིན། 427 00:18:25,540 --> 00:18:27,760 ཅི་ཞིག་གིས་ཁྱོད་རང་གཞན་དང་མི་འདྲ་བར་བཏང་། 428 00:18:27,760 --> 00:18:29,180 ཐ་ན་རང་གིས་རང་གི་སྐད་གདངས་ཧ་ཅང་གཉོམ་རུང་ 429 00:18:29,180 --> 00:18:31,721 ཁྱོས་རང་ཉིད་ཀྱི་གཏམ་རྒྱུད་བཤད་རོགས། 430 00:18:31,900 --> 00:18:33,340 ཁྱོད་ཀྱི་Thromes ནི་གང་དག་ཡིན། 431 00:18:33,340 --> 00:18:35,850 གལ་ཏེ་ཉིད་ཀྱིས་བྱ་དངོས་གང་རུང་ཞིག་སྒྲུབ་ཚེ། སུ་དང་གནས་གང་་ཡིན་རུང་ཁྱད་མེད་པར། 432 00:18:35,850 --> 00:18:37,430 ཁྱོད་ཀྱིས་ཅི་ཞིག་སྒྲུབ་པ་དང་གནས་གང་དུ་འགྲོ་བ། 433 00:18:37,430 --> 00:18:38,480 ཁྱོད་ཀྱིས་ཅི་ཞིག་སྒྲུབ་རྒྱུ་ཡིན། 434 00:18:38,480 --> 00:18:40,340 རང་གི་མི་ཚེའི་ནང་ཅི་ཞིག་ལས་ན་འདོད་པ། 435 00:18:40,340 --> 00:18:41,760 རང་གི་རྨི་ལམ་ཆེ་བོ་ཅི་ཞིག་ཡིན་པར་བསམ་བློ་ཐོངས། 436 00:18:41,760 --> 00:18:44,450 ད་རུང་བྱིས་དུས་ཀྱི་རྨི་ལམ་ཆེ་བོ་ཅི་ཞིག་ཡིན་པར་ཕྱིར་འདང་རྒྱོབས་དང་། 437 00:18:44,450 --> 00:18:46,240 ངས་དེ་གཉིས་གཅིག་པ་མིན་པར་རྒྱན་འཛུགས་ཐུབ། བདེན་ན། 438 00:18:46,483 --> 00:18:47,880 ཁྱོད་ཀྱི་རྨི་ལམ་ཆེ་ཤོས་ཏེ་ཁྱོད་ཀྱིས་བསམས་ན་ 439 00:18:47,880 --> 00:18:50,450 ཧ་ཅང་རྙོག་འཛིང་ཆེ་བ་དང་དངོས་པོའི་གནས་ཚུལ་དང་མི་མཐུན་པ་དེ་ཅི་ཞིག་ཡིན། 440 00:18:50,450 --> 00:18:54,040 ད་ཁྱོས་འདང་བརྒྱབས་ན་དེ་འདྲའི་ཡ་མཚན་པ་ཞིག་མིན་ན། 441 00:18:55,370 --> 00:18:57,050 ཁྱོད་ཀྱི་གྲི་ནི་ཅི་ཞིག་ཡིན། 442 00:18:57,050 --> 00:18:58,650 ཁྱོད་ཚོ་རེ་རེ་ལ་གྲི་རེ་ཡོད། 443 00:18:58,650 --> 00:19:00,600 དེ་ནི་ཕུགས་བསམ་དང་ཞེད་སྣང་གི་སོ་གཉིས་དང་ལྡན་པའི་རལ་གྲི་ཞིག་ཡིན། 444 00:19:00,600 --> 00:19:03,520 གྲི་དེ་ཅི་ཞིག་ཡིན་རུང་མིད་ལ་ཐོངས། 445 00:19:03,890 --> 00:19:05,870 ལྕམ་དང་སྐུ་ཞབས་རྣམ་པ་རང་གི་རྨི་ལམ་གྱི་རྗེས་སུ་འབྲོངས། 446 00:19:05,870 --> 00:19:08,900 ཁྱོད་རང་ཇི་འདྲ་ཞིག་འཁྱོངས་ན་འདོད་ན་དེ་ལ་ནམ་ཡངསྔ་འཕྱི་མེད། 447 00:19:09,720 --> 00:19:12,920 Dogdeball རྩེད་སྐབས་སུ་ང་ལ་བརྙས་བཅོས་བྱས་མྱོང་མཁན་གྱི་བྱིས་པ་དེ་ཚོའི་བསམ་པར་ 448 00:19:12,920 --> 00:19:14,916 ངས་ནི་ནམ་ཡང་དཔེ་མི་སྲིད་པ་ཞིག་སྒྲུབ་མི་ཐུབ་འདོད་ཡོད། 449 00:19:15,060 --> 00:19:17,645 ངས་འདི་རུ་ཁོ་ཚོར་ཚིག་གཅིག་བཤད་རྒྱུ་ཡོད། 450 00:19:17,645 --> 00:19:18,841 བཀའ་དྲིན་ཆེ། 451 00:19:18,940 --> 00:19:22,220 རྒྱུ་མཚན་ནི་ངན་པ་མེད་ན་བཟང་བོ་མི་འབྱུང་པའི་ལོ་རྒྱུས་རེད། 452 00:19:23,020 --> 00:19:27,237 ངས་འདི་ནས་དཔེ་མི་སྲིད་པ་ནི་དཔེ་མི་སྲིད་པ་ཞིག་མིན་པ་ར་སྤྲོད་བྱ་རྒྱུ་ཡིན། 453 00:19:28,300 --> 00:19:32,310 འདི་ལ་ཉེན་ཁ་ཧ་ཅང་ཆེ་སྟེ། འདི་ཡིས་ང་རང་བསོད་ཐུབ། 454 00:19:32,340 --> 00:19:33,720 ཁྱེད་ཅག་སྤྲོ་བོ་ཡོང་བར་ངས་རེ་བ་བྱེད། 455 00:19:33,720 --> 00:19:35,260 ༼དགོད་སྒྲ།༽ 456 00:19:36,350 --> 00:19:38,700 འདི་ལ་ཁྱོད་ཚོའི་རོགས་རམ་མཁོ། 457 00:19:46,731 --> 00:19:48,405 ༼ལྟ་མོ་བ།༽ གཉིས། གསུམ། 458 00:19:48,405 --> 00:19:52,100 ཌན་མེ་ཡེར། (Dan Meyer): མ་རེད། མ་རེད། མ་རེད། ཁྱོད་ཚོས་ང་ལ་བརྩི་རོགས་བྱ་དགོས། ཚང་མ་ཤོག་ཨ། 459 00:19:52,100 --> 00:19:53,210 ༼དགོད་སྒྲ།༽ 460 00:19:53,210 --> 00:19:55,840 ཁྱོད་ཚོས་ང་ལ་བརྩི་རོགས་བྱོས་ཨ། ཚང་མས་གྲ་སྒྲིག་བྱས་ཨེ་ཡོད། 461 00:19:55,870 --> 00:19:56,964 གཅིག 462 00:19:56,964 --> 00:19:58,150 གཉིས། 463 00:19:58,170 --> 00:19:58,980 གསུམ། 464 00:19:58,980 --> 00:20:00,920 མ་རེད། དེ་གཉིས་རེད། འོན་ཀྱང་ད་ཁྱོད་ཚོས་ཤེས་ནི་རེད། 465 00:20:06,760 --> 00:20:07,780 ༼ལྟད་མོ་བ།༽ གཅིག 466 00:20:07,840 --> 00:20:08,750 གཉིས། 467 00:20:08,800 --> 00:20:10,010 གསུམ། 468 00:20:11,260 --> 00:20:13,280 ༼དབུགས་གཏོང་ལེན།༽ 469 00:20:14,360 --> 00:20:15,940 ༼དགའ་བསུ།༽ 470 00:20:16,251 --> 00:20:17,450 Dan Meyer: ལེགས་སོ། ། 471 00:20:17,450 --> 00:20:23,100 ༼དགའ་བསུ།༽ ༼སྐད་འབོད།༽ 472 00:20:23,100 --> 00:20:24,820 བཀའ་དྲིན་ཧ་ཅང་ཆེ། 473 00:20:25,450 --> 00:20:28,800 བཀའ་དྲིན་ཆེ། བཀའ་དྲིན་ཆེ། བཀའ་དྲིན་ཆེ། སེམས་གཏིང་ནས་བཀའ་དྲིན་ཆེ། 474 00:20:28,800 --> 00:20:31,290 དོན་ངོ་མར་ངའི་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། 475 00:20:31,880 --> 00:20:35,020 ཁྱེད་རྣམ་པར་ངས་འདི་ནས་དཔེ་མི་སྲིད་པ་ཞིག་སྒྲུབ་རྒྱུ་ཡིན་ཞེས་བཤད་པ་བཞིན། ངས་ད་ལྟ་བསྒྲུབས་ཟིན་པ་ཡིན། 476 00:20:35,030 --> 00:20:37,730 འོན་ཀྱང་འདི་ནི་དཔེ་མི་སྲིད་པ་ཞིག་མ་རེད། ངས་ཉིན་ལྟར་འདི་ལྟར་སྒྲུབ་བཞིན་ཡོད་པ་རེད། 477 00:20:37,800 --> 00:20:42,800 ཞེད་སྣང་དང་ངོ་ཚ་ཆེ་བ། སྐམ་རིད་དང་ཉམ་ཐག་གི་བྱིས་པ་དེ་ལ་མཚོན་ན་དཔེ་མི་སྲིད་པ་ཞིག་ནི་ 478 00:20:42,840 --> 00:20:44,600 [TEDx] ཡི་གར་སྟེགས་སུ་ལངས་ནས་ 479 00:20:44,600 --> 00:20:47,100 ཚེ་གཅིག་ལུས་གཅིག་ནང་ 480 00:20:47,100 --> 00:20:49,080 འཛམ་གླིང་ལ་འགྱུར་བ་གཏོང་རྒྱུ་ཡིན། 481 00:20:49,080 --> 00:20:52,060 གལ་ཏེ་ངས་ཁྱོད་ཚོའི་བསམ་བློ་ལ་འགྱུར་བ་བཏང་ནས་ཁྱོད་རྣམ་པར་ 482 00:20:52,060 --> 00:20:54,460 དཔེ་མི་སྲིད་པ་ནི་དཔེ་མི་སྲིད་པ་ཞིག་མིན་པར་ཡིད་ཆེས་སུ་བཅུག་ན། 483 00:20:54,460 --> 00:20:57,960 གལ་ཏེ་ངས་ཁྱོད་ཚོར་དཔེ་མི་སྲིད་པ་ཞིག་ཁྱོད་ཅག་སོ་སོའི་མི་ཚེའི་ནང་བསྒྲུབ་ཏུ་འཇུག་ཐུབ་ཚེ། 484 00:20:58,120 --> 00:21:01,020 ངས་ནི་རང་གི་བསམ་པ་རྫོགས་པ་ཡིན་མོད། ཁྱོད་ཚོས་འགོ་བརྩམས་པ་ཙམ་རེད། 485 00:21:01,020 --> 00:21:04,100 ནམ་ཡང་ཕུགས་བསམ་མ་འདོར། ནམ་ཡང་ཡིད་ཆེས་མ་འདོར། 486 00:21:04,820 --> 00:21:06,350 ང་ལ་ཡིད་ཆེས་བྱས་པར་བཀའ་དྲིན་ཆེ། 487 00:21:06,350 --> 00:21:08,250 ད་རུང་ཁྱོད་ཚོ་ངའི་ཕུགས་བསམ་གྱི་ཆ་ཤས་ཤིག་བྱས་པར་བཀའ་དྲིན་ཆེ། 488 00:21:08,250 --> 00:21:09,550 ངས་ཁྱོད་ཚོར་འབུལ་རྒྱུའི་ལེགས་སྐྱེས་འདི་ཡིན། 489 00:21:09,550 --> 00:21:11,486 དཔེ་མི་སྲིད་པ་ནི་... 490 00:21:11,486 --> 00:21:12,920 ༼ལྟད་མོ་བ་ན་རེ།༽... དཔེ་མི་སྲིད་པ་ཞིག་མ་རེད། 491 00:21:12,920 --> 00:21:14,920 ལམ་ཐག་རིང་བོ་བརྒྱབས་པ་ལེགས་སྐྱེས་ཀྱི་ཆ་ཤས་ཤིག་ཡིན། 492 00:21:15,100 --> 00:21:19,560 ༼དགའ་བསུ།༽ 493 00:21:19,560 --> 00:21:21,020 བཀའ་དྲིན་ཆེ། 494 00:21:21,060 --> 00:21:25,360 ༼དགའ་བསུ།༽ 495 00:21:25,580 --> 00:21:27,560 ༼དགའ་འབོད།༽ 496 00:21:27,780 --> 00:21:30,240 མདོ་འཛིན་པ། བཀའ་དྲིན་ཆེ། Dan Meyer ལགས།