YouTube

Got a YouTube account?

New: enable viewer-created translations and captions on your YouTube channel!

Tibetan subtitles

← ཆེ་མ་མན་ད་ཨེ་ཊིས་ཆེ། གཏམ་རྒྱུད་ངོས་གཅིག་མ་ཞིག་གི་ཉེན་ཁ།

Get Embed Code
56 Languages

Showing Revision 11 created 03/09/2013 by Bhuchung Tsering.

  1. ང་ནི་སྒྲུང་བ་ཞིག་ཡིན།

  2. ངས་རང་ཉིད་སྒེར་གྱི་ལོ་རྒྱུས་ཁག་ཅིག་ཁྱེད་ལ་བཤད་འདོད་བྱུང་།
  3. དེ་ནི་ངས་"ལོ་རྒྱུས་ངོས་གཅིག་མའི་ཉན་ཁ་"ཅེས་འབོད་འདོད་ཡོད་པའི་སྐོར་ཡིན།
  4. ང་ནི་ནའི་ཇི་རི་ཡའི་ཤར་ཕྱོགས་སུ་ཡོད་པའི་གཙུག་ལག་སློབ་གྲྭ་ཞིག་གི་ར་སྐོར་དུ་འཚར་ལོངས་བྱུང་བ་ཡིན།
  5. ཨ་མས་བཤད་ན། ངས་ལོ་གཉིས་ཀྱི་ཐོག་ནས་དཔེ་ཆ་བཀླགས་འགོ་བརྩམས་སོང་ཟེར།
  6. ཡིན་ཡང་། ངས་བསམ་པར་ལོ་བཞི་ནས་བཙུཊ་པ་དེ་ནི་བདེན་པ་དང་ཐག་ཉེ་བ་ཡོད།
  7. དེར་བརྟེན། ང་ནི་དཔེ་དེབ་ཆུང་ངུའི་དུས་ནས་ཀློག་མཁན་གྲས་ཡིན།
  8. ངས་བཀླགས་པའི་དཔེ་དེབ་ནི་དབྱིན་ཡུལ་དང་ཨ་རིའི་བྱིས་སྒྲུང་རེད།
  9. མ་ཟད། ང་ནི་རྩོམ་འབྲིའི་ལས་ལའང་ཆུང་དུས་ནས་ཞུགས་པ་ཡིན།

  10. ལོ་བདུན་ཡས་མས་ནས་འབྲི་འགོ་བཙུགས་པ་དང་
  11. དེ་ཡང་ཞ་སྨྱུག་གི་བྲིས་པའི་སྒྲུང་དང་མཚོན་ཁྲ་ཅན་གྱི་རི་མོས་བརྒྱན་པ་ཡིན་པས་
  12. ངས་བརྩམས་ཆོས་དག་ནི་ངས་ཨ་མས་མ་བཀླགས་རང་བཀླགས་རེད།
  13. ངས་བྲིས་བའི་སྒྲུང་ནི་ངས་བཀླགས་པའི་སྒྲུང་དག་དང་གཅིག་མཚུངས་དང་།
  14. ངའི་སྒྲུང་ནང་ཡོད་པའི་མི་སྣ་ཚང་མ་ཤ་མདོག་དཀར་པོ་དང་མིག་སྔོན་པོ་ཅན་ཤ་སྟག་ཡིན།
  15. ཁོང་ཚོ་ཁ་བའི་ནང་དུ་རྩེད་མོ་རྩེད་པ་དང་།
  16. ཀུ་ཤུ་བཟའ་བ།
  17. གནམ་གཤིས་ཀྱི་སྐོར་ཡང་ཡང་འདི་ལྟར་བཤད།
  18. ཉི་མ་ཤར་བ་དེ་ནི་ཇི་འདྲའི་
  19. ངོ་མཚར་ཆེན་པོ་ཞིག་རེད་ཨང་།
  20. (དགོད་སྒྲ།)
  21. ང་ནེའི་་ཇི་རི་ཡི་ནང་དུ་འཚོ་བ་བསྐྱལ་བ་ལས།
  22. ཕྱིའི་རྒྱལ་ཁབ་ལ་འགྲོ་མྱོང་རྩ་ནས་མེདགཞིང་།
  23. ང་ཚོའི་ལུང་པར་གངས་མི་འབབ་ལ། ཤིང་ཏོག་ཨ་མྲ་བཟའ།
  24. ང་ཚོས་རྩ་ནས་གནམ་གཤིས་ཀྱི་སྐོར་མི་བཤད།
  25. གང་ལེགས་ཤེ་ན། གནམ་གཤིས་སྐོར་བཤད་དགོས་དོན་མེད།
  26. ངས་བྲིས་བའི་སྒྲུང་གི་མི་སྣ་དག་གིས་ལྒ་སྐྱའི་བྷི་ཡར་མང་པོ་འཐུང་།

  27. གང་ལེགས་ཞེ་ན། ངས་བཀླགས་པའི་དབྱིན་ཇིའི་སྒྲུང་གི་མི་སྣ་ཚོས་
  28. ལྒ་སྐྱའི་བྷི་ཡར་འཐུང་།
  29. ངས་ལྒ་སྐྱའི་བྷི་ཡར་ཞེས་བ་ཅི་ཞིག་ཡིན་མིན་ཤེས་ཀྱི་མེད་པའི་ཐོག་ནས་ཡིན།
  30. (དགོད་སྒྲ།)
  31. དེ་རྗེས་ལོ་ངོ་མང་པོའི་རིང་ང་ལ་ལྒ་སྐྱའི་བྷི་ཡར་གྱི་བྲོ་བ་མྱངས་
  32. འདོད་ཆེན་པོ་སྐྱེས།
  33. འོན་ཀྱང་། དེ་ནི་སྒྲུང་གཞན་ཞིག་རེད།
  34. ངས་བསམ་པར་འདིས་ག་རེ་སྟོན་གྱི་འདུག་ལབ་ན།

  35. ང་ཚོ་སྒྲུང་གིས་བག་ཆགས་འཇོག་སླ་བོ་དང་ཉེན་ཚབས་
  36. ཇི་འདྲ་ཡོད་པ་སྟོན།
  37. ལྷག་པར་དུ་བྱིས་པ་ཡིན་པའི་སྐབས་ཡོང་།
  38. གང་ལེགས་ཤེ་ན། ངས་བཀླགས་པའི་དེབ་ཀྱི་ནང་གི་
  39. མི་སྣ་ཚང་མ་ཕྱི་མི་རེད།
  40. ངའི་སེམས་སུ་དེབ་ནང་རང་བཞིན་གྱིས་
  41. ཕྱི་མི་ཡོད་དགོས་པ་དང་།
  42. ངས་སྒེར་ངོས་ནས་ངོས་འཛིན་བྱེད་མི་ཐུབ་པའི་
  43. སྐོར་ཡིན་དགོས་ཀྱི་ཡོད་པའི་་ཡིད་ཆེས་འཕེལ་བཅུག་སོང་།
  44. ང་ལ་ཨ་ཧྥེ་རི་ཁའི་དེབ་རྙེད་སོན་བྱུང་སྐབས་གནས་སྟངས་ལ་འགྱུར་བ་ཕྱིན་སོང་།
  45. དེ་འདྲའི་དཔེ་དེབ་མང་པོ་མེད་པ་དང་། ཕྱི་གླིང་བའི་དཔེ་དེབ་ནང་བཞིན་
  46. རྙེད་རྒྱུ་ལས་སླ་པོ་མི་འདུག།
  47. ཆེས་ནོ་ཨ་ཆ་བྷས་དང་ཁ་མ་ར་ལེ་ཡས་ལྟ་བུའི་

  48. རྩོམ་པ་པོ་དག་གིས་རྐྱེན་བྱས་ཏེ་ངས་རྩོམ་རིག་ལ་བཟུང་བའི་
  49. ལྟ་སྟངས་ལ་འགྱུར་བ་ཕྱིན་སོང་།
  50. ངས་ང་ལྟ་བུའི་མི་
  51. དེ་ཡང་བུད་མེད་ཤ་མདོག་སྨུག་ནག་ཅན་དང་
  52. ལྟག་འཆིང་བཟོ་མི་ཐུབ་པའི་འཇུར་མདུད་ཀྱི་སྐྲ་ཅན་ཀྱང་
  53. རྩོམ་རིག་གི་བརྗོད་བྱ་བྱེད་ཆོག་པ་རྟོགས་བྱུང་།
  54. ངས་རང་གིས་རྟོགས་པའི་བྱ་གཞག་སྐོར་འབྲི་འགོ་བརྩམས་པ་ཡིན།
  55. ངས་བཀླགས་པའི་ཨ་རི་དང་དབྱིན་ལན་གྱི་དེབ་དེ་ཚོར་དགའ།

  56. དཔེ་དེབ་དེ་དག་གིས་ངའི་འཆར་སྒོ་དཀྲུགས་པ་དང་འཇིག་རྟེན་གསར་བ་ཞིག་གི་སྒོ་མོ་ཕྱེས་བྱུང་།
  57. འོན་ཀྱང་། དམིགས་བྱ་མེད་པའི་མཇུག་འབྲས་ནི་
  58. ང་ལྟ་བུའི་མི་ཚོ་རྩོམ་རིག་གི་བརྗོད་བྱ་བྱས་ཆོག་པ་
  59. ངས་ཧ་མ་གོ་བ་དེ་རེད།
  60. ངས་ཨ་ཧྤེ་རི་ཁའི་རྩོམ་པ་པོ་དག་གསར་རྙེད་བྱུང་ནས་ཅི་ཞིག་ཐོབ་འདུག་ཞེ་ན།
  61. ངའི་དཔེ་ཆ་བརྗོད་དོན་ནི་རྐྱང་པ་ཞིག་ཡིན་དགོས་སྙམ་པའི་
  62. ལྟ་བ་དེ་ནོར་འཁྲུལ་ཡིན་པ་བསྒྲུབས་པ་རེད།
  63. ང་ནི་ནེའི་་ཇེ་རི་ཡ་ཡི་འབྱོར་འབྲིང་ཁྱིམ་ཚང་ཞིག་ནས་ཡོང་བ་ཡིན།

  64. ངའི་ཨ་ཕ་གཙུག་ལག་སློབ་དཔོན་ཞིག་དང་།
  65. ཨ་མ་ནི་འཛིན་སྐྱོང་བྱེད་པོ་ཞིག་རེད།
  66. དེ་འདྲ་སོང་འགྲོ་སྲོལ་ལྟར་ང་ཚོའི་ནང་དུ་
  67. ཉེ་འདབས་ཀྱི་གྲོང་གསེབ་ནས་ཡོང་བའི་ནང་ལས་བྱེད་མཁན་གྱི་གཡོག་པོ་ཞིག་ཡོད།
  68. ང་ལོ་བརྒྱད་ལ་སོན་མཚམས་ང་ཚོར་གཡོག་པོ་ཞིག་རག་པ་རེད།
  69. ཁོང་མིང་ལ་ཧྥེ་ཏིས་ཟེར།
  70. ཨ་མས་ཁོང་གི་སྐོར་བཤད་པའི་སྐད་ཆ་གཅིག་པོ་ནི་
  71. ཁོང་གི་ནང་མི་ཧ་ཅང་ཉམ་ཐག་ཞིག་ཡིན་པ་དེ་རེད།
  72. ངའི་ཨ་མས་གྲོ་མ་དང་འབྲས།
  73. ང་སོའི་དུག་ལོག་རྙིང་པ་རྣམས་ཁོང་གི་ནང་མིར་བསྐུར།
  74. ངས་དགོང་ཟས་ཚང་མ་མ་ཟ་བའི་སྐབས་སུ་ཨ་མས་ང་ལ་
  75. "ཟ་མ་ཚང་མ་ཟོ། ཧྥེ་ཏིས་ལྟ་བུའི་མི་ཚོའི་ནང་དུ་ཅི་ཡང་མེད་པ་མི་ཤེས་སམ།"ཞེས་བརྗོད།
  76. དེར་བརྟེན། ངས་ཧྥེ་ཏིས་ཀྱི་ནང་མིར་རྙིང་རྗེ་དྲག་པོ་སྐྱེས་བྱུང་།
  77. དེ་ནས་རེས་གཟའ་སྤེན་པ་ཞིག་ལ་ང་ཚོ་ཁོང་གི་གྲོང་གསེབ་དུ་ལྟ་སྐོར་ལ་སོང་བ་ཡིན།

  78. ཁོའི་ཨ་མས་ང་ཚོར་ཡིད་དུ་འོང་བའི་བཀོད་རིས་ཅན་གྱི་སླེ་བོ་ཞིག་བསྟན་བྱུང་།
  79. དེ་ནི་ཁོང་གི་གཅེན་པོས་བཟོས་ཞིང་ཚོས་བརྒྱབ་པའི་རྩ་རྒྱུས་རེད་འདུག།
  80. ང་ཧང་སངས་བྱུང་།
  81. ངས་ཁོང་གི་ནང་མི་སུ་ཞིག་གིས་ཀྱང་བཅའ་དངོས་གང་རུང་རེ་
  82. བཟོ་ཐུབ་རྒྱུ་རེད་བསམ་མྱོང་རྩ་ནས་མེད།
  83. ངས་ཁོང་ཚོའི་སྐོར་གོ་བ་ནི་ཉམ་ཐག་ཡིན་རབས་རྐྱང་ཡིན་པས།
  84. ངས་ཁོང་ཚོའི་སྐོར་ལ་བསམ་གཞིག་བྱེད་ཐུབ་པ་ཞིག་ནི་
  85. ཉམ་ཐག་ལས་གཞན་མ་མཆིས།
  86. ཁོང་ཚོའི་ནང་མིའི་དབུལ་ཕོངས་ཀྱི་གནས་བབ་ནི་ངའི་སྒྲུང་ངོས་གཅིག་པོ་རེད།
  87. ལོ་ངོ་མང་པོའི་རྗེས་སུ་ང་ནེའི་ཇི་རི་ཡ་དང་བྲལ་ནས་ཨ་རིར་མཐོ་སློབ་འགྲིམས་

  88. སྐབས་འདིའི་སྐོར་བསམ་བློ་བཏང་བ་ཡིན།
  89. སྐབས་དེར་ངའི་ལོ་༡༩་རེད།
  90. ངའི་ཨ་རིའི་ཤག་རོགས་དེ་ང་ལ་ཧང་སངས་འདུག།
  91. ཁོ་མོས་ངས་དེ་འདྲའི་དབྱིན་སྐད་ལེགས་པོ་ཞིག་གང་ནས་སྦྱངས་མིན་དྲིས།
  92. ངས་དབྱིན་ཡིག་ནི་ནེའི་ཇེ་རི་ཡའི་གཞུང་སྤྱོད་ཡི་གེ་རེད་ཅེས་ལན་བཏབ་དུས་
  93. ཁོ་མོ་མགོ་འཐོམས་སོང་།
  94. ཁོ་མོས་ང་ལ་ང་ཚོའི་ "རུས་སྡེ་ཡི་གླུ་དབྱངས་" ལ་ཉན་ན་འགྲིག་མིན་རེ་བ་ཞུས་བས།
  95. ངས་ང་ལ་ཡོད་པའི་གླུ་བ་མ་རི་ཡ་ཁེ་རིས་ཀྱི་གླུ་དབྱངས་གྱི་ཀྲེབ་ཐག་
  96. སྟོན་སྐབས་ཁོ་མོ་ཡིད་སེམས་ཕམ་འདུག།
  97. (དགོད་སྒྲ།)
  98. ཁོ་མོས་ངས་ཐབ་ཁ་གང་འདྲ་བྱས་ཏེ་བེད་སྤྱོད་གཏོང་སྟངས་
  99. ཤེས་ཀྱི་མ་རེད་སྙམ་འདུག།
  100. ང་ཧང་སངས་བཅུག་པ་ནི། ཐ་ན་ཁོ་མོས་ང་

  101. མ་མཐོང་གོང་ནས་ང་ལ་སྙིང་རྗེ་སྐྱེས་འདུག།
  102. ཁོ་མོས་ང་ལ་བཟུང་བའི་གཞི་རྩའི་ལྟ་སྟངས་ནི་ང་ཨ་ཧྥི་རི་ཁ་བ་ཞིག་ཡིན་པས་ཆ་ནས་
  103. ཁོ་མོའི་སྣང་ངོར་ཡོད་པའི་ང་ནི་སྦྱིན་གཏོང་དང་སྙིང་རྗེ་སྐྱེ་གཞི་ཙམ་ཞིག་རེད།
  104. ངའི་ཤག་རོགས་ཀྱིས་སེམས་སུ་ཨ་ཧྥི་རི་ཁའི་སྐོར་གྱི་
  105. ཆག་སྒོའི་གཏམ་རྒྱུད་རྐྱང་པ་ཞིག་མ་གཏོགས་མི་འདུག།
  106. གཏམ་རྒྱུད་རྐྱང་པ་འདིའི་ནང་དུ་ཨ་ཧྥི་རི་ཁ་བ་ཞིག་
  107. ཕྱོགས་གང་ཐད་ནས་ཁོ་མོ་དང་འདྲ་བོ་ཡོང་མི་སྲིད་སྙམ་འདུག།
  108. ཁོང་ཚོར་སྙིང་རྗེ་སྐྱེས་བ་ལས་གནད་དོནགཞན་ཡོད་མི་སྲིད་པ་དང་།
  109. འདྲ་མཉམ་གྱི་མི་ཡིན་པའི་རྣམ་པ་མངོན་མི་སྲིད་པ་བྱུང་།
  110. ངས་ངེས་བར་དུ་བཤད་རྒྱུ་ཞིག་ལ། ང་ཨ་རིར་མ་སོང་བའི་སྔོན་ལ་

  111. ཤེས་བཞིན་དུ་ཨ་ཧྥི་རི་ཁ་བ་ཞིག་ཡིན་སྙམ་པ་ཚོར་མྱོང་མེད།
  112. ཡིན་ཡང་། ཨ་རིར་ཨ་ཧྥི་རི་ཁའི་སྐོར་གླེང་ཐེངས་རེ་རེར་མི་ཚོས་ང་ལ་བལྟ།
  113. ངས་ནམ་མི་བྷི་ཡ་ལྟ་པུའི་ས་ཆ་སྐོར་གང་ཡང་ཤེས་ཀྱི་མེད་རུང་དེ་བྱུང་།
  114. འོན་ཀྱང་། ངས་རང་གི་ངོ་བོ་གསར་བ་འདི་ལ་འཐམས་འགོ་བཙུགས་པ་ཡིན།
  115. ད་ཆ་ཕྱོགས་མང་པོ་ཞིག་ནས་རང་ཉིད་ཨ་ཧྥི་རི་ཁ་བ་ཞིག་ཡིན་སྣང་སྐྱེས།
  116. འོན་ཀྱང་། མི་ཚོས་་ད་ལྟའང་ཨ་ཧྥི་རི་ཁ་ལ་རྒྱལ་ཁབ་ཞིག་ལ་
  117. ངོས་འཛིན་བྱས་ཚེ་སུན་སྣང་སྐྱེ་གི་འདུག།
  118. དེའི་དཔེ་མཚོན་གསར་ཤོས་དེ་ལ་རྒོ་སི་ནས་ཉིན་གཉིས་གོང་ཡོང་པའི་གནམ་གྲུའི་
  119. ནང་ཡོང་སྐབས་ཝར་ཇིན་གནམ་གྲུའི་
  120. གསལ་བསྒྲགས་གནང་བ་ཞིག་ནང་རོགས་སྐྱོར་གྱི་ལས་གཞི་
  121. "རྒྱ་གར་དང་། ཨ་ཧྥི་རི་ཁ། རྒྱལ་ཁབ་གཞན་ནང་" གནང་གི་ཡོད་པའི་སྐོར་བཤད་སོང་།
  122. (དགོད་སྒྲ།)
  123. ང་ཨ་ཧྥི་རི་ཁ་བ་ཞིག་གིས་ཨ་རིའི་འཚོ་བ་ལོ་ཁ་ཤས་ལ་རོལ་རྗེས

  124. ངའི་ཤག་རོགས་ཀྱི་ང་ལ་བཟུང་བའི་ལྟ་སྟངས་ཏེ་ཧ་གོ་འགོ་ཚུགས་སོང་།
  125. གལ་ཏེ་ང་ནའི་ཇེ་རི་ཡ་ནང་དུ་ལག་ཆགས་མེད་པར། ངས་རང་ཨ་ཧྥི་རི་ཁའི་སྐོར་ཤེས་བ་ནི་
  126. ཡོངས་ཁྱབ་ཀྱི་རྣམ་པ་ནས་ཡིན་ན།
  127. ངས་ཀྱང་ཨ་ཧྥི་རི་ཁ་ཞེས་ན་
  128. ས་བབས་མཛེས་མོ་དང་། ཡིད་དུ་འོང་བའི་རི་དགས།
  129. དཔོག་དཀའ་བའི་མི་རིགས།
  130. དོན་མེད་ཀྱི་དམག་འཁྲུག་རྒྱག་ཞིང་། ཉམས་ཐག་གི་གནས་སྟངས་དང་། ཨེ་ཙིའི་ནད་ཀྱིས་ཤི་བ།
  131. རང་གི་དོན་དུ་སྐད་ཆ་བཤད་མི་ཐུབ་པ།
  132. སྙིང་རྗེ་ཅན་གྱི་ཕྱི་མི་དཀར་པོ་ཞིག་གིས་
  133. སྐྱོབ་རྒྱུར་སྒུག་ནས་ཡོད་པ་དེ་བསམས་ཀྱི་རེད།
  134. ངས་ཨ་ཧྥི་རི་ཁ་ནི་ངས་ཧྥེ་ཏིས་ཀྱི་ཁྱིམ་ཚང་ལ་
  135. ལ་བཟུང་བའི་བྱིས་དུས་ཀྱི་ལྟ་སྟངས་དེ་ཡིན་རྒྱུ་རེད།
  136. ཨ་ཧྥེ་རི་ཁར་བཟུང་བའི་ལྟ་སྟངས་ངོས་གཅིག་མ་འདི་ངས་བལྟས་ན་ནུབ་ཕྱོགས་
    རྩོམ་རིག་ནས་བྱུང་འདུག།

  137. འདིར་༡༥༦༡་ལོར་ནུབ་ཨ་ཧྥི་རི་ཁར་མཚོ་འགྲུལ་བྱེད་མཁན་གྱི་ལོན་ཊོན་
  138. ཚོང་བ་ཇོན་ལོག་གི་ཡི་བརྩམས་ཆོས་
  139. ནང་གི་ལུངས་ཤིག་དྲངས་ན།
  140. ཁོང་གིས་ངོ་མཚར་བའི་མཚོ་འགྲུལ་གྱི་ཟིན་བྲིས་ཤིག་ཉར་འདུག།
  141. ཁོང་གིས་ཤ་མདོག་ནག་པའི་ཨ་ཧྥི་རི་ཁ་བ་ཚོ་ནི་
  142. "སྡོད་ཁང་མེད་པའི་གཅན་གཟན་" ལ་ངོས་བཟུང་འདུག།
  143. "ཁོང་ཚོ་ནི་མགོ་མེད་པའི་མི་རིགས་ཤིག་དང་།
  144. ཁ་དང་མིག་རྣམས་ནུ་མིའི་ནང་དུ་འདུག།"
  145. ངས་འདི་ག་དུས་ཀློག་ཀྱང་གད་མོ་བགད་པ་ཡིན།

  146. ང་ཚོས་ཇོན་ལོག་གི་འཆར་སྣང་ལ་ངེས་བར་དུ་ཡི་རངས་བྱེད་དགོས།
  147. ཡིན་ཡང་། ཁོང་གི་བརྩམས་ཆོས་ཀྱི་ཅི་ཞིག་སྟོན་གྱི་འདུག་ཅེ་ན།
  148. དེས་ཨ་ཧྥེ་རི་ཁའི་རིག་གཞུང་ནུབ་ཕྱོགས་སུ་
  149. ངོ་སྤྲོད་བྱེད་རྒྱུ་མགོ་ཚུགས་པའི་ལམ་སྲོལ་གྱི་དུས་མཚོན་གྱི་འདུག།
  150. ལམ་སྲོལ་དེས་ས་ཧ་ར་ལྷོ་ངོས་སུ་ཡོད་པའི་ཨ་ཧྥི་རི་ཁ་བ་ཚོ་ནི་ངན་པ་རྐྱང་རྐྱང་གི་གཟུགས་ཏེ།
  151. གཞན་དང་མི་འདྲབ་དང་། ནག་ཁུང་ནང་ཡོད་པའི་
  152. མི་ཡིན་པ། ངོ་མཚར་ཆེ་བའི་སྙན་ངག་པ་
  153. རོས་ཊི་ཡར་ཊི་ཀེབ་ལེང་གྱི་ཚིག་གི་ནང་དུ་
  154. "ཕྱེད་ཀ་བདུད་དང་ཕྱེད་ཀ་བྱིས་པ་རེད།"
  155. དེ་འདྲ་སོང་། ངས་གསལ་བོར་ཤེས་འགོ་ཚུགས་པ་ཞིག་ནི།

  156. ངའི་ཨ་མེ་རི་ཀའི་ཤག་རོགས་ཀྱི་མི་ཚེ་ཧྲིལ་བོར་
  157. ངའི་སློབ་དཔོན་ཞིག་དང་འདྲ་བའི་ཨ་ཧྥེ་རི་ཁའི་སྐོར་གྱི་སྒྲུང་ངོས་གཅིག་མ་རྐྱང་རྐྱང་
  158. གོ་ཡོད་རྒྱུ་རེད།
  159. ངའི་སློབ་དཔོན་དེས་ཐེངས་ཤིག་བརྗོད་རྒྱུར།
  160. ངས་བརྩམས་པའི་སྒྲུང་རིང་དེ་ནི་ "ཨ་ཧྥེ་རི་ཁའི་ཁྱད་ཆོས་ངོ་མ་" མི་འདུག་ཟེར།
  161. ད་ལྟ་ངས་ཁས་ལེན་བྱེད་ཐུབ་པ་ཞིག་ནི།
  162. ངའི་སྒྲུང་རིང་དེར་སྐྱོན་གྱི་ཆ་མང་པོ་ཡོད་རྒྱུ་རེད།
  163. ཕྱོགས་མང་པོ་ནས་སྒྲུང་གི་ཁྱད་ཆོས་དེ་ཚང་ཡོད་རྒྱུ་མ་རེད།
  164. ཡིན་ཡང་། ངས་སྒྲུང་དེས་ཨ་ཧྥི་རི་ཁ་ཚད་ལྡན་མཚོན་ཐུབ་མི་འདུག་སྙམ་པའི་
  165. ཚོར་བ་དེ་བྱུང་མྱོང་མེད།
  166. དངོས་ཡོད་ཐོག་ངས་ཨ་ཧྥེ་རི་ཁ་
  167. ཚད་ལྡན་ཞེས་བ་དེ་ག་རེད་ཡིན་མིན་ཤེས་ཀྱི་མེད།
  168. སློབ་དཔོན་གྱིས་བརྗོད་རྒྱུར་ངའི་སྒྲུང་གི་མི་སྣ་དག་ནི་
  169. ཁོང་དང་འདྲ་བའི་
  170. སློབ་སྦྱོང་ཅན་གྱི་འབྱོར་འབྲིང་གྲལ་རིམ་པ་རྐྱང་རྐྱང་རེད་ཟེར།
  171. ངའི་སྒྲུང་གི་མི་སྣ་དག་གིས་མོ་ཊ་གཏོང་ལ།
  172. ཁོང་ཚོ་ལྟོགས་ཤི་ཐེབས་ཀྱི་མེད།
  173. དེར་བརྟེན། ཁོང་ཚོ་་ཨ་ཧྥེ་རི་ཁ་ཚད་ལྡན་མ་རེད།
  174. ཡིན་ཡང་། ངས་གང་མགྱོགས་ངོས་ལེན་དགོས་པ་ཞིག་ནི་སྒྲུང་ངོས་གཅིག་ཅན་

  175. གྱི་གནད་དོན་ཐོག་ང་ཡང་ཉེས་ཅན་ཞིག་ཡིན།
  176. ལོ་ཁ་ཤས་སྔོན་ལ་ང་ཨ་རི་ནས་མེག་སེས་ཁོ་རུ་ཕྱིན་པ་ཡིན།
  177. སྐབས་དེའི་ཨ་རིའི་ཆབ་སྲིད་ཀྱི་གནས་ཚུལ་ཛ་དྲག་རེད།
  178. དེ་སྐབས་ཕྱི་མི་གནས་སྤོར་བའི་སྐོར་བགྲོ་གླེང་བྱེད་ཀྱི་ཡོད།
  179. ཨ་རིར་རྒྱུན་དུ་འབྱུང་བ་ལྟར་
  180. ཕྱི་མ་གནས་སྤོ་ཞེས་བ་ནི་མེག་སེས་ཁོ་ཡི་མི་དང་དོན་གཅིག་ལྟ་བུ་ཆགས་པ་རེད།
  181. མེག་སེས་ཁོ་ཡི་མི་ཚོའི་སྐོར་ལ་རྗོགས་རྒྱུ་མེ་ད་
  182. པའི་སྐད་ཆ་ཡོང་བཞིན་འདུག་
  183. ཁོང་ཚོས་འཕྲོད་བསྟེན་མཐུན་རྐྱེན་བེད་སྤྱོད་མང་པོ་བྱེད་ཀྱི་ཡོད་པ།
  184. ས་མཚམས་ནས་སིམ་འཛུལ་བྱེད་བཞིན་པ།
  185. ས་མཚམས་ནས་བཙོན་འཇུག་བྱས་པ་སོགས་སྐོར་རེད།
  186. ངས་ཉིན་དང་པོར་རྒོ་ཏ་ལ་ཧ་རར་ཡར་མར་འཁོར་ནས་

  187. མི་རྣམས་ལས་ཀར་འགྲོ་བ་དང་།
  188. ཁྲོམ་གཞུང་དུ་བག་ལེབ་སྒྲིལ་བ།
  189. ཐ་མག་འཐུང་བ། གད་མོ་དགོད་པ་སོགས་ལ་བལྟས།
  190. ངས་ཚོར་བ་ཐོག་མ་དེ་ཡ་མཚན་བྱུང་ལ།
  191. དེ་རྗེས་ངོ་ཚ་ཆེན་པོ་སྐྱེས་བྱུང་།
  192. ང་ནི་གསར་ལམ་ཁག་ཏུ་ཁྱབ་པའི་མེག་སེས་ཁན་གྱི་མི་ཚོས་
  193. སྐོར་གཅིག་པུར་འཐིམས་འདུག་པ་ཚོར།
  194. ཁོང་ཚོ་ནི་ངའི་སེམས་སུ་
  195. ཐབས་སྡུག་གི་་གནས་སྤོ་བྱས་པ་ཁོ་ན་རེད།
  196. ང་མེག་སེས་ཁན་སྐོར་གྱི་སྒྲུང་ངོས་གཅིག་མ་དེ་འདང་བརྒྱབ་དུས་
  197. རང་གིས་རང་ལ་དེ་ལས་ལྷག་པའི་ངོ་ཚ་ཞིག་མི་འདུག།
  198. དེ་ནི་གཏམ་རྒྱུད་རྐྱང་པ་ཞིག་བཟོ་སྟངས་རེད།
  199. མི་རིགས་ཤིག་རྣམ་པ་གཅིག་ཏུ་བརྩི་ལ་
  200. གཅིག་ཁོ་ནར་བརྩི་བ་དེ་རེད།
  201. ཡང་དང་བསྐྱར་དུ་
  202. དེ་ནི་མི་རིགས་ཏེ་ཇི་ལྟར་ལྟ་སྟངས་འཛིན་མིན་དེ་རེད།
  203. སྟོབས་ཤུགས་ཀྱི་སྐོར་མ་བཤད་པར་

  204. སྒྲུང་ངོས་གཅིག་མ་ཞིག་བཤད་རྒྱུ་ཁག་པོ་རེད།
  205. ཨེགྷི་བྷོ་ཡི་མི་རིགས་ཚོར་ཚིག་ཅིག་ཡོད།
  206. ངས་ནམ་ཡིན་ཡང་འཛམ་གླིང་གི་སྟོབས་ཤུགས་ཀྱི་སྒྲོམ་གཞི་ལ་འདང་རྒྱག་སྐབས་
  207. ཚིག་དེའི་སྐོར་ལ་བསམ་བློ་གཏོང་གི་ཡོད། ཚིག་དེ་ནི་"ཨན་ཀ་ལས་" རེད།
  208. ཚིག་འདི་ནི་མིང་ཚིག་ཞིག་རེད་ལ།
  209. ཟོར་ཡངས་པོར་བསྒྲུར་ན་ "གཞན་ཞིག་ལས་ཁྱད་དུ་འཕགས་པ་" ཞེས་བའི་དོན་རེད།
  210. ང་ཚོའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་འཇིག་རྟེན་ལྟ་བུར་
  211. སྒྲུང་དེ་ཚོའང་ཨན་ཀ་ལས་རྩོ་དོན་དེ་
  212. ཐོག་ནས་འགྲེལ་གྱི་ཡོད།
  213. ཇི་ལྟར་བཤད་པ་དང་། སུས་བཤད་པ།
  214. ག་དུས་བཤད་པ། ག་ཚོད་བཤད་མིན་ཚང་མ་
  215. དངོས་གནས་སྟོབས་ཤུགས་ལ་བསྟེན་ཡོད།
  216. སྟོབས་ཤུགས་ནི་མི་གཞན་ཞིག་གི་སྐོར་བཤད་པའི་ནུས་པ་ཁོ་ན་ཡིན་པར་

  217. མི་དེའི་སྐོར་གྱི་སྒྲུང་ངེས་གཏན་ཞིག་བཟོ་བ་དེ་རེད།
  218. པ་ལེ་སི་ཏན་གྱི་སྙན་ངག་པ་མོ་རིས་ཊི་བྷར་གྷོ་ཏིས་ཀྱིས་
  219. གལ་ཏེ་ཁྱེད་ཀྱིས་མི་ཞིག་གི་བདག་དབང་འཕྲོག་དགོས་ན་
  220. ལས་སླ་ཤོས་དེ་ནི་ཁོང་ཚོའི་སྐོར་སྒྲུང་བརྗོད་པ་དང་།
  221. དེ་ཡང་འགོ་བཙུགས་སྐབས་"གཉིས་པའི་ཐོག"གསུངས།
  222. ཨ་རིའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཀྱི་མདའི་སྐོར་འགོ་བཙུགས་པ་ལས་
  223. དབྱིན་ཇིའི་མི་རིགས་ཡོང་བ་དེ་མི་བཤད་རྒྱུ་དེ་རེད།
  224. དེས་ན་ཁྱེད་ལ་རྩ་ནས་མི་འདྲ་བའི་གཏམ་རྒྱུད་ཅིག་ཡོད་ངེས་རེད།
  225. སྒྲུང་གི་མགོ་འཛུགས་ས་དེ་
  226. ཨ་ཧྤེ་རི་ཁའི་རྒྱལ་ཁབ་ཀྱི་ཕམ་ཁ་ནས་བཙུགས་རྒྱུ་ལས་
  227. དབང་བསྒྲུར་བའི་བཟོས་བའི་ཨ་ཧྤེ་རི་ཁའི་རྒྱལ་ཁབ་སྐོར་ནས་མིན་ན་
  228. སྤྱི་ཡོངས་ནས་སྒྲུང་གསར་བ་ཞིག་གྲུབ་ཁོ་ཐག་རེད།
  229. ཉེ་ཆར་མཐོ་སློབ་ཞིག་ཏུ་བཏམ་བཤད་སྤེལ་སྐབས་

  230. སློབ་ཕྲུག་ཞིག་གིས་བརྗོད་རྒྱུར།
  231. ངའི་སྒྲུང་ནང་ཕོའི་མི་སྣ་ལྟར་
  232. ནེ་ཇེ་རེས་ཀྱི་སྐྱེས་བ་ཚོ་ནི་རྡུང་རྡེག་བྱེད་མཁན་ཞིག་ཡིན་པ་དེ་
  233. འདྲའི་ངོ་ཚ་པོ་ཞིག་རེད་ཟེར།
  234. ངས་ཁོང་ལ་ངས་ད་ལྟ་རང་
  235. ཨ་རིའི་སྨྱོན་པ་ཞེས་བའི་སྒྲུང་རིང་ཞིག་ཀློག་པ་ཡིན་ལབ་པ་ཡིན།
  236. ༼དགོད་སྒྲ།༽
  237. ངས་ཁོང་ལ་ངོ་ཚ་དགོས་བ་ཞིག་ནི་
  238. ཨ་རིའི་གཞོན་སྐྱེས་ཚོ་ནི་མི་གསོད་མཁན་རྐྱང་རྐྱང་རེད་བཤད་པ་ཡིན།
  239. ༼དགོད་སྒྲ།༽
  240. ༼ཐལ་མོ་རྡེབ་སྒྲ།༽
  241. དེ་ནི་མངོན་གསལ་དོད་པོས་སྒོ་ནས་ང་སེམས་བསུན་པོ་ཆཊ་པ་སྐབས་བཤད་པ་ཡིན།
  242. ༼དགོད་སྒྲ།༽
  243. འོན་ཀྱང་། ངས་བསམ་བློ་མ་འཁོར་བ་ཞིག་ནི་

  244. ངས་སྒྲུང་དེབ་ཞིག་བཀླགས་པ་དང་
  245. དེའི་ནང་མི་སྣ་ཚང་མ་ལག་དམར་ཡིན་པ་དེས་
  246. ཨ་རི་ཡོད་ཚད་ཀྱི་ཚབ་མཚོན་
  247. རེད་སྙམ་པ་དེ་རེད།
  248. དེ་ནི་ང་སློབ་ཕྲུག་དེ་ལས་ལེགས་པའི་མི་ཞིག་ཡིན་པའི་རྐྱེན་གྱིས་མིན་པར།
  249. ཨ་རིའི་རིག་གཞུང་དང་དཔལ་འབྱོར་གཉིས་ཀྱི་སྟོབས་ཤུགས་ཀྱིས་རེད།
  250. ང་ལ་ཨ་རིའི་སྐོར་གྱི་སྒྲུང་མང་པོ་ཡོད།
  251. ངས་ཊེ་ལིར་དང་། ཨབ་ཊ་ཡེག སཊཡེན་བྷེ་ཁེ་བཅས་བཀླགས་པ་ཡིན།
  252. ང་ལ་ཨ་རིའི་སྐོར་གྱི་སྒྲུང་ངོས་གཅིག་མ་ཞིག་མེད།
  253. ལོ་ཁ་ཤས་སྔོན་ལ།ངས་རྩོམ་པ་པོ་རྣམས་

  254. སྐད་གྲགས་ཆགས་པར་ངེས་པར་དུ་
  255. མི་སྐྱིད་པའི་བྱིས་དུས་ཀྱི་འཚོ་བ་ཞིག་ཡོད་པ་ཧ་གོ་སོང་།
  256. ངས་ཕ་མ་ཚོས་ང་ལ་བློ་ངོར་མི་འབབ་པའི་བྱ་
  257. བ་ཞེད་སྣང་ཅན་གང་འདྲ་བྱས་མིན་སྒྲུང་ཞིག་གང་འདྲ་པཟོ་དགོས་མིན་ཐོག་བསམ་བློ་བཏང་བ་ཡིན།
  258. (དགོད་སྒྲ།)
  259. ཡིན་ཡང་། ང་ལ་བྱིས་དུས་ཀྱི་འཚོ་བ་སྐྱིད་པོ་ཞིག་ཡོད་པ་ནི་དངོས་ཡོད་རེད།
  260. འབྲེལ་བ་དམ་ཟབ་ཅན་གྱི་ཁྱིམ་ཚང་ཞིག་ནང་སྤྲོ་དགའི་ཁེངས་ནས་གནས།
  261. ཡིན་ཡང་། ང་ལ་སྐྱབས་བཅོལ་གྱི་འཚོ་བའི་ཁྲོད་ནས་གྲོངས་བའི་ཨ་མྱེ་ཁག་ཅིག་ཡོད།

  262. ངའི་སྤུན་མཆེད་པོལ་ལེ་འཕྲོད་བསྟེན་བདག་སྐྱོང་ཚད་ལྡན་ཞིག་མ་རག་པས་གྲོངས་བ་རེད།
  263. ངའི་གྲོགས་ཉེ་ཤོས་ཤིག་ཡིན་པ་ཨོ་ཀོ་ལོ་མ་ནི་གནམ་གྲུ་བརྡབ་སྐྱོན་ཁྲོད་།དས་གྲོངས་ཕྱིན།
  264. གང་ལེགས་ཤེ་ན་ང་ཚོའི་མེ་འགོག་རླངས་འཁོར་ལ་ཆུ་མེད་པའི་རྐྱེན་རེད།
  265. ང་གདུག་རྩུབ་ཅན་གྱི་དྲག་དམག་གི་གཞུང་ཞིག་གི་འོག་ནས་འཚར་ལོངས་བྱུང་པ་རེད།
  266. དེས་ཤེས་ཡོན་གྱི་རིན་ཐང་མི་བརྩི་བས།
  267. མཚམས་མཚམས་ངས་ཕ་མར་ཟླ་ཕོགས་སྤྲོད་ཀྱི་མེད།
  268. དེར་བརྟེན། ང་བྱིས་པ་ཡིན་སྐབས།ཞོགས་ཇའི་སྐབས་ཤིང་ཏོག་བསྣུར་མ་ཟ་རྒྱུ་མེད་པ་ཆགས་སོང་།
  269. དེ་ནས་ཤིང་མར་དག་མེད་པར་གྱུར་སོང་།
  270. དེ་ནས་བག་ལེབ་ཀྱི་གོང་འཕར་སོང་།
  271. འོ་མ་རྒྱས་བཅད་བཟའ་བཅའ་རུ་གྱུར་སོང་།
  272. དེ་ལས་ལྷག་པ་ནི་ང་ཚོའི་མི་ཚེ་རྒྱུན་ལྡན་གྱི་ཆབ་སྲིད་
  273. ཞེད་སྣང་གིས་དབང་དུ་བསྡུས་སོང་།
  274. སྒྲུང་འདི་དག་གིས་ང་སུ་ཡིན་བཟོས་བ་རེད།

  275. འོན་ཀྱང་། སྒྲུང་གཏམ་ངན་པ་རྐྱང་རྐྱང་གི་སྐོར་ལ་ནན་སྐུལ་བྱེད་རྒྱུ་ནི་
  276. རང་གི་ཉམས་མྱོང་ལེབ་ལེབ་བཟོ་བ་དང་།
  277. ངས་གྲུབ་ཆར་གྱུར་བའི་སྒྲུང་གཞན་དག་
  278. སྣང་མེད་བྱེད་པ་ཡིན།
  279. གཏམ་རྒྱུད་རྐྱང་པ་ཞིག་གིས་ལུགས་མ་བཟོ་གི་རེད།
  280. ལུགས་མའི་སྐྱོན་ནི་
  281. དངོས་ཡོད་མ་ཡིན་པ་མིན་པར་
  282. ཁ་ཚང་མེ་ད་པ་དེ་རེད།
  283. ཁོང་ཚོས་སྒྲུང་གཅིག་བཟོས་བ་དེ་སྒྲུང་དེ་ཁོ་ན་ཆགས་པ་རེད།
  284. ཨ་ཧྥེ་རི་ཁ་ནི་ཆག་སྒོ་མང་བའི་གླིང་ཕྲན་ཞིག་ཡིན་པ་ཨ་ཅང་ཅང་།

  285. སྐྱི་གཡའ་བའི་ཀོང་སྒོ་རྒྱལ་ཁབ་ཀྱི་བཙན་གཡེམ་དང་།
  286. རེ་ཐག་ཆད་དགོས་པའི་གནས་སྟངས་དཔེར་ན་
  287. ནེ་ཇེ་རེ་ཡིའི་ལས་ཀའི་ས་མིག་གཅིག་ཏུ་མི་༥༠༠༠ གིས་འཚང་སྙན་འབུལ་བ་དག་ནི་དངོས་ཡོད་རེད།
  288. འོན་ཀྱང་། ཆག་སྒོ་མ་ཡིན་པའི་སྒྲུང་གཞན་པ་མང་པོ་ཡང་ཡོད།
  289. སྒྲུང་དེ་ཚོ་བཤད་རྒྱུ་ནི་ཧ་ཅང་གལ་ཆེན་རེད།
  290. ངས་དུས་རྒྱུན་བསམ་གཞིགས་བྱེད་རྒྱུ་ཞིག་ལ་

  291. མི་ཞིག་དང་ས་ཆ་ཞིག་གི་སྐོར་རྒྱུས་ལོན་བྱེད་པར་
  292. དེའི་སྐོར་གྱི་སྒྲུང་ཆ་ཚང་མ་ཤེས་ཐབས་མེད་རེད།
  293. གཏམ་རྒྱུད་རྐྱང་པ་ཞིག་གི་མཇུག་འབྲས་ནི་
  294. མི་མང་གིས་ཆེ་མཐོང་འཕྲོག་པ་དེ་རེད།
  295. དེས་ང་ཚོའི་འགྲོ་བ་མིའི་འདྲ་མཉམ་གྱི་གནད་འགག་ངོས་འཛིན་བྱེད་རྒྱུ་ཁག་པོ་བཟོ་གི་འདུག།
  296. དེས་ང་ཇི་ལྟར་གཅིག་པ་ཡིན་པའི་གནད་དོན་གྱི་
  297. ཚབ་ཏུ་ང་ཚོ་ཇི་ལྟར་འདྲ་བོ་མེད་པ་གཙོ་བོར་འཛིན།
  298. ང་མེག་སིས་ཁོ་ལ་འགྲུལ་བཞུད་མ་བྱས་བའི་གོང་དུ་

  299. གལ་ཏེ་ངས་ཨ་རི་དང་མེག་སིས་ཁོ་ཕྱོགས་གཉིས་ཀྱི་
  300. མི་རྣམས་གནས་སྤོར་བགྲོ་གླེང་ལ་ཉན་ཡོད་ན།
  301. གལ་ཏེ་ཨ་མས་ང་ལ་ཧྥེ་ཏིས་ཀྱི་བཟའ་མི་ཚོ་ཉམ་ཐག་དང་
  302. ལས་ལ་བརྩོན་པ་ཞིག་ཡིན་ཅེས་བཤད་ཡོད་ན།
  303. གལ་ཏེ་ང་ཚོར་ཨ་ཧྥི་རི་ཁའི་སྐོར་གྱི་གཏམ་རྒྱུད་འདྲ་མིན་སྟོན་སའི་
  304. ་ཨ་ཧྥི་རི་ཁའི་བརྙན་འཕྲིན་ཁང་ཞིག་ཡོད་ན།
  305. ནེ་ཇི་རི་ཡའི་རྩོམ་པ་པོ་ཆེས་ནོས་ཨ་ཆེ་བྷས་ཀྱིས་གཏན་ཚིགས་
  306. "གཏམ་རྒྱུ་ཀྱི་དྲང་སྙོམས་"ཞེས་བ་དེ་རེད།
  307. གལ་ཏེ། ངའི་ཤག་རོགས་ཀྱིས་ངའི་དཔེ་དེབ་ཀྱི་ནེ་ཇི་རིའི་པར་འགྲེམས་བྱེད་པོ་

  308. མོག་ཏ་བྷ་ཀ་རེ་སྐོར་ཤེས་ཡོད་རྒྱུ་ན།
  309. ཁོང་ནི་མི་བསྔགས་འོས་བ་ཞིག་སྟེ། རང་གི་རྨི་ལམ་མངོན་འགྱུར་ཡོང་ཆེད་
  310. དངུལ་ཁང་གི་ལས་ཀ་བཞག་ཏེ་པར་སྐྲུན་ཁང་ཞིག་བཙུགས་པ་རེད།
  311. ནེ་ཇི་རི་ཡའི་མི་མང་གིས་རྩོམ་རིག་མི་ཀློག་པ་ནི་ཡོངས་གྲགས་ཀྱི་ཤེས་སྲོལ་ཞིག་རེད།
  312. ཁོང་གིས་གནད་དོན་དེ་ཁས་ལེན་བྱས་མེད། ཁོང་གིས་གལ་ཏེ་
  313. རྩོམ་རིག་མི་མང་ཚོར་རག་རྒྱུ་ཡོད་པ་དང་རིན་གོང་རན་པོ་བྱས་ན་
  314. མི་མང་གིས་རྩོམ་རིག་ཀློག་ཐུབ་མཁན་ཚོས་ཀློག་གི་རེད།
  315. ཁོང་གིས་ངའི་སྒྲུང་རིང་ཐོག་མ་དཔར་བསྐྲུན་བྱས་རྗེས་

  316. ང་ལ་རྒོ་སི་ལ་ཡོད་པའི་བརྙན་འཕྲིན་ཁང་ཞིག་ཏུ་གླེང་མོལ་ལེ་ཚན་ལ་བཅར་བ་ཡིན།
  317. དེར་ལས་ཡིག་སྐྱེལ་གྱི་ལས་ཀ་བསྒྲུབ་མཁན་བུད་མེད་ཞིག་ང་སར་ཡོང་སྟེ་
  318. "ང་ཁྱེད་ཀྱི་སྒྲུང་ལ་དངོས་གནས་དགའ་བྱུང་། ཡིན་ཡང་མཐའ་སྡོམ་ལ་མི་དགའ།
  319. ཁྱེད་ཀྱིས་ངེས་པར་དུ་སྒྲུང་དེ་མུ་འབྲེལ་གྱི་ངོ་བོར་འདི་འདྲ་ཡོང་གི་ཡོད་པ་ཞིག་འབྲི་དགོས།"
  320. (དགོད་སྒྲ།)
  321. ཁོ་མོས་ད་དུས་ངས་མུ་འབྲེལ་སྒྲུང་གི་ནང་དུ་ཅི་ཞིག་བྲིས་ན་ལེགས་མིན་ཀྱང་བརྗོད།
  322. ངས་ཡིད་དབང་འཕྲོག་པ་ཙམ་མིན་པར་སེམས་འགུལ་ཐེབས་བྱུང་།
  323. ཁོ་མོ་ནི་ནེ་ཇི་རི་ཡེའི་མི་སེར་དཀྱུས་མའི་གྲས་ཡིན་པའི་བུད་མེད་ཞིག་ཡིན་ཞིང་།
  324. མོ་ཀློག་པ་པོ་ཞིག་ཡིན་དགོས་ཀྱི་མེད།
  325. ཁོ་མོས་དེབ་དེ་བཀླགས་པ་མ་ཟད་དེབ་དེའི་བདག་དབང་ཡང་ཉར་ཏེ་
  326. ངས་མུ་འབྲེལ་སྒྲུང་གི་ནང་དོན་ཅི་ཞིག་འབྲི་དགོས་མིན་ཀྱང་
  327. བཤད་ན་མི་འགྲིག་པ་མི་འདུག་སྙམ་འདུག།
  328. གལ་ཏེ་ངའི་ཤག་རོགས་ཀྱིས་ངའི་གྲོགས་མོ་ཧྥོས་མས་འོན་ཏ་ཡི་སྐོར་ཤེས་ཡོད་ན།

  329. ཁོ་མོ་ནི་ལ་རྒོ་སེར་བརྙན་འཕྲིན་ལྟད་མོའི་ལས་རིམ་གཙོ་སྐྱོང་བྱེད་མཁན་བུད་མེད་འཇིགས་སྣང་མེད་པ་ཞིག་ཡིན།
  330. ང་ཚོས་བརྗེད་ན་འདོད་པའི་གཏམ་རྒྱུད་དག་བཤད་རྒྱུའི་ཆོད་སེམས་ཅན་ཞིག་ཡིན།
  331. གལ་ཏེ། ངའི་ཤག་རོགས་ཀྱིས་བདུན་ཕྲག་སྔོན་མར་ལ་རྒོ་སེ་སྨན་ཁང་དུ་བསྒྲུབས་པའི་
  332. སྙིང་གཤགས་བཅོས་ཀྱི་སྐོར་ཤེས་ཡོད་ན།
  333. གལ་ཏེ། ངའི་ཤག་རོགས་ཀྱིས་ནེ་ཇེ་རི་ཡའི་དེང་རབས་རོལ་དབྱངས་སྐོར་དང་།
  334. རིག་རྩལ་ཅན་གྱི་མི་ཚོས་དབྱིན་སྐད་དང་སྐད་རིགས་འདྲེས་མ་ནང་གླུ་གཞས་གཏོང་གི་ཡོད་པ་ཤེས་ཡོད་ན།
  335. དེ་བཞིན་ཨིག་བོ་དང་། ཡོ་རུ་བ། ཨི་ཇོ་སོགས་ནས་
  336. ཇེ་ཛི་ནས་ཧྥེ་ལ་དང་བྷོབ་མར་ལེ་བཅས་དང་
  337. ཁོང་ཚོའི་སྤོ་པོ་སོགས་ཀྱིས་ཤུགས་རྐྱེན་འདྲེས་མ་ཐེབས་པ་ཚོས་སྐོར་ཤེས་ཡོད་ན།
  338. གལ་ཏེ་ངའི་ཤག་རོགས་ཀྱིས་ཉེ་ཆར་ཁྲིམས་ཁང་དུ་
  339. བུད་མེད་ཚོས་ལག་འཁྱེར་བསྐྱར་བཟོ་བྱེད་པར་
  340. ཁྱོ་གའི་ངོས་ལེན་དགོས་པའི་ཆོ་མེད་ཀྱི་
  341. ཁྲིམས་ལ་ཁ་གཏད་ངོ་རྒོལ་བྱེད་མཁན་གྱི་
  342. བུད་མེད་ཁྲིམས་རྩོད་པ་དེའི་སྐོར་ཤེས་ཡོད་ན།
  343. གལ་ཏེ། ངའི་ཤག་རོགས་ཀྱིས་གསར་གཏོད་ལ་མཁས་བའི་མི་མང་པོས་
  344. བཟོ་རིག་གི་དཀའ་ངལ་ཡོད་མིན་ལ་མ་ལྟོས་བར་ནོ་ལས་བོ་ཊིས་ནང་
  345. གློག་བརྙན་སྙན་གྲགས་ཅན་མང་པོ་གསར་བཟོ་བྱེད་ཀྱི་ཡོད་པའི་སྐོར་ཤེས་ཀྱི་ཡོད་ན།
  346. འདི་ཚོ་ནེ་ཇི་རི་ཡེའི་མི་མང་ཚོས་རང་ཕྱོགས་ནས་གང་བཟོས་པ་དེ་བེད་སྤྱོད་
  347. བྱེད་བཞིན་པའི་དཔེ་མཚོན་ལེགས་ཤོས་ཤིག་ཡིན་པ་དེ་ཤེས་ན།
  348. གལ་ཏེ། ངའི་ཤག་རོགས་ཀྱིས་ངའི་སྐྲ་ལྷས་མ་སླེ་མཁན་མིག་རྒྱང་ཅན་ཏེ་
  349. ཁོ་མོས་རང་གི་སྐྲ་བཟོའི་ཚོང་འགོ་བཙུགས་པ་དེའི་སྐོར་ཤེས་ཀྱི་ཡོད་པའམ།
  350. ནེ་ཇི་རི་ཡའི་མི་མང་ས་ཡ་མང་པོ་རང་གི་ཚོང་ལས་གཉེར་གྱི་ཡོད་ལ
  351. མཚམས་རེར་ལམ་ལྷོངས་མ་བྱུང་ཡང་།
  352. མུ་མཐུད་ནས་རང་གི་དམིགས་འབེན་བསྒྲུབ་ཀྱི་ཡོད་པའི་སྐོར་ཤེས་ཀྱི་ཡོད་ན།
  353. ང་ནང་དུ་ཡོད་སྐབས་ནེ་ཇེ་རི་ཡི་མི་མང་རྣམས་ཀྱི་རྒྱུལ་ལྡན་བསུན་པོ་

  354. བཟོ་གཞིར་ཁ་གཏད་གཅོག་དགོས་པ་ནི་
  355. ཉམས་ཤོར་བའི་ང་ཚོའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་། ཕམ་ཉེས་བྱུང་བའི་གཞུང་བཅས་རེད།
  356. དེ་བཞིན་བློ་ངོར་མི་ཤོང་བའི་མི་མང་གི་བསྟུན་མཁས་ཀྱི་ནུས་པ་དེ་ཡང་མཐོང་།
  357. ནུས་པ་འཕེལ་བ་དེ་ནི་གཞུང་ཡོད་པའི་རྐྱེན་མིན་པར།
  358. གཞུང་ཡོད་རུང་བྱུང་བ་ཞིག་རེད།
  359. ངས་ལ་རྒོ་སིར་དབྱར་ཁར་རྩོམ་འབྲིའི་ཟབ་སྦྱོང་སྤྲོད་ཀྱི་ཡོད།
  360. དེ་ལ་སྙན་ཞུ་འབུལ་མཁན་མང་པོ་ཡོད་པ་ནི་ཧང་སང་དགོས་པ་ཞིག་རེད།
  361. མི་གང་མང་ཞིག་གིས་གཏམ་རྒྱུད་བཤད་རྒྱུར་
  362. རྩོམ་འབྲི་བྱེད་རྒྱུར་དང་དོད་ཆེན་པོ་བྱེད་ཀྱི་འདུག།
  363. ང་དང་ངའི་ནེ་ཇི་རི་ཡའི་པར་འགྲེམས་བྱེད་པོ་གཉིས་ཀྱིས་

  364. ཧྥ་ར་ཧྥིས་ན་ཞེས་བའི་ཁེ་དོན་ཆེད་མིན་པའི་ཐེབས་རྩ་ཞིག་བཙུགས་ཡོད།
  365. ངེད་གཉིས་ལ་དཔེ་མཛོད་ཁང་མང་པོ་འཛུགས་རྒྱུ་དང་
  366. སྔར་ཡོད་ཀྱི་དཔེ་ཁང་ཚོ་ཞིག་གསོ།
  367. དཔེ་མཛོད་ཁང་དུ་དཔེ་ཆ་མེད་པའི་གཞུང་གི་སློབ་གྲའི་
  368. དཔེ་མཛོད་ཁང་ཚོར་དཔེ་དེབ་མཁོ་སྤྲོད་བྱེད་རྒྱུ།
  369. ང་ཚོའི་གཏམ་རྒྱུད་བཤད་ཅན་གྱི་མི་ཚོར་
  370. འབྲི་ཀློག་གི་ཟབ་སྦྱོང་སྤྲོད་པའི་
  371. རྨི་ལམ་ཆེན་པོ་ཡོད།
  372. གཏམ་རྒྱུད་ནི་གལ་ཆེན་རེད།
  373. གཏམ་རྒྱུད་གང་མང་གལ་ཆེན་རེད།
  374. བདག་དབང་འཕྲོག་པ་དང་སྐུར་བ་འདེབས་ཆེད་གཏམ་རྒྱུད་བེད་སྤྱོད་བྱས་ཡོད་ཀྱང་
  375. གཏམ་རྒྱུད་ཀྱིས་ནུས་ཤུགས་སྤེལ་བ་དང་མི་སྤྱོད་དང་མཐུན་པ་བཟོ་ཐུབ།
  376. གཏམ་རྒྱུད་ཅིག་གིས་ཆེ་མཐོང་མེད་པ་བཟོ་ཐུབ་ཀྱང་།
  377. གཏམ་རྒྱུད་ཀྱིས་ཆེ་མཐོང་སླར་གསོའང་བྱེད་ཐུབ།
  378. ཨ་རིའི་རྩོམ་པ་པོ་ཨ་ལེ་སི་ཝལ་ཀར་གྱིས་

  379. བྱང་དུ་གནས་སྤོ་བྱས་བའི་རང་གི་
  380. ལྷོ་ཡི་གཉེན་ཉེ་ཚོའི་སྐོར་འདི་འདྲ་བྲིས་ཡོད།
  381. ཁོ་མོས་ཁོང་ཚོས་ཁ་གྱེས་བའི་ལྷོ་ཡི་འཚོ་བའི་སྐོར་གྱི་དེབ་ཅིག་
  382. ངོ་སྤྲོད་བྱས་པས།
  383. "ཁོང་ཚོ་སྒོར་སྒོར་བྱས་ནས་བསྡད་དེ་རང་གིས་དེབ་དེ་ཀློག་པ་དང་།
  384. ངས་བཀླགས་པར་ཉན། ལྷ་ཡུལ་ལྟ་བུའི་མཁའ་དབུགས་ཤིག་བསྐྱར་གསོ་བྱས་བྱུང་།"
  385. ངས་འདི་ལྟར་མཇུག་སྡོམ་བྱེད་འདོད་བྱུང་།
  386. ང་ཚོས་གཏམ་རྒྱུད་རྐྱང་བ་ཞིག་ལ་རྒྱབ་གཏད་སྐབས་དང་།
  387. ས་ཆ་གང་གི་སྐོར་ལ་ཡང་
  388. གཏམ་རྒྱུད་རྐྱང་པ་ཞིག་ནམ་ཡང་མེད་པ་ཧ་གོ་ཚེ།
  389. ལྟ་ཡུལ་ལྟ་བུའི་ཁོར་ཡུག་ཅིག་བསྐྱར་གསོ་ཡོང་གི་རེད།
  390. བཀའ་དྲིན་ཆེ།
  391. (ཐལ་མོ་རྡེབ་སྒྲ།)