[Script Info] Title: [Events] Format: Layer, Start, End, Style, Name, MarginL, MarginR, MarginV, Effect, Text Dialogue: 0,0:00:00.00,0:00:02.00,Default,,0000,0000,0000,,འདི་ནི་ངའི་འགྲུལ་ཐུང་དང་པོ་རེད་ལ། Dialogue: 0,0:00:02.00,0:00:04.00,Default,,0000,0000,0000,,སྲིད་འཛིན་གྱི་ལྕམ་གྱི་ངོ་བོས་ཐོག་ནས་ཕྱི་རྒྱལ་འགྲིམས་པ་དང་པོ་རེད། Dialogue: 0,0:00:04.00,0:00:06.00,Default,,0000,0000,0000,,ཁྱེད་ཚོས་ཡིད་ཆེས་ཀྱི་འདུག་གམ། Dialogue: 0,0:00:06.00,0:00:16.00,Default,,0000,0000,0000,,(ཐལ་མོ་རྡེབ་སྒྲ།) Dialogue: 0,0:00:16.00,0:00:19.00,Default,,0000,0000,0000,,འདི་ནི་ང་དབྱིན་ཡུལ་དུ་ཡོང་ཐེངས་དང་པོ་མ་རེད་རུང་། Dialogue: 0,0:00:19.00,0:00:24.00,Default,,0000,0000,0000,,ངས་བརྗོད་དགོས་པ་ཞིག་ལ་འདི་ནི་ངའི་\Nགཞུང་འབྲེལ་གྱི་གཟིགས་སྐོར་དང་པོ་ཡིན་པས་དགའ་བ་སྐྱེས་ཡོད། Dialogue: 0,0:00:24.00,0:00:28.00,Default,,0000,0000,0000,,ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་དམིགས་བསལ་འབྲེལ་བ་ནི་ Dialogue: 0,0:00:28.00,0:00:33.00,Default,,0000,0000,0000,,གཞུང་ཕྱོགས་ཀྱི་འབྲེལ་བ་གཅིག་པུ་མིན་པར། Dialogue: 0,0:00:33.00,0:00:36.00,Default,,0000,0000,0000,,ང་ཚོའི་དབར་གཅིག་མཐུན་གྱི་སྐད་ཡིག་དང་། གཅིག་མཚུངས་ཀྱི་རིན་ཐང་དག་རེད། Dialogue: 0,0:00:36.00,0:00:40.00,Default,,0000,0000,0000,,ངས་ད་རེས་ཁྱེད་ཚོར་ལྟ་སྐབས་དེ་དག་དྲན་གསོས་སོང་། Dialogue: 0,0:00:40.00,0:00:44.00,Default,,0000,0000,0000,,ངའི་གཟིགས་སྐོར་གྱི་སྐབས་སུ་དབྱིན་ཡུལ་གྱི་ Dialogue: 0,0:00:44.00,0:00:47.00,Default,,0000,0000,0000,,ཁྱད་དུ་འཕགས་པའི་བུད་མེད་ཁག་གཅིག་ལ་མཇལ་རྒྱུ་བྱུང་པ་ལས་སྐལ་བཟང་བོ་རེད། Dialogue: 0,0:00:47.00,0:00:50.00,Default,,0000,0000,0000,,བུད་མེད་འདི་དག་གིས་ཁྱེད་ཚོར་བགྲོད་ལམ་འདིང་གི་ཡོད། Dialogue: 0,0:00:50.00,0:00:53.00,Default,,0000,0000,0000,,ང་ཁྱེད་ཚོར་མཇལ་བར་དགའ་བོ་བྱུང་། Dialogue: 0,0:00:53.00,0:00:59.00,Default,,0000,0000,0000,,ཁྱེད་ཚོ་ནི་དབྱིན་ཡུལ་དང་འཛམ་གླིང་འདིའི་མ་འོངས་པའི་འགོ་འཁྲིད་རེད། Dialogue: 0,0:00:59.00,0:01:04.00,Default,,0000,0000,0000,,ང་ཚོའི་འཚོ་བའི་གནས་བབ་ཀྱི་བར་ཐག་རིང་བའི་སྣང་བའ་ཡོད་ཀྱང་། Dialogue: 0,0:01:04.00,0:01:08.00,Default,,0000,0000,0000,,ང་ནི་འདིར་ཨ་རིའི་སྲིད་འཛིན་གྱི་ལྕམ་གྱི་ངོ་བོར་ཁྱེད་ཚོའི་མདུན་དུ་ལངས་ཞིང་། Dialogue: 0,0:01:08.00,0:01:12.00,Default,,0000,0000,0000,,ཁྱེད་ཚོ་ནི་སློབ་ཞུགས་བྱས་མ་ཐག་རེད། Dialogue: 0,0:01:12.00,0:01:16.00,Default,,0000,0000,0000,,ཁྱེད་ཚོས་མཁྱེན་དགོས་པ་ནི་ང་ཚོའི་དབར་གྱི་གཅིག་མཐུན་མང་པོ་ཡོད། Dialogue: 0,0:01:16.00,0:01:20.00,Default,,0000,0000,0000,,ངའི་མི་ཚེའི་བཞུད་ལམ་ཁྲོད་དུ་ Dialogue: 0,0:01:20.00,0:01:22.00,Default,,0000,0000,0000,,ང་དེ་རིང་འདིར་ཨ་རིའི་ཨ་ཧྥེ་རི་ཁའི་རིགས་རྒྱུད་ཀྱི་ Dialogue: 0,0:01:22.00,0:01:25.00,Default,,0000,0000,0000,,ཨ་རིའི་སྲིད་འཛིན་གྱི་ལྕམ་ཞིག་གི་ངོ་བོར་ལངས་ཀྱི་རེད་སྙམ་ Dialogue: 0,0:01:25.00,0:01:27.00,Default,,0000,0000,0000,,པ་ཅི་ཞིག་གིས་ལུང་བསྟན་མེད། Dialogue: 0,0:01:27.00,0:01:32.00,Default,,0000,0000,0000,,ངའི་མི་ཚེའི་ལོ་རྒྱུས་ནང་དུ་ང་གོ་ས་འདིར་སླེབས་པའི་རྐྱེན་གང་ཡང་མེད། Dialogue: 0,0:01:32.00,0:01:35.00,Default,,0000,0000,0000,,ང་ནི་ཆུང་དུས་སུ་རྒྱུ་ནོར་དང་ཐོན་ཁུངས་མང་པོ་དང་ Dialogue: 0,0:01:35.00,0:01:39.00,Default,,0000,0000,0000,,སྤྱི་ཚོགས་གནས་རིམ་མཐོ་པོ་ཞིག་ནས་འཚར་ལོངས་བྱས་མེད། Dialogue: 0,0:01:39.00,0:01:43.00,Default,,0000,0000,0000,,ང་ཆི་ཁ་གྷོའི་ལྷོ་རྒྱུད་དུ་འཚར་ལོངས་བྱུང་བ་རེད། Dialogue: 0,0:01:43.00,0:01:46.00,Default,,0000,0000,0000,,དེ་ནི་ཆི་ཁ་གྷོའི་ཆ་ཤས་ངོ་མ་དེ་རེད། Dialogue: 0,0:01:46.00,0:01:49.00,Default,,0000,0000,0000,,ང་ནི་ངལ་རྩོལ་གྲལ་རིམ་གྱི་སྤྱི་ཚོགས་ཤིག་གི་བུ་རྒྱུད་རེད། Dialogue: 0,0:01:49.00,0:01:53.00,Default,,0000,0000,0000,,ངའི་ཕ་ནི་མི་ཚེ་གང་བོར་གྲོང་ཁྱེར་གྱི་ངལ་རྩོལ་བ་ཞིག་དང་། Dialogue: 0,0:01:53.00,0:01:55.00,Default,,0000,0000,0000,,མ་ནི་ཁྱིམ་བསྡོད་ཨ་མ་ཞིག་རེད། Dialogue: 0,0:01:55.00,0:02:00.00,Default,,0000,0000,0000,,ཁོ་མོ་ནང་དུ་བསྡད་ནས་ང་དང་གཅེན་པོ་གཉིས་ལྟ་སྐྱོང་བྱེད་པ་ཡིན། Dialogue: 0,0:02:00.00,0:02:03.00,Default,,0000,0000,0000,,ཕ་མ་གཉིས་ལས་གཅིག་ཀྱང་མཐོ་སློབ་འགྲིམས་མྱོང་མེད། Dialogue: 0,0:02:03.00,0:02:06.00,Default,,0000,0000,0000,,ཕ་དམ་པ་མཆོག་ན་ཚོད་དར་ལ་བབས་པའི་སྐབས་སུ་ Dialogue: 0,0:02:06.00,0:02:08.00,Default,,0000,0000,0000,,འཕར་རྩ་སྐྲངས་བའི་ནད་ཀྱིས་མནར་ཡོད། Dialogue: 0,0:02:08.00,0:02:11.00,Default,,0000,0000,0000,,འོན་ཀྱང་། ཁོང་གིས་གོམ་པ་རྒྱག་རྒྱུ་དང་། Dialogue: 0,0:02:11.00,0:02:13.00,Default,,0000,0000,0000,,ནངས་མོ་སྟོད་གོས་གྱོན་རྒྱུའང་ཁག་པོ་ཆགས་སྐབས། Dialogue: 0,0:02:13.00,0:02:15.00,Default,,0000,0000,0000,,ཁོང་ནས་འབད་བརྩོན་ལན་མང་བྱེད་ཀྱི་ཡོད་པ་ངས་མཐོང་བྱུང་ཡང་། Dialogue: 0,0:02:15.00,0:02:19.00,Default,,0000,0000,0000,,ཕ་དམ་པས་ཁོང་གི་དཀའ་ངལ་སྐོར་ནམ་ཡང་རྙོག་གྲ་བཤད་མྱོང་མེད། Dialogue: 0,0:02:19.00,0:02:21.00,Default,,0000,0000,0000,,ཁོང་གིས་རང་ལ་གང་ཡོད་པ་དེར་བཀའ་དྲིན་བསམ་ཤེས་བྱེད་ཀྱི་ཡོད། Dialogue: 0,0:02:21.00,0:02:26.00,Default,,0000,0000,0000,,ཁོང་ནངས་སྔ་ཙམ་ལངས་བ་དང་ལས་ཀར་བརྩོན་པ་ཤུགས་ཆེ་ཙམ་བྱས་ཡོད། Dialogue: 0,0:02:26.00,0:02:29.00,Default,,0000,0000,0000,,ང་དང་གཅེན་པོ་གཉིས་ང་ཚོར་ངེས་པར་དུ་མཁོ་བ་དག་དང་མཉམ་དུ་ནར་སོན་བྱས། Dialogue: 0,0:02:29.00,0:02:32.00,Default,,0000,0000,0000,,དེ་ནི་བརྩེ་བ་དང་། རིན་ཐང་། Dialogue: 0,0:02:32.00,0:02:35.00,Default,,0000,0000,0000,,ཤེས་ཡོན་ཚད་ལྡན་དང་། Dialogue: 0,0:02:35.00,0:02:37.00,Default,,0000,0000,0000,,འབད་པ་ལྷུར་ལེན་བྱས་ན་ང་ཚོས་ Dialogue: 0,0:02:37.00,0:02:40.00,Default,,0000,0000,0000,,བསྒྲུབ་མི་ཐུབ་པའི་བྱ་བ་གཅིག་ཀྱང་མེད་པའི་ཡིད་ཆེས་བཅས་ཀྱི་མཉམ་དུ་འཚར་ལོངས་བྱས། Dialogue: 0,0:02:40.00,0:02:44.00,Default,,0000,0000,0000,,ང་ནི་བྱ་བ་ཅི་ཞིག་ཡིན་ཡང་བསྒྲུབ་ཐུབ་པའི་དཔེ་མཚོན་ཞིག་ཡིན། Dialogue: 0,0:02:44.00,0:02:48.00,Default,,0000,0000,0000,,དེ་ཡང་བུ་མོ་ཚོའི་མི་ཚེ་འགོ་བཙུགས་སྐབས་ Dialogue: 0,0:02:48.00,0:02:53.00,Default,,0000,0000,0000,,ཉེ་འགྲམ་གྱི་མི་ཚོས་དུང་བ་དང་གཉོར་སྐྱོང་བྱེད་ན་ཡོང་ཐུབ་པ་དེ་ཡིན། Dialogue: 0,0:02:53.00,0:02:57.00,Default,,0000,0000,0000,,ངའི་མི་ཚེ་ནང་བུད་མེད་ཁྱད་དུ་འཕགས་པ་ཁག་ཅིག་གིས་མཐའ་བསྐོར་ནས་བསྡད། Dialogue: 0,0:02:57.00,0:03:02.00,Default,,0000,0000,0000,,རྨོ་རྨོ་དང་། དགེ་རྒན་རྣམ་པ། ཨ་ནེ་ཚོ། གཉེན་ཉེ་ཚོ། ད་དུང་ཁྱིམ་མཚེས་ཚོ། Dialogue: 0,0:03:02.00,0:03:06.00,Default,,0000,0000,0000,,ཁོང་ཚོས་ང་ལ་ནུས་བ་དང་ཆེ་མཐོང་བསླབས་བྱུང་། Dialogue: 0,0:03:06.00,0:03:11.00,Default,,0000,0000,0000,,ངའི་ཨ་མ་ནི་ངའི་མི་ཚེའི་ནང་གི་མིག་དཔེ་སྟོན་མཁན་གཙོ་བོ་དེ་ཡིན། Dialogue: 0,0:03:11.00,0:03:13.00,Default,,0000,0000,0000,,ཁོ་མོ་ད་ལྟ་ང་ཚོ་དང་མཉམ་དུ་ཕོ་བྲང་དཀར་པོར་བཞུགས་ཏེ། Dialogue: 0,0:03:13.00,0:03:16.00,Default,,0000,0000,0000,,ངའི་བུ་མོ་ཆུང་ཆུང་གཉིས་བདག་སྐྱོང་བྱེད་ཪོགས་གནང་གི་ཡོད། Dialogue: 0,0:03:16.00,0:03:18.00,Default,,0000,0000,0000,,ཁོང་གཉིས་ནི་མ་ལི་ཡ་དང་ས་ཤ་གཉིས་རེད། Dialogue: 0,0:03:18.00,0:03:22.00,Default,,0000,0000,0000,,ཁོ་མོ་ངའི་མི་ཚེ་ལྟར་ཁོང་གཉིས་ཀྱི་མི་ཚེའི་ནང་གི་ངོ་ཡོད་ཧུར་པོ་དེ་ཡིན། Dialogue: 0,0:03:22.00,0:03:24.00,Default,,0000,0000,0000,,ཁོང་གཉིས་ཀྱི་སེམས་སུ་ Dialogue: 0,0:03:24.00,0:03:27.00,Default,,0000,0000,0000,,ང་དང་གཅེན་པོ་ལ་བསླབ་པའི་རིན་ཐང་དག་ལྡུག་གི་ཡོད། Dialogue: 0,0:03:27.00,0:03:30.00,Default,,0000,0000,0000,,དཔེར་ན། བྱམས་བརྩེ་དང་། དྲང་འཚུགས་ལྡན་པ། Dialogue: 0,0:03:30.00,0:03:34.00,Default,,0000,0000,0000,,གདེང་ཚོད། སྙུགས་རུས། Dialogue: 0,0:03:34.00,0:03:37.00,Default,,0000,0000,0000,,འདི་ཚོ་ཚང་མ་བརྩེ་བ་ངེས་མེད་ཅིག་གི་ནང་དུ་བཏུམ་ཡོད་ལ། Dialogue: 0,0:03:37.00,0:03:40.00,Default,,0000,0000,0000,,རྨོ་རྨོ་ཁོ་ནས་སྤྲོད་ཐུབ་པ་ཞིག་རེད། Dialogue: 0,0:03:40.00,0:03:44.00,Default,,0000,0000,0000,,ང་ལ་གཅེས་ཉར་དང་སྐུལ་ལྕག་བྱེད་མཁན་གྱི་ Dialogue: 0,0:03:44.00,0:03:49.00,Default,,0000,0000,0000,,སྐྱེས་བ་ནུས་བ་ཅན་ཁག་ཅིག་ཀྱང་ཡོད་པ་ནི་བསོད་བདེ་རེད། Dialogue: 0,0:03:49.00,0:03:52.00,Default,,0000,0000,0000,,དེའི་ནང་དུ་ཕ་དམ་པ་དང་གཅེན་པོ། ཨ་ཞང་དང་ཨ་མྱེ་དག་ཚུད་ཡོད། Dialogue: 0,0:03:52.00,0:03:57.00,Default,,0000,0000,0000,,སྐྱེས་པ་ཚོས་ངའི་མི་ཚེའི་ནང་དུ་བྱ་བ་གལ་ཆེན་ཁག་ཅིག་ཀྱང་བསླབས་བྱུང་། Dialogue: 0,0:03:57.00,0:04:00.00,Default,,0000,0000,0000,,ཁོང་ཚོས་བུད་མེད་དང་སྐྱེས་པའི་བར་གྱི་གུས་ཞབས་འོས་བའི་འབྲེལ་བ་ Dialogue: 0,0:04:00.00,0:04:04.00,Default,,0000,0000,0000,,ནི་གང་འདྲ་ཡིན་མིན་བསླབས་བྱུང་། Dialogue: 0,0:04:04.00,0:04:08.00,Default,,0000,0000,0000,,ཁོང་ཚོས་འབྲེལ་བ་དམ་ཟབ་ཀྱི་གཉེན་སྒྲིག་ནི་གང་འདྲ་ཡིན་མིན་གྱི་ཐད་ནས་ Dialogue: 0,0:04:08.00,0:04:11.00,Default,,0000,0000,0000,,དེ་ནི་ཡིད་ཆེས་དང་དང་བློ་གཏད་བྱེད་རྒྱུ་དང་ Dialogue: 0,0:04:11.00,0:04:15.00,Default,,0000,0000,0000,,ཕན་ཚུན་ཐུན་མིན་གྱི་ཁྱད་ཆོས་ལ་རྗེས་སུ་ཡི་རངས་ཀྱི་རྩ་བའི་ཐོག་ཆགས་དགོས་བ་བསླབས་སོང་། Dialogue: 0,0:04:15.00,0:04:17.00,Default,,0000,0000,0000,,ཁོང་ཚོས་ང་ལ་ཕ་ཞིག་གི་འགན་བླངས་ཏེ་ Dialogue: 0,0:04:17.00,0:04:19.00,Default,,0000,0000,0000,,ཁྱིམ་ཚང་ཞིག་སྐྱོང་རྒྱུ་ནི་གང་འདྲ་ཞིག་ Dialogue: 0,0:04:19.00,0:04:21.00,Default,,0000,0000,0000,,ཡིན་མིན་ཀྱང་བསླབས། Dialogue: 0,0:04:21.00,0:04:23.00,Default,,0000,0000,0000,,དེ་ནི་རང་གི་བཟའ་ཚང་གི་བདེ་སྡུག་གཅིག་པུ་མིན་པར་ Dialogue: 0,0:04:23.00,0:04:28.00,Default,,0000,0000,0000,,ཕྱི་ལ་ཐོན་ཏེ་སྤྱི་ཚོགས་ཆེན་པོ་ཞིག་ཏུ་ Dialogue: 0,0:04:28.00,0:04:30.00,Default,,0000,0000,0000,,བྱིས་པ་གཉོར་སྐྱོང་བྱེད་རྒྱུ་དེ་ཡིན། Dialogue: 0,0:04:30.00,0:04:32.00,Default,,0000,0000,0000,,འདི་དག་ནི་ངས་རང་ཉིད་ཀྱི་ཁྱོ་གར་ Dialogue: 0,0:04:32.00,0:04:35.00,Default,,0000,0000,0000,,ཚང་དགོས་སྙམ་པའི་ཡོན་ཏན་དག་ཀྱང་གཅིག་འདྲ་རེད། Dialogue: 0,0:04:35.00,0:04:37.00,Default,,0000,0000,0000,,ཁོང་ནི་སྦབྷ་རག་ཨོ་བྷ་མ་རེད། Dialogue: 0,0:04:38.00,0:04:41.00,Default,,0000,0000,0000,,ངེད་གཉིས་ཐེངས་དང་པོར་ཐུག་སྐབས། Dialogue: 0,0:04:41.00,0:04:45.00,Default,,0000,0000,0000,,ཁོང་གིས་ང་ལ་ཕྱི་ལ་ཐུག་འཕྲད་དུ་འཁྲིད་པ་ནི་ངའི་དྲན་སོས་བའི་དོན་དག་ཞིག་རེད། Dialogue: 0,0:04:45.00,0:04:48.00,Default,,0000,0000,0000,,ཐུག་འཕྲད་དེ་ནི་ཁོང་དང་མཉམ་དུ་སྤྱི་ཚོགས་གནད་དོན་གྱི་ཚོགས་འདུ་ཞིག་ལ་ཞུགས་རྒྱུ་དེ་རེད། Dialogue: 0,0:04:48.00,0:04:50.00,Default,,0000,0000,0000,,(དགོད་སྒྲ།) Dialogue: 0,0:04:50.00,0:04:52.00,Default,,0000,0000,0000,,ཇི་འདྲའི་རོལ་ཉམས་ཆེན་པོ་མི་འདུག་གམ། Dialogue: 0,0:04:52.00,0:04:55.00,Default,,0000,0000,0000,,(དགོད་སྒྲ།) Dialogue: 0,0:04:55.00,0:04:57.00,Default,,0000,0000,0000,,འོན་ཀྱང་། ང་ཁོང་ལ་ཐུག་སྐབས། བྷ་རག་ནི་ཚོགས་སྡེའི་ལས་དོན་བཀོད་སྒྲིག་པ་ཞིག་ཏེ། Dialogue: 0,0:04:57.00,0:05:01.00,Default,,0000,0000,0000,,ཁོང་གིས་མི་གཞན་ལ་ལས་ཀ་བཙལ་རོགས་བྱས་པ་རེད། Dialogue: 0,0:05:01.00,0:05:05.00,Default,,0000,0000,0000,,དཀའ་ངལ་ཆེ་བའི་ཁྱིམ་མཚེས་གཡས་གཡོན་གྱི་ནང་དུ་ཐོན་ཁུངས་ཤིག་འཁྱེར་ཡོང་ཐབས་བྱས་བ་རེད། Dialogue: 0,0:05:05.00,0:05:07.00,Default,,0000,0000,0000,,ཁོང་གིས་ཚོགས་སྡེའི་ལྟེ་གནས་ཀྱི་གནས་སྡོད་པ་ཚོར་བཀའ་མོལ་གསུངས་སྐབས་ Dialogue: 0,0:05:07.00,0:05:09.00,Default,,0000,0000,0000,,ལྟ་བ་གཉིས་ཀྱི་སྐོར་བཤད་པ་རེད། Dialogue: 0,0:05:09.00,0:05:15.00,Default,,0000,0000,0000,,དེ་དག་ནི་"ད་ལྟ་ཡོད་བཞིན་པའི་འཇིག་རྟེན་" དང་ "གང་འདྲ་ཡིན་དགོས་པའི་འཇིག་རྟེན་"དེ་རེད། Dialogue: 0,0:05:15.00,0:05:19.00,Default,,0000,0000,0000,,ངས་གོང་ཞུས་ཀྱི་ལྟ་བ་དེ་འོས་བསྡུའི་གོང་གི་རྒྱབ་སྐྱོར་ཡོང་ཆེད་སྐབས་ཀྱི་ལས་འགུལ་ཐོག་མཐའ་བར་གསུམ་དུ་བཤད་པ་ཡིན། Dialogue: 0,0:05:19.00,0:05:21.00,Default,,0000,0000,0000,,ཁོང་གིས་རྒྱུན་ལྡན་དུ་བརྗོད་རྒྱུ་ཞིག་ནི། Dialogue: 0,0:05:21.00,0:05:26.00,Default,,0000,0000,0000,,ང་ཚོས་ལྟ་བ་འདི་གཉིས་དབར་གྱི་བར་ཐག་ཏེ་ཁས་ལེན་བྱེད་ཀྱི་ཡོད་པ་རེད། Dialogue: 0,0:05:26.00,0:05:30.00,Default,,0000,0000,0000,,མཚམས་རེར་ང་ཚོས་ད་ལྟ་ཡོད་བཞིན་པའི་འཇིག་རྟེན་དེ་རང་གི་འགྲིག་པ་བྱེད་ཀྱི་ཡོད། Dialogue: 0,0:05:30.00,0:05:34.00,Default,,0000,0000,0000,,དེ་བཞིན་ང་ཚོའི་རིན་ཐང་དང་རེ་བ་དག་ཚུར་སྣང་བྱེད་ཐུབ་ཀྱི་མེད་ཀྱང་བྱེད་ཀྱི་ཡོད། Dialogue: 0,0:05:34.00,0:05:37.00,Default,,0000,0000,0000,,ཉིན་དེར་བྷ་རག་གིས་ང་ཚོར་དྲན་གསོ་བྱས་པ་ནི། Dialogue: 0,0:05:37.00,0:05:40.00,Default,,0000,0000,0000,,ཁང་མིག་དེའི་ནང་གི་མི་ཡོད་ཚད་ལ། Dialogue: 0,0:05:40.00,0:05:44.00,Default,,0000,0000,0000,,ང་ཚོའི་འཇིག་རྟེན་འདི་ཅི་འདྲ་ཡིན་དགོས་མིན་བརྗོད་པ་རེད། Dialogue: 0,0:05:44.00,0:05:47.00,Default,,0000,0000,0000,,ང་ཚོས་དྲང་པོ་དང་ཉེ་དགའ་ཕྱོགས་ཉེན་བྲལ་བ། གོ་སྐབས་བཅས་གང་འདྲ་ཡིན་མིན་ཤེས་ཀྱི་ཡོད། Dialogue: 0,0:05:47.00,0:05:49.00,Default,,0000,0000,0000,,ང་ཚོ་ཚང་མས་ཧ་གོ་གི་ཡོད། Dialogue: 0,0:05:49.00,0:05:51.00,Default,,0000,0000,0000,,ཁོང་གིས་ཚོགས་སྡེ་དེའི་ནང་གི་ Dialogue: 0,0:05:51.00,0:05:53.00,Default,,0000,0000,0000,,ཚོགས་ཞུགས་པ་ཡོད་ཚད་ལ་ Dialogue: 0,0:05:53.00,0:05:56.00,Default,,0000,0000,0000,,ལྟ་བ་དེ་གཉིས་དབར་གྱི་བར་སྟོང་དེ་ Dialogue: 0,0:05:56.00,0:05:58.00,Default,,0000,0000,0000,,གང་བར་བྱེད་པར་སོ་སོས་ནུས་པ་འདོན་དགོས་པ་དང་། Dialogue: 0,0:05:58.00,0:06:02.00,Default,,0000,0000,0000,,མཉམ་ལས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ད་ལྟ་ཡོད་བཞིན་པའི་འཇིག་རྟེན་འདི་དང་། Dialogue: 0,0:06:02.00,0:06:06.00,Default,,0000,0000,0000,,གང་འདྲ་ཡིན་དགོས་པའི་འཇིག་རྟེན་གཉིས་གཅིག་དང་འདྲ་མཚུངས་ཡིན་པ་བཟོ་རྒྱུའི་རེ་བ་བཏོན། Dialogue: 0,0:06:06.00,0:06:09.00,Default,,0000,0000,0000,,ངས་དེའི་སྐོར་དེ་རིང་འདིར་བསམ་གཞིག་བྱེད་ཀྱི་ཡོད། Dialogue: 0,0:06:09.00,0:06:13.00,Default,,0000,0000,0000,,གང་ལགས་ཞེ་ན། སློབ་གྲྭ་འདིའི་ནང་གི་ཁྱེད་ཚོ་ཚང་མ་ Dialogue: 0,0:06:13.00,0:06:18.00,Default,,0000,0000,0000,,བར་སྟོང་འདི་གསུབ་པར་གལ་ཆེན་པོ་ཆགས་ཡོད་པས་ཡིན། Dialogue: 0,0:06:18.00,0:06:23.00,Default,,0000,0000,0000,,ཁྱེད་ཚོ་ནི་འཇིག་རྟེན་འདི་ཅི་འདྲ་ཞིག་དགོས་པ་ལྟར་བཞེངས་མཁན་གྱི་བུད་མེད་དག་རེད། Dialogue: 0,0:06:23.00,0:06:25.00,Default,,0000,0000,0000,,ཁྱེད་ཚོས་ལོ་རྒྱུས་ཀྱི་ལེའུ་རྗེས་མ་དེ་བྲི་གི་རེད། Dialogue: 0,0:06:25.00,0:06:29.00,Default,,0000,0000,0000,,དེ་ནི་སོ་སོ་གཅིག་པུའི་ཆེ་མིན་པར། ཁྱེད་ཀྱི་མི་རབས་དང་། Dialogue: 0,0:06:29.00,0:06:32.00,Default,,0000,0000,0000,,མ་འོངས་བའི་མི་རབས་ཀྱི་ཆེད་དུ་རེད། Dialogue: 0,0:06:32.00,0:06:34.00,Default,,0000,0000,0000,,དེར་བརྟེན། ཤེས་ཡོན་ལེགས་པོ་ཐོབ་རྒྱུ་ནི་ Dialogue: 0,0:06:34.00,0:06:36.00,Default,,0000,0000,0000,,ཧ་ཅང་གལ་ཆེན་རེད། Dialogue: 0,0:06:36.00,0:06:39.00,Default,,0000,0000,0000,,དེར་བརྟེན་ཁྱེད་ཚོས་བརྒྱུད་པའི་འཚོ་བའི་ཀྱག་ཀྱོག་གི་འཕྲེང་བའི་ཁྲོད་ཀྱི་ Dialogue: 0,0:06:39.00,0:06:43.00,Default,,0000,0000,0000,,རང་ཉིད་དགའ་ས་དང་མི་དགའ་སའི་དགེ་རྒན་སོགས། Dialogue: 0,0:06:43.00,0:06:46.00,Default,,0000,0000,0000,,ཅིའི་ཕྱིར་གལ་ཆེན་རེད་ལབ་ན། Dialogue: 0,0:06:46.00,0:06:49.00,Default,,0000,0000,0000,,ཚོགས་སྡེ་དང་རྒྱལ་ཁབ། མཐའ་མར་འཇིག་རྟེན་འདི་ནི་ Dialogue: 0,0:06:49.00,0:06:54.00,Default,,0000,0000,0000,,བུད་མེད་ཚོའི་འཕྲོད་བསྟེན་གྱི་གནས་སྟངས་གང་འདྲ་ཡོད་པ་དང་མཚུངས། Dialogue: 0,0:06:54.00,0:06:56.00,Default,,0000,0000,0000,,དེ་སེམས་སུ་ཉར་རྒྱུ་གལ་ཆེན་རེད། Dialogue: 0,0:06:56.00,0:07:02.00,Default,,0000,0000,0000,,འཕྲོད་བསྟེན་དེའི་ཆ་ཤས་གཅིག་ནི་ཁྱད་དུ་འཕགས་པའི་ཤེས་ཡོན་རེད། Dialogue: 0,0:07:02.00,0:07:07.00,Default,,0000,0000,0000,,དཀའ་ངལ་ཅན་གྱི་བཟའ་ཚང་གཅིག་དང་བཟའ་ཁ་སྐྱིད་པོ་ཞིག་གི་དབར་གྱི་ཁྱད་པར་ནི། Dialogue: 0,0:07:07.00,0:07:10.00,Default,,0000,0000,0000,,རྒྱུན་དུ་ནུས་ཤུགས་ཅན་གྱི་བུད་མེད་དམ། Dialogue: 0,0:07:10.00,0:07:13.00,Default,,0000,0000,0000,,བཟའ་ཚང་གི་སྲོག་ཤིང་དུ་བུད་མེད་ཅིག་ཡོད་མིན་དེ་རེད། Dialogue: 0,0:07:13.00,0:07:16.00,Default,,0000,0000,0000,,ཆག་གྲུམ་ཤོར་བ་དང་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་ཚོགས་སྡེ་གཉིས་ཀྱི་ཁྱད་པར་ནི། Dialogue: 0,0:07:16.00,0:07:20.00,Default,,0000,0000,0000,,སྤྱི་ཚོགས་ཀྱི་ཆེད་དུ་ནུས་པ་འདོན་མཁན་གྱི་སྐྱེས་པ་དང་བུད་མེད་གཉིས་ཀྱི་ Dialogue: 0,0:07:20.00,0:07:25.00,Default,,0000,0000,0000,,དབར་ལ་ཚུལ་མཐུན་གྱི་གུས་ཞབས་ཡོད་མེད་དེ་རེད། Dialogue: 0,0:07:25.00,0:07:28.00,Default,,0000,0000,0000,,ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱལ་ཁབ་ཤིག་དང་། Dialogue: 0,0:07:28.00,0:07:30.00,Default,,0000,0000,0000,,ཡར་རྒྱས་ཀྱི་ལམ་ལ་ཕྱོགས་པའི་རྒྱལ་ཁབ་གཉིས་ཀྱི་ཁྱད་པར་ནི་ Dialogue: 0,0:07:30.00,0:07:34.00,Default,,0000,0000,0000,,བུ་དང་བུ་མོ་གཉིས་ཀྱི་ཆེད་དུ་ཤེས་ཡོན་སྦྱངས་བའི་གོ་སྐབས་ Dialogue: 0,0:07:34.00,0:07:36.00,Default,,0000,0000,0000,,འདྲ་མཉམ་ཞིག་དགོས་པར་ངོས་འཛིན་བྱེད་པ་དེ་རེད། Dialogue: 0,0:07:36.00,0:07:41.00,Default,,0000,0000,0000,,ཨིན་ཡུལ་གྱི་བུད་མེད་སྨན་པ་དང་ཤོས་ཀྱི་མིང་བཏགས་པའི་སློབ་གྲྭ་འདི་དང་། Dialogue: 0,0:07:41.00,0:07:47.00,Default,,0000,0000,0000,,མཐའ་འཁོར་གྱི་ཁང་བརྩེགས་མེག་སེས་ཁན་གྱི་སྒྱུ་རྩལ་བ་ཧྥི་རས་རྡ་ཁ་ལོ་དང་ Dialogue: 0,0:07:47.00,0:07:49.00,Default,,0000,0000,0000,,མེ་རིས་སིས་ཁོལ་གྱི་་མིང་ཡོད་པ། Dialogue: 0,0:07:49.00,0:07:53.00,Default,,0000,0000,0000,,ཁོང་ནི་འཇའ་མེ་ཁན་ནས་སྨན་ཞབས་མི་རིཊ་ནག་པོའི་ཧྥི་ལོ་རིན་སི་ན་ཡེ་ཊིན་གལ་ལ་གྲགས་པ། Dialogue: 0,0:07:53.00,0:07:56.00,Default,,0000,0000,0000,,ཨིན་ཇིའི་རྩོམ་པ་པོ་ཨེས་མི་ལི་བྷི་རོན་ཊིས་བཅས་ཀྱི་མིང་བཏགས་ཡོད་པ། Dialogue: 0,0:07:56.00,0:08:00.00,Default,,0000,0000,0000,,ཕོ་མོ་དང་། མི་རིགས་དབྱེ་འབྱེད། མ་རིག་པ་བཅས་ལ་འཐབ་རྩོད་བྱེད་མཁན་ཚོར་ཆེ་བསྟོད་དང་། Dialogue: 0,0:08:00.00,0:08:05.00,Default,,0000,0000,0000,,ཁོང་ཚོའི་རྣམ་ཤེས་ཀྱི་ཚོར་ཤུགས་ཀྱི་རྗེས་བསྙེགས་ཡོད། Dialogue: 0,0:08:05.00,0:08:08.00,Default,,0000,0000,0000,,ཁོང་ཚོས་བར་ཆད་གང་ཡང་ཡོང་བཅུག་མེད། Dialogue: 0,0:08:08.00,0:08:12.00,Default,,0000,0000,0000,,ལྟག་རྒྱབ་ཀྱི་ལས་རྟགས་སྟེང་དུ་ "ཚད་མེད་པ་" ཞེས་བཀོད་པ་ནང་བཞིན། Dialogue: 0,0:08:12.00,0:08:14.00,Default,,0000,0000,0000,,ཁོང་ཚོས་རང་གི་རྨི་ལམ་གྱི་རྗེས་སུ་ Dialogue: 0,0:08:14.00,0:08:17.00,Default,,0000,0000,0000,,འབྲངས་བ་ལས་ལམ་གཞན་གང་ཡང་མི་ཤེས་པ་ཡིན། Dialogue: 0,0:08:17.00,0:08:22.00,Default,,0000,0000,0000,,རང་གི་རྨི་ལམ་གྱི་རྗེས་སུ་འབྲངས་བར་བརྟེན། བུད་མེད་དེ་ཚོས་ Dialogue: 0,0:08:22.00,0:08:24.00,Default,,0000,0000,0000,,བར་ཆད་གང་མང་ཞིག་བཟློག་ཡོད། Dialogue: 0,0:08:24.00,0:08:26.00,Default,,0000,0000,0000,,ཁོང་ཚོས་རྗེས་སུ་འབྲངས་བའི་ Dialogue: 0,0:08:26.00,0:08:29.00,Default,,0000,0000,0000,,སྨན་པ་དང་། སྨན་ཞབས་མ། Dialogue: 0,0:08:29.00,0:08:32.00,Default,,0000,0000,0000,,སྒྱུ་རྩལ་བ་དང་། རྩོམ་པ་པོ་ས་ཡ་མང་པོར་ Dialogue: 0,0:08:32.00,0:08:34.00,Default,,0000,0000,0000,,སྒོ་མོ་གསར་བ་གང་མང་བྱས་ཡོད། Dialogue: 0,0:08:34.00,0:08:37.00,Default,,0000,0000,0000,,ཤེས་ཡོན་ཚད་ལྡན་ཞིག་རག་པ་ཡིན་ན། Dialogue: 0,0:08:37.00,0:08:41.00,Default,,0000,0000,0000,,ཁྱེད་ཚོས་ཀྱང་རང་གི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ། Dialogue: 0,0:08:41.00,0:08:44.00,Default,,0000,0000,0000,,དེ་སེམས་ལ་འཛིན་རོགས། Dialogue: 0,0:08:44.00,0:08:48.00,Default,,0000,0000,0000,,གལ་སྲིད། ཁྱེད་ཚོས་ང་དེ་རིང་འདིར་ལངས་ཐུབ་པའི་རྒྱུ་མཚན་ཤེས་འདོད་ཡོད་ན། Dialogue: 0,0:08:48.00,0:08:51.00,Default,,0000,0000,0000,,དེ་ནི་ཤེས་ཡོན་ལ་བསྟེན་ནས་བྱུང་བ་རེད། Dialogue: 0,0:08:51.00,0:08:55.00,Default,,0000,0000,0000,,ང་ནམ་ཡང་འཛིན་གྲྭར་གཡོལ་མྱོང་མེད། དགོངས་དག ཁྱེད་ཚོ་གང་རུང་ཞིག་འཛིན་གྲྭར་གཡོལ་གྱི་ཡོད་མེད་མི་ཤེས། Dialogue: 0,0:08:55.00,0:08:57.00,Default,,0000,0000,0000,,ང་འཛིན་གྲྭར་རྩ་བ་ནས་གཡོལ་མྱོང་མེད། Dialogue: 0,0:08:57.00,0:08:59.00,Default,,0000,0000,0000,,ང་སྦྱངས་འབྲས་མཐོ་ཤོར་རག་པར་དགའ། Dialogue: 0,0:08:59.00,0:09:01.00,Default,,0000,0000,0000,,ང་སྤྱང་གྲུང་འཛོམས་པོ་བྱེད་རྒྱུར་དགའ་ལ། Dialogue: 0,0:09:01.00,0:09:05.00,Default,,0000,0000,0000,,ང་དུས་ཐོག་བྱེད་རྒྱུར་དགའ་། ང་ལས་ཀ་སྒྲུབ་རྒྱུར་དགའ། Dialogue: 0,0:09:05.00,0:09:10.00,Default,,0000,0000,0000,,ངས་སྤྱང་གྲུང་འཛོམས་པོ་བྱེད་རྒྱུ་ལས་རྫིག་ཞིག་འཛམ་གླིང་འདིར་ཡོད་རྒྱུ་མ་རེད་བསམས། Dialogue: 0,0:09:10.00,0:09:12.00,Default,,0000,0000,0000,,ཁྱེད་ཚོས་ཀྱང་རིན་ཐང་གཅིག་མཚུངས་འདི་དག་ལ་བསྟེན་ནས། Dialogue: 0,0:09:12.00,0:09:14.00,Default,,0000,0000,0000,,རང་གི་ལས་དབང་ལ་ཁ་ལོ་སྒྱུར་ཐུབ། Dialogue: 0,0:09:14.00,0:09:17.00,Default,,0000,0000,0000,,ཁྱེད་ཚོས་ཀྱང་ལམ་ཁ་འདིངས་ཐུབ། Dialogue: 0,0:09:17.00,0:09:19.00,Default,,0000,0000,0000,,ཁྱེད་ཚོས་རང་གི་རྨི་ལམ་རྟོགས་ཐུབ། Dialogue: 0,0:09:19.00,0:09:23.00,Default,,0000,0000,0000,,དེ་ནས་ཁྱེད་ཀྱི་ལས་ཀ་ནི་ཕྱིར་གཟིགས་ཏེ། Dialogue: 0,0:09:23.00,0:09:27.00,Default,,0000,0000,0000,,ཁྱེད་ཚོས་སྒྲུབ་ཀྱིན་པ་གཅིག་པ་སྒྲུབ་མཁན་ཚོར་རོགས་རམ་བྱེད་རྒྱུ་དེ་རེད། Dialogue: 0,0:09:27.00,0:09:30.00,Default,,0000,0000,0000,,ལོ་རྒྱུས་ཀྱི་ར་སྤྲོད་བྱས་དོན་ལྟར་ན། Dialogue: 0,0:09:30.00,0:09:32.00,Default,,0000,0000,0000,,ཁྱེད་རང་འབྱོར་མེད་ཚོའི་བསྡོད་ཁང་དང་། ཡང་ན་ Dialogue: 0,0:09:32.00,0:09:34.00,Default,,0000,0000,0000,,གྲོང་ཕྱིར་ཡོད་པའི་གཞིས་ཀ་གང་ནས་ཡོང་ཀྱང་། Dialogue: 0,0:09:34.00,0:09:36.00,Default,,0000,0000,0000,,ཁྱེད་ཀྱི་གྲུབ་འབྲས་ནི་ Dialogue: 0,0:09:36.00,0:09:39.00,Default,,0000,0000,0000,,རང་གི་སྡུག་རུས་དང་། Dialogue: 0,0:09:39.00,0:09:43.00,Default,,0000,0000,0000,,གདེང་ཚོད། སྙིང་་རུས་བཅས་ཀྱིས་ཐག་གཅོད་ཀྱི་རེད། Dialogue: 0,0:09:43.00,0:09:47.00,Default,,0000,0000,0000,,དེ་དངོས་གནས་རེད། དེ་ནི་ང་ཚོ་འཚོ་སའི་འཇིག་རྟེན་འདིའི་དངོས་ཡོད་གནས་ཚུལ་རེད། Dialogue: 0,0:09:47.00,0:09:50.00,Default,,0000,0000,0000,,ད་ལྟ་ཁྱེད་ལ་རང་གི་ལས་དབང་སྟངས་འཛིན་བྱེད་དབང་ཡོད། Dialogue: 0,0:09:50.00,0:09:55.00,Default,,0000,0000,0000,,དེ་ལས་སླ་བོ་ཞིག་མིན་ཁོ་ཐག་རེད། Dialogue: 0,0:09:55.00,0:09:57.00,Default,,0000,0000,0000,,ཡིན་ཡང་། ཁྱེད་ལ་དགོས་ངེས་ཀྱི་ཆ་རྐྱེན་ཚང་ཡོད། Dialogue: 0,0:09:57.00,0:10:00.00,Default,,0000,0000,0000,,ཁྱེད་རང་རྒྱལ་དགོས་བའི་ཆ་རྐྱེན་ཡོད་ཚད་ Dialogue: 0,0:10:00.00,0:10:03.00,Default,,0000,0000,0000,,འདིར་སྔ་ས་ནས་འཛོམས་འདུག། Dialogue: 0,0:10:03.00,0:10:07.00,Default,,0000,0000,0000,,ངའི་ཁྱོ་གའི་ལས་ཁུངས་ཆེན་པོ་འདིའི་ནང་དུ་ལས་ཀ་སྒྲུབ་ཀྱི་ཡོད། Dialogue: 0,0:10:07.00,0:10:10.00,Default,,0000,0000,0000,,ཁོང་ཚོས་འདིར་སྒོང་དབྱིབས་ཅན་གྱི་ལས་ཁུངས་ཞེས་འབོད་ཀྱི་ཡོད། Dialogue: 0,0:10:10.00,0:10:12.00,Default,,0000,0000,0000,,ཁོང་འདུག་སའི་ཕོ་བྲང་དཀར་པོའི་ནང་གི་མདུན་ལྕོག་དེར་ Dialogue: 0,0:10:12.00,0:10:15.00,Default,,0000,0000,0000,,སེམས་ཐག་གཙང་གཅད་ཀྱི་མདུན་ལྕོག་ཞེས་འབོད་ཀྱི་ཡོད། Dialogue: 0,0:10:15.00,0:10:19.00,Default,,0000,0000,0000,,དེ་ནི་ཨིན་ཡུལ་གྱི་རྒྱལ་མོའི་སེམས་ཐག་གཙང་གཅད་མིང་གི་གྲུ་གཟིངས་ཀྱི་ཤིང་རྒྱུ་ལས་བཟོས་ཤིང་། Dialogue: 0,0:10:19.00,0:10:22.00,Default,,0000,0000,0000,,རྒྱལ་མོ་བིག་ཁྲོ་རི་ཡས་གནང་བ་རེད། Dialogue: 0,0:10:22.00,0:10:27.00,Default,,0000,0000,0000,,འདི་ནི་ང་ཚོ་རྒྱལ་ཁབ་གཉིས་དབར་གྱི་ཡུན་རིང་གི་མཛའ་འབྲེལ་གྱི་རྟགས་མ་མཚོན་གྱི་ཡོད། Dialogue: 0,0:10:27.00,0:10:29.00,Default,,0000,0000,0000,,དེའི་མིང་ལ་སེམས་ཐག་གཙང་གཅད་ཞེས་འདོགས་དོན་ནི། Dialogue: 0,0:10:29.00,0:10:33.00,Default,,0000,0000,0000,,དེ་ལ་དགོས་ངེས་ཀྱི་སྟོབས་ཤུགས་དྲན་གསོ་བྱེད་སྤྱད་ཞིག་སྟེ། Dialogue: 0,0:10:33.00,0:10:35.00,Default,,0000,0000,0000,,རྒྱལ་ཁབ་ཞིག་འགོ་ཁྲིད་རྒྱུ་ཙམ་མིན་པར། Dialogue: 0,0:10:35.00,0:10:40.00,Default,,0000,0000,0000,,དམིགས་ཡུལ་དང་ལྡན་པའི་མི་ཚེ་རོལ་རྒྱུའང་མཚོན་གྱི་ཡོད། Dialogue: 0,0:10:40.00,0:10:44.00,Default,,0000,0000,0000,,ངའི་རེ་བར་ཁྱེད་ཚོས་རང་གི་རྨི་ལམ་གྱི་རྗེས་སྙེགས་སྐབས། སེམས་རྩ་བརྟན་དགོས། Dialogue: 0,0:10:44.00,0:10:47.00,Default,,0000,0000,0000,,དེས་ན་ཁྱེད་ཚོ་མདུན་ནས་མདུན་དུ་ཚད་མེད་དུ་སྐྱོད་ཐུབ། Dialogue: 0,0:10:47.00,0:10:52.00,Default,,0000,0000,0000,,རང་གི་རིག་རྩལ་བེད་སྤྱོད་ཐོངས་། གང་ལེགས་ཤེ་ན། ང་ཚོའི་རིག་རྩལ་མང་པོ་ཡོད་པ་མཐོང་གི་ཡོད། Dialogue: 0,0:10:52.00,0:10:54.00,Default,,0000,0000,0000,,རིག་རྩལ་ནི་ཡོད་ངེས་ཅན་ཞིག་རེད། Dialogue: 0,0:10:54.00,0:10:58.00,Default,,0000,0000,0000,,ཁྱེད་ཀྱི་རིག་རྩལ་དེ་དག་བེད་སྤྱད་ནས་འཇིག་རྟེན་འདི་ཇི་འདྲ་ཞིག་ཡོད་དགོས་མིན་བཟོ་ཐུབ། Dialogue: 0,0:10:58.00,0:11:01.00,Default,,0000,0000,0000,,རྒྱུ་མཚན་ནི་ང་ཚོས་ཁྱེད་ལ་རེ་བ་ཅོལ་ཡོད། Dialogue: 0,0:11:01.00,0:11:03.00,Default,,0000,0000,0000,,ང་ཚོས་ཁྱེད་ཚོ་མི་རེ་ངོ་རེ་ནས་ Dialogue: 0,0:11:03.00,0:11:06.00,Default,,0000,0000,0000,,རང་གི་འཇོན་ནུས་ཡོད་ཚད་ཀྱི་ལེགས་ཤོས་ཤིག་བྱེད་པའི་རེ་བ་བྱེད་ཀྱི་ཡོད། Dialogue: 0,0:11:06.00,0:11:08.00,Default,,0000,0000,0000,,གང་ལེགས་ཞེ་ན། འཛམ་གླིང་ཆེན་པོ་རེད་ལ། Dialogue: 0,0:11:08.00,0:11:10.00,Default,,0000,0000,0000,,གདོང་ལེན་བྱེད་དགོས་པ་མང་པོ་ཡོད་རེད། Dialogue: 0,0:11:10.00,0:11:14.00,Default,,0000,0000,0000,,ང་ཚོར་སྟོབས་ཤུགས་ཅན་དང་།སྤྱང་པོ། གདེང་ཚོད་ཅན་གྱི་བུད་མེད་གཞོན་སྐྱེས་ཚོས་ Dialogue: 0,0:11:14.00,0:11:16.00,Default,,0000,0000,0000,,ཀྲོང་ངེར་ལངས་ཏེ་འགོ་འཁྲིད་མཁན་དགོས་ཀྱི་ཡོད། Dialogue: 0,0:11:16.00,0:11:20.00,Default,,0000,0000,0000,,ཁྱེད་ཚོས་རེ་བ་དེ་མངོན་འགྱུར་བྱེད་ཐུབ་པ་ཤེས་ཀྱི་ཡོད།ང་ཚོར་ཁྱེད་ཚོར་དུང་བ་ཟབ།བཀའ་དྲིན་ཤིན་ཏུ་ཆེ། Dialogue: 0,0:11:20.00,0:11:27.00,Default,,0000,0000,0000,,༼ཐལ་མོ་རྡེབ་སྒྲ།༽