Return to Video

སྡོམ་རྩིས་གཉིས་པ།

  • 0:00 - 0:01
    གཟུགས་མཐོང་བརྙན་པར་སྔོན་མའི་ནང་ལ་
  • 0:01 - 0:03
    ང་ཚོ་ལ་སྦྱོང་བརྡར་ཁ་ཤས་ཅིག་བྱུང་ཡོད།
  • 0:03 - 0:06
    སྡོམ་ཡག་ལ་ང་ཚོས་བསམ་བློ་གཏོང་ཐུབ་པའི་ཨང་ཀི་ཆུང་ང་རྣམས་ནི།
  • 0:06 - 0:09
    དཔེར་ན། ང་ཚོས་ ༣ + ༢ སྡོམ་པ་བྱས།
  • 0:09 - 0:11
    ང་ཚོས་དེ་སེམས་ལ་འཆར་ཐུབ་ཡག་ལ་
  • 0:11 - 0:15
    གལ་ཏེ་ང་ལ་ལིམ་བུ་་་་་ ༡ , ༢, ༣ ་་་་་ ཡོད་པ་བྱས།
  • 0:15 - 0:17
    ཨ་ནི། ངས་ལིམ་བུ་གསུམ་ལ་
  • 0:17 - 0:21
    ལིམ་བུ་གཉིས་སྣོན་པ་རྒྱབ་པ་བྱས།
  • 0:21 - 0:24
    དཔེར་ན་ལིམ་བུ་ལྗངས་ཁུ་གཉིས་་་་་་་་་་་
  • 0:24 - 0:26
    ཡང་ན་སྐྱུར་འབྲས་འཁུར་ར་དུམ་བུ་གཉིས།
  • 0:26 - 0:30
    ད་ང་ལ་སྐྱུར་འབྲས་ག་ཚད་འདུག།།
  • 0:30 - 0:32
    གཟུགས་མཐོང་བརྙན་པར་སྔོན་མའི་ནང་ལ་སྦྱངས་པ་བཞིན་
  • 0:32 - 0:37
    ང་ཚོ་ལ་ ཆ་ཤས་ ༡, ༢, ༣, ༤, ༥ བྱས་པའི་ཤིང་ཏོག་ཡོད།
  • 0:37 - 0:39
    ༣ + ༢ = ༥
  • 0:39 - 0:40
    དེ་ཡང་ང་ཚོས་མཐོང་པ་རེད།
  • 0:40 - 0:42
    དེ་ག་རེ་དང་ཇི་མ་ཇི་བཞིན་རེད་ཟེར་ན། གལ་ཏེ་
  • 0:42 - 0:44
    ང་ཚོས་ ༢ + ༣ སྡོམ་པ་ན།
  • 0:44 - 0:45
    ངས་བྱས་ན་དེས་གོ་དོན་ཡོད་པ་སྟོན་གྱི་རེད།
  • 0:45 - 0:47
    ག་རེ་བྱས་ནས་ཟེར་ན་འདི་གང་འགོ་འཛུགས་པ་དང་
  • 0:47 - 0:49
    གཅིག་པ་རེད། ་་་ དཔེར་ན་ཁྱེད་རང་ལ་ལིམ་བུ་ ༢ ཡོད་པ་དང།
  • 0:49 - 0:52
    འདི་ལ་ཁྱེད་རང་གིས་ལིམ་བུ་ ༣ སྣོན་པ་ཡིན།
  • 0:52 - 0:54
    ད་དུང་ཁྱེད་རང་ཤིང་ཏོག་ཆ་ཤས་ ༥ བྱས་པ་ལ་ཐུག་གི་རེད།
  • 0:54 - 0:57
    ༡, ༢, ༣, ༤, ༥.
  • 0:57 - 0:59
    དེ་ག་ནང་བཞིན།
  • 0:59 - 1:00
    གོ་རིམ་གང་འདྲས་བཞག་ནས་སྡོམ་ནའང་དེ་ལ་ཁྱད་པར་གང་ཡང་ཡོད་མ་རེད།
  • 1:00 - 1:02
    ཁྱེད་རང་ལ་ལྔ་རང་ཐོབ་ཀྱི་རེད།
  • 1:02 - 1:04
    སྡོམ་རྩིས་སྐོར་ལ་བསམ་བློ་གཏོང་སྟངས་འདི་འདྲས་ལ་
  • 1:04 - 1:07
    ངས་འདི་ལ་གྲངས་ཀ་རྒྱབ་ཡག་གི་བསམ་བློ་གཏོང་སྟངས་ཀྱི་ལྟ་ཕྱོགས་ཡོད།
  • 1:07 - 1:08
    གཞན་པ་ཨང་ཐིག་གི་ཚུལ་ནི་ང་ཚོས་གཟུགས་མཐོང་བརྙན་པར་ནང་ལ་
  • 1:08 - 1:09
    མཐོང་པ་དེ་རེད།
  • 1:09 - 1:12
    དོན་དངོས་ལ་དེ་ཚོ་གཅིག་པ་ཡིན་ཙང།
  • 1:12 - 1:13
    ང་ཚོས་ཐིག་གི་རི་མོ་བྲིས་ཐུབ་ཀྱི་རེད།
  • 1:13 - 1:15
    ཨང་ཐིག་ཆ་ཚང་ནི།
  • 1:15 - 1:17
    འདིས་ཨང་ཀི་ཚང་མ་བང་རིམ་གྱིས་ཕྱོགས་གཅིག་དུ་གཡོ་བགྱི་རེད།
  • 1:17 - 1:18
    འདིས་ཨང་ཀི་ཚང་མ་ཕྱོགས་གཅིག་དུ་འཁྲིད་ཀྱི་རེད།
  • 1:18 - 1:20
    ཨ་ནི། ངོ་མ་བྱས་ན་ཁྱེད་རང་འགྲོ་དགོས་ཀྱི་ཡོད་ན་ག་ཚད་མཐོ་མཐོ་འགྲོ་ཐུབ་ཀྱི་རེད།
  • 1:20 - 1:22
    ཁྱེད་རང་ས་ཡ་ཡང་ན་ས་ཡ་གསུམ་བྱས་པ་བར་དུ་འགྲོ་ཐུབ་ཀྱི་རེད།
  • 1:22 - 1:23
    ཡིན་ནའང་ང་ཚོ་དེ་འདྲས་བྱེད་ཀྱི་མ་རེད།
  • 1:23 - 1:26
    གཟུགས་མཐོང་བརྙན་པར་ནང་ལ་དེ་ལྟར་བྱེད་ཡག་ང་ལ་སྟོང་ཆ་དང་དུས་ཚོད་ཡོད་མ་རེད།
  • 1:26 - 1:27
    དངོས་འབྲེལ་བྱས་ན་ཁྱེད་རང་གང་དམའ་དམའ་འགྲོ་ཐུབ་ཀྱི་རེད།
  • 1:27 - 1:29
    ང་ཚོ་ ༠ ནས་འགོ་འཛུགས་དགོས། བསམ་བློ་འཁོར་ཡག་ལ་་་་་
  • 1:29 - 1:30
    ངས་ཁྱེད་རང་ལ་མ་འོངས་པའི་གཟུགས་མཐོང་བརྙན་པར་ནང་ལ་
  • 1:30 - 1:32
    ཨང་ཀི་ ༠ ལས་ཆུང་ངའི་སྐོར་བཤད་ཀྱི་ཡིན།
  • 1:32 - 1:35
    གཅིག་བྱས་ན་དེ་རིང་དགོང་དག་དེའི་དོན་དག་ག་རེ་ཡིན་པ་ཁྱེད་རང་ལ་བསམ་བློ་འཁོར་མདོག་ཁ་པོ་རེད།
  • 1:35 - 1:38
    ཡིནའང་ ༠ ནས་འགོ་འཛུགས་དགོས། ༠ དོན་དག་གང་ཡང་མེད་པ་རེད།
  • 1:38 - 1:44
    གལ་ཏེ་ང་ལ་ལིམ་བུ་ ༠ ཡོད་ན། འདིའི་དོན་དག་ང་ལ་ལིམ་བུ་མེད་པ་རེད།
  • 1:44 - 1:56
    བྱས་ཙང། ༠, ༢, ༣, ༤, ༥, ༦, ༧, ༨, ༩, ༡༠, ༡༡--
  • 1:56 - 1:57
    གང་འཚམས་ཀྱིས་མཐོ་རུ་འགྲོ་དགོས།
  • 1:57 - 1:58
    ༡༢ --
  • 1:58 - 2:00
    དེ་འདྲས་ཆ་ལ་ངས་ཡང་སྐྱར་ཨང་ཐིག་བེད་སྤྱོད་བྱེད་ཐུབ།
  • 2:00 - 2:02
    ༡༣, ༡༤.
  • 2:02 - 2:03
    ང་མུ་མཐུད་བྱས་འགྲོ་ཐུབ་ཀྱི་ཡོད།
  • 2:03 - 2:05
    ཡིན་ན་ཡང་བརྙན་པར་འདིའི་ཆེད་དུ་ ༡༤ འགྲིག་ཚོད་བྱས་ན་འགྲིགས་ཀྱི་རེད།
  • 2:05 - 2:06
    འོན་ཀྱང་སྡོམ་རྩིས་ཀྱི་དྲི་གནས་འདི་ཚོ་བྱེད་པ་ལ་
  • 2:06 - 2:08
    ཡང་ཐིག་བེད་སྤྱོད་བྱེད་དགོས།
  • 2:08 - 2:11
    དེར་བརྟེན་བརྙན་པར་སྔོན་མའི་ནང་ལ་ -- དཔྱད་ཞིབ་ཏོག་ཙམ་བྱེད་པ་ --
  • 2:11 - 2:14
    ཁྱེད་རང་གིས་ ༣ + ༢ ལ་ཏོག་ཞིབ་བྱེད་པ་ན་ ༣ ནས་འགོ་འཛུགས་པ་དང་
  • 2:14 - 2:15
    ཨ་ནི་དེ་ལ་ ༢ སྣོན་གྱི་ཡོད།
  • 2:15 - 2:18
    ཡང་ན་གཉིས་ ༣ ལས་མང་ང་འགྲོ་བགྱི་རེད།
  • 2:18 - 2:21
    ཨ་ནི། མང་དུ་འགྲོ་བ་ཙམ་རེད། --
  • 2:21 - 2:22
    ཡང་ན་ཨང་ཐིག་སྒང་ལ་སྣོན་ཁ་རྒྱབ་པ་ནི་
  • 2:22 - 2:23
    གཡས་ཕྱོགས་ལ་འགྲོ་བ་ཙམ་རེད། --- ཡང་ན་གཉིས་ཀྱིས་སྒང་ལ་སྤོ་བ།
  • 2:23 - 2:24
    སོང་ཙང་གཉིས་ཀྱིས་ཡར་སྤོ་བ་བྱས།
  • 2:24 - 2:27
    ངས་ཚ་ལུ་མའི་ཚོན་མདོག་གྱིས་དེ་བྱེད་ཀྱི་ཡིན།
  • 2:27 - 2:29
    ༢ ཀྱིས་ཡར་འགྲོ་བ་བྱས།
  • 2:29 - 2:32
    ང་ཚོས་གསུམ་ནས་འགོ་འཛུགས་པ་ཡིན། ཨ་ནི། ང་ཚོ་གཅིག་གིས་ཡར་འགྲོ་བགྱི་ཡོད།
  • 2:32 - 2:34
    ཨ་ནི། དེ་ནས་ང་ཚོ་ ༢ ཀྱིས་ཡར་འགྲོ་བགྱི་ཡོད། ཡང་ན་ང་ཚོ་མཆོང་གི་ཡོད།
  • 2:34 - 2:36
    ཨ་ནི། ང་ཚོ་ ༥ ལ་སླེབས་ཀྱི་རེད།
  • 2:36 - 2:38
    སྔོན་ལ་ང་ཚོ་ལ་ག་རེ་རག་པ་དེ། དེ་ག་རང་རེད།
  • 2:38 - 2:39
    གལ་ཏེ་ང་ཚོ་ལ་ལིམ་བུ་གསུམ་ཡོད་པ་བྱས།
  • 2:39 - 2:40
    དེ་ལ་ང་ཚོས་ལིམ་བུ་གཅིག་སྣོན་ཁ་རྒྱབ་ན། ང་ཚོ་ལ་ལིམ་བུ་བཞི་ཡོད་རེད།
  • 2:40 - 2:43
    ང་ཚོས་ལིམ་བུ་གཞན་པ་གཅིག་སྣོན་ཁ་རྒྱབ་ན། ང་ཚོ་ལ་ལིམ་བུ་ ༥ ཡོད།
  • 2:43 - 2:45
    ཡང་ན་སྐྱུར་འབྲས། --- ཡང་ན་སྐྱུར་འབྲས་འཁུར་ར་དུམ་བུ།
  • 2:45 - 2:47
    ཁྱེད་རང་ག་རེ་ལབ་འདོད་ནའང་འགྲིགས་ཀྱི་རེད།
  • 2:47 - 2:48
    ཁྱེད་རང་གིས་ལབ་ཚུལ་དེ་ལ་ལྟ་དུས། ---
  • 2:48 - 2:50
    ཁྱེད་རང་གིས་གོ་རིམ་བརྗེ་བོ་རྒྱབ་དུས།
  • 2:50 - 2:52
    ང་ཚོས་ ༢ ནས་འགོ་འཛུགས་པ་ཡིན།
  • 2:52 - 2:54
    ཨ་ནི། ང་ཚོས་དེ་ལ་ཅ་ལག་ ༣ སྣོན་ཁ་རྒྱབ་ཀྱི་ཡོད།
  • 2:54 - 2:58
    འདི་འདྲས་ཡིན་ན། དེ་ཚོ་ལིམ་བུ་ཡང་ན་སྐྱུར་འབྲས་ཡིན་པ་ཆ་བཞག།།
  • 2:58 - 2:59
    དེར་བརྟེན་དེ་ལ་ང་ཚོས་གསུམ་སྣོན་ཁ་རྒྱབ་ཀྱི་ཡིན།
  • 2:59 - 3:03
    ༡, ༢, ༣.
  • 3:03 - 3:04
    ཨ་ནི། ང་ཚོས་ཚོད་དཔག་བྱེད་པ་བཞིན་
  • 3:04 - 3:06
    ང་ཚོ་ལ་རག་པ་ནི་གཅིག་པ་གཅིག་ཀྱང་རེད།
  • 3:06 - 3:08
    ཡང་སྐྱར་ང་ཚོ་ལ་ ༥ ཐོབ་པ་རེད།
  • 3:08 - 3:09
    ད་གཟུགས་མཐོང་བརྙན་པར་འདིའི་ནང་ལ་ངས་ག་རེ་བྱེད་འདོད་ཡོད་པ་ ---
  • 3:09 - 3:11
    དང་རེ་བ་ལ་འདི་དཔྱད་ཞིབ་ཙམ་སོང་བ་ཡིན་ ---
  • 3:11 - 3:13
    -- ག་རེ་བྱེད་འདོད་ཡོད་པ་ནི་ངས་དྲི་བའི་གནས་ཁག་ག་རིགས་ལ་འབད་རྩོལ་བྱེད་འདོད་ཡོད།
  • 3:13 - 3:16
    ང་ཨང་ཀི་ཆེ་བ་རིགས་ལ་ཅུང་ཙམ་འབད་རྩོལ་བྱེད་འདོད་འདུག།།
  • 3:16 - 3:17
    ཨ་ནི་བརྙན་པར་རྗེས་མའི་ནང་ལ་ ---
  • 3:17 - 3:18
    བརྙན་པར་འདིའི་ནང་ལ་ངས་ཁྱེད་རང་ལ་
  • 3:18 - 3:20
    ཨང་ཀི་ཆེ་བ་རིགས་ཅུང་ཙམ་དང་འབྲེལ་བའི་
  • 3:20 - 3:21
    སྦྱོང་བརྡར་སྤྲོད་འདོད་འདུག།
  • 3:21 - 3:21
    ཨ་ནི། དེ་ནས་བརྙན་འཕྲིན་རྗེས་མའི་ནང་ལ་
  • 3:21 - 3:23
    ང་ཚོས་ཏོག་ཙམ་གཏིང་རིང་དུ་བྲུས་ཀྱི་ཡིན།
  • 3:23 - 3:25
    ཨ་ནི། ཨང་ཀི་ཆ་སྙོམ་ག་རེ་ཡིན་པ་བསམ་བློ་གཏོང་པ་
  • 3:25 - 3:27
    ཡིན་ནའང་སྦྱོང་བརྡར་གོ་བ་དང་ལྡན་པ་ཁ་ཤས་རག་པ་བྱེད་དགོས།
  • 3:27 - 3:31
    ཁྱེད་རང་གིས་དོན་དངོས་ལ་ཨང་ཀི་ཆེ་བ་མཉམ་དུ་སྡོམ་རྩིས་ཀྱི་དྲི་བའི་གནས་ག་འདྲས་སེ་བྱེད་ཀྱི་ཡིན།
  • 3:31 - 3:36
    ཡིད་འོང། འཇམ་པོ་དང་། མུ་མེན་ཚོལ་མདོག་གྱིས་བྲིས་ཆོག་པ་བྱེད།
  • 3:36 - 3:44
    ང་ ༩ + ༣ སྡོམ་འདོད་ཡོད་ཅེས་ལབ་པ་ཆ་བཞག།།
  • 3:44 - 3:46
    ང་ཚོས་འདི་བྱེད་ཐུབ་པ་ལ་དེར་བྱེད་སྟངས་ཁ་ཤས་ཅིག་ཡོད་རེད།
  • 3:46 - 3:48
    ང་ཚོས་ཡང་སྐྱར་སྒོར་ཐིག་བྲིས་ཐུབ་ཀྱི་རེད།
  • 3:48 - 3:50
    ང་ཚོས་ལབ་ཐུབ་ཡག་ལ། ང་ལ་--
  • 3:50 - 3:55
    གཅིག་བྱས་ན་ངས་སྐར་མ་བྲིས་ཀྱི་ཡིན། ༡, ༢, ༣, ༤ ---
  • 3:55 - 3:56
    ངའི་སྐར་མ་དེ་ཚོའི་སྤུས་ཚད་སྡུག་ཏུ་འགྲོ་བགྱི་འདུག།།
  • 3:56 - 4:02
    --- ༥, ༦, ༧, ༨, ༩.
  • 4:02 - 4:05
    དེ་ཚོ་སྐར་མ་ ༩ རེད། ཨ་ནི། དེ་ནས་ངས་འདི་ལ་ ༣ སྣོན་གྱི་ཡོད།
  • 4:05 - 4:09
    བྱས་ཙང་ངས་ ༡, ༢, ༣ སྣོན་གྱི་ཡོད།
  • 4:09 - 4:10
    ཨ་ནི། དེ་ནས་གལ་ཏེ་ཁྱེད་རང་གིས་སྐར་མའི་ཁྱོན་སྡོམ་
  • 4:10 - 4:12
    གྲངས་ཀ་རྒྱབ་ཡོད་ན། ཁྱེད་རང་གིས་ལབ་ཀྱི་ ----
  • 4:12 - 4:14
    དེ་ཚོན་མདོག་མི་འདྲ་བའི་ཐོག་ནས་བྱེད་ཆོག་པ་བྱེད།
  • 4:14 - 4:21
    --- ༡, ༢, ༣, ༤, ༥, ༦, ༧, ༨, ༩, ༡༠, ༡༡, ༡༢.
  • 4:21 - 4:23
    ད་ང་ལ་ སྐར་མ་ ༡༢ ཡོད།
  • 4:23 - 4:28
    དེར་བརྟེན་ཁྱེད་རང་གིས་ ༩ + ༣ = ༡༢ རེད་ཅེས་ལབ་ཀྱི་རེད།
  • 4:28 - 4:29
    འདི་ ༡༢ དང་གཅིག་མཚུངས་རེད།
  • 4:29 - 4:31
    གལ་ཏེ་ཁྱེད་རང་གིས་ཨང་ཐིག་ལ་བལྟས་པ་ཡིན་ན་---
  • 4:31 - 4:33
    གལ་ཏེ་ཁྱེད་རང་གིས་ཨང་ཐིག་ལ་བལྟས་པ་ཡིན་ན། ཁྱེད་རང་ ༩ ནས་འགོ་འཛུགས་ཀྱི་ཡོད་རེད།
  • 4:33 - 4:34
    གཅིག་བྱས་ན་ཁྱེད་རང་ལ་སྐར་མ་ ༩ ཡོད་པ་དང་
  • 4:34 - 4:39
    ཁྱེད་རང་གིས་སྐར་མ་ ༡ ། སྐར་མ་ ༢ ། སྐར་མ་ ༣ བྱས་དེ་འདྲས་སེ་སྣོན་པ་དང་
  • 4:39 - 4:42
    ཨ་ནི། ཁྱེད་རང་སྐར་མ་ ༡༢ ལ་ཐུག་གི་རེད།
  • 4:42 - 4:45
    འདི་ནི་གོང་དུ་ང་ཚོ་ལ་རག་པའི་ལན་དང་གཅིག་པ་གཅིག་ཀྱང་རེད
  • 4:45 - 4:48
    དེ་འདྲས་ཡིན་ཙང་ཁྱེད་རང་གིས་ཨང་ཀི་ཆེ་བ་ཁ་སྣོན་རྒྱབ་ཡག་འགོ་འཛུགས་དུས།
  • 4:48 - 4:51
    ཁྱེད་རང་གིས་ལས་སྣོན་བྱེད་སྟངས་གཅིག་པ་བྱེད་ཐུབ་ཀྱི་རེད། ཐ་ན་ཡང་ད་ལྟ།---
  • 4:51 - 4:53
    ཨ་ནི། ངས་ཁྱེད་རང་ལ་དོན་སྣང་ཡོང་བཅུག་འདོད་ཡོད། ད་ལྟ་ཁྱད་པར་ནི་
  • 4:53 - 4:56
    ང་ཚོའི་ལན་ལ་གྲངས་གནས་གཉིས་ཡོད།
  • 4:56 - 4:58
    ཨ་ནི། ང་ཚོས་མ་འོངས་པའི་གཟུགས་མཐོང་བརྙན་པར་ནང་ལ་གྲངས་གནས་ཀྱི་སྐོར་ལ་མང་ང་སྐད་

    ཆ་བཤད་ཀྱི་ཡིན།
  • 4:58 - 5:00
    ཡིན་ན་ཡང་གྲངས་གནས་ཚང་མ་ཨང་ཀི་གཅིག་བྱས་པ་རེད། རེད་བ།
  • 5:00 - 5:01
    འདི་ལ་ ༡ དང་ ༢ ཞིག་ཡོད།
  • 5:01 - 5:02
    དེ་ནི་ ༡༢ རེེད།
  • 5:02 - 5:05
    ང་འདི་ནང་ལ་འགྲོ་བགྱི་མེད།---ད་ལྟ་ང་དེའི་ནང་ལ་གཏིང་རིང་པོ་ཞེ་དྲག་འབྲུ་བགྱི་མེད།
  • 5:05 - 5:08
    ངས་བྱས་ན་ཁྱེད་རང་ཨང་ཀི་ ༡༢ དང་གང་འཚམས་ཀྱིས་གོམས་འདྲིས་ཡོད་ཀྱི་རེད།
  • 5:08 - 5:09
    ཡིན་ན་ཡང་ང་ག་རེ་བྱེད་འདོད་ཡོད་པ་ནི་ ---
  • 5:09 - 5:12
    ད་ལྟ་ཁྱེད་རང་གིས་ཁ་སྣོན་རྒྱབ་ཡག་མང་ང་འགོ་འཛུགས་དུས་ག་རེ་འབྱུང་གི་རེད།
  • 5:12 - 5:13
    ཁྱེད་རང་གིས་འདི་འདྲས་གྲངས་གནས་གཉིས་བྱས་པའི་
  • 5:13 - 5:16
    ཨང་ཀི་སྡོམ་ཡག་ག་དུས་འགོ་འཛུགས་ཀྱི་ཡིན།
  • 5:16 - 5:30
    དཔེར་ན། གལ་ཏེ་ངས་ ༢༧ དང་
  • 5:30 - 5:34
    ༡༥ སྡོམ་པ་ཡིན་ན། (༢༧ + ༡༥)
  • 5:34 - 5:36
    ད་ལྟ། གལ་ཏེ་ཁྱེད་རང་གི་ལག་པ་ལ་དུས་ཚོད་མང་པོ་ཡོད་པ་དང་
  • 5:36 - 5:39
    ཁྱེད་རང་གིས་མི་གཞན་པས་ཁྱེད་རང་ལ་ག་འདྲས་སེ་ཐག་གཅོད་བྱེད་ཀྱི་ཡོད་པ་ལ་དོན་སྣང་མ་བྱས་པ།
  • 5:39 - 5:42
    ཁྱེད་རང་གིས་སྒོར་ཐིག་གི་རི་མོ་ ༢༧ བྲིས་ན་འགྲིག་གི་རེད།
  • 5:42 - 5:44
    ཁྱེད་རང་གིས་སྒོར་ཐིག་གཞན་པ་ ༡༥ འབྲི་དང་། ཨ་ནི་། དེ་ནས་
  • 5:44 - 5:47
    ཁྱེད་རང་ལ་ཁྱོན་སྡོམ་སྒོར་ཐིག་གི་གྲངས་ག་ཚད་ཡོད་པ་གྲངས་ཀ་རྒྱོབ་དང་།
  • 5:47 - 5:48
    ཨ་ནི། དེས་ཁྱེད་རང་ལ་ལན་སྤྲོད་ཀྱི་རེད།
  • 5:48 - 5:49
    ཡང་ན་ཁྱེད་རང་གིས་ཨང་ཐིག་བྲིས་ན་འགྲིག་གི་རེད།
  • 5:49 - 5:51
    ཁྱེད་རང་གི་བྲིས་པའི་ཨང་ཐིག་རི་མོ་དེ་
  • 5:51 - 5:55
    ༢༧ + ༡༥ བར་དུ་ཕྱིན་པ་ཅིག་བྱས་ན་འགྲིག་གི་རེད།
  • 5:55 - 5:56
    དེ་འདྲ་སོང་ཙང་འདི་དངོས་གནས་གྲངས་མང་ང་ཆགས་ཀྱི་རེད།
  • 5:56 - 5:59
    ཡིན་ན་ཡང་དེས་ཁྱེད་རང་གི་དུས་ཚོད་མང་པོ་ལེན་གྱི་རེད།
  • 5:59 - 6:00
    སོང་ཙང་ངས་ག་རེ་བྱེད་ཡག་ནི་
  • 6:00 - 6:00
    འདི་ལྟ་བུའི་དྲི་བའི་གནས་བྱེད་པའི་
  • 6:00 - 6:02
    ཐབས་ལམ་སྟོན་གྱི་ཡིན།
  • 6:02 - 6:04
    ངེས་པར་དུ་ཁྱེད་རང་གིས་ཤེས་དགོས་པའི་སྡོམ་རྩིས་
  • 6:04 - 6:06
    ཕལ་ཆེར་བློ་ལ་ཡོད་པ་དང།
  • 6:06 - 6:07
    གལ་ཏེ་ཁྱེད་རང་གི་བློ་ལ་མེད་ན། ཐ་ན་
  • 6:07 - 6:08
    ལྟོས་ས་ལྟོས་འཇོག་གི་ཨང་ཀི་
  • 6:08 - 6:10
    ཆུང་ཆུང་ཆེད་དུ་དེ་ལྟར་བྱེད་ཐུབ་པ་གནང་དགོས།
  • 6:10 - 6:12
    ཨ་ནི། ལྟོས་ས་ལྟོས་འཇོག་གི་ཨང་ཀི་ཆུང་ཆུང་བྱེད་པ་འདིས་
  • 6:12 - 6:15
    ཁྱེད་རང་གིས་འདི་ལྟ་བུའི་དྲི་གནས་དཀའ་ལས་ཁག་ག་བྱེད་ཐུབ་ཀྱི་རེད།
  • 6:15 - 6:17
    དེར་བརྟེན་ཁྱེད་རང་གིས་ག་རེ་བྱེད་དགོས་ཟེར་ན། འདི་བསྟན་བཤིག་སློང་ཡག་གི་བྱ་གཞག་རེད།
  • 6:17 - 6:20
    ཁྱེད་རང་གིས་ཁ་སྣོན་རྒྱོབ། ཨ་ནི། ངས་མ་འོངས་པ་ལ་འདིའི་དོན་དག་
  • 6:20 - 6:22
    ག་རེ་ཡིན་པའི་སྐོར་ལ་སྐད་ཆ་བཤད་ཀྱི་ཡིན།
  • 6:22 - 6:24
    ཁྱེད་རང་གིས་གྲངས་གནས་རེ་རེ་ལ་ལྟོས་དང་།
  • 6:24 - 6:26
    སོང་ཙང་ང་ཚོས་ས་ཆ་འདི་ལ་གཡས་མཐའ་ཟེར་གྱི་ཡོད།
  • 6:26 - 6:30
    ང་ཚོས་དེ་ལ་གཅིག་གི་ས་ཆ་ཟེར་གྱི་ཡོད།
  • 6:30 - 6:32
    ང་ཚོས་ག་རེ་བྱས་ནས་དེ་ལ་གཅིག་གི་ས་ཆ་ཟེར་གྱི་ཡོད།
  • 6:32 - 6:37
    ག་རེ་བྱས་ནས་ཟེར་ན་ ༢༧ ནི་ ༢༠ དང། ༧ ནི་གཅིག་བྱས་པ་རེད།
  • 6:37 - 6:40
    འདི་ཉུ་ཤུ་ལ་བདུན་སྡོམ་པ་ཡིན།
  • 6:40 - 6:42
    འདི་ཉི་ཤུ་ལ་བདུན་གཅིག་བྱས་པ་སྡོམ་པ་ཡིན།
  • 6:42 - 6:45
    ཁྱེད་རང་གིས་ཉུ་ཤུ་ལ་དངུལ་སིལ་མ་བདུན་སྡོམ་པ་ལྟ་བུར་ལྟ་ན་འགྲིག་གི་རེད།
  • 6:45 - 6:49
    ཨ་ནི། ས་ཆ་ད་ག་རང་འདི་ལ་བཅུའི་ས་ཆ་ཟེར་གྱི་རེད།
  • 6:49 - 6:51
    ད་ས་ཆ་འདི་ལ་ག་རེ་བྱས་ནས་བཅུའི་ས་ཆ་ལབ་པ་རེད།
  • 6:51 - 6:53
    ངས་ལབ་ཡག་གི་དོན་དག་འདིར་གྲངས་གནས་གཉིས་ཡོད་རེད།
  • 6:53 - 6:55
    འདི་བཅུའི་ས་ཆ་ལབ་ཡག་གི་ས་ཆ་རེད།
  • 6:55 - 6:57
    འདིར་གཉིས་ཞིག་བཞག་དུས། གཉིས་བཅུ་བྱས་པ་ལ་གོ་བགྱི་རེད།
  • 6:57 - 7:00
    ཨང་ཀི་ཉུ་ཤུ་དེ་གཉིས་བཅུ་བྱས་པ་ཅིག་རེད།
  • 7:00 - 7:03
    གལ་ཏེ་ང་ལ་ཌེཻམ་གཅིག་ཡོད་པ་དང་ཁྱེད་རང་གིས་ང་ལ་ཌེཻམ་གཞན་པ་ཅིག་སྤྲས་པ་བྱས།
  • 7:03 - 7:06
    ད་ང་ལ་ཌེཻམ་གཉིས་ཡོད་དང་དེ་སེན྄ཊ྄ས྄་ཉི་ཤུ་རེད།
  • 7:06 - 7:08
    སོང་ཙང་དེ་ནི་བཅུའི་ས་ཆ་ལབ་ཡག་དེ་རེད།
  • 7:08 - 7:09
    ང་ཁྱེད་རང་ལ་མགོ་ཐོམ་བཅུག་འདོད་མི་འདུག།།
  • 7:09 - 7:10
    ད་ལྟ་ང་ཁྱེད་རང་ལ་དྲི་བའི་གནས་དེ་ཚོ་ག་འདྲས་སེ་
  • 7:10 - 7:10
    བྱེད་དགོས་པ་སྟོན་འདོད་ཙམ་འདུག།།
  • 7:10 - 7:13
    མ་འོངས་པར་ང་ཚོས་ཏོག་ཙམ་གཏིང་རིང་ང་འབྲུ་ཀྱི་ཡིན།
  • 7:13 - 7:15
    ཡིན་ན་ཡང་ངས་ཁྱེད་རང་ལ་རིག་པ་དེ་སྤྲོད་འདོད་ཙམ་འདུག།།
  • 7:15 - 7:17
    དྲི་བའི་གནས་དེ་ཚོ་བྱེད་པའི་བྱེད་སྟངས་ལ་
  • 7:17 - 7:19
    ཁྱེད་རང་གིས་གཅིག་ས་ཆ་ལ་ཡོད་པའི་ཨང་ཀི་ལ་ལྟ་བ་དང་
  • 7:19 - 7:22
    སྔོན་ལ་དེ་ཚོ་ཡར་ཁ་སྣོན་རྒྱོབ།
  • 7:22 - 7:23
    དེ་ནས་ཁྱེད་རང་གི་ལབ་ཡག་ལ། འགྲིག་སོང། ད་ལྟ་ང་གང་ཚང་ལ་
  • 7:23 - 7:24
    སེམས་ཁྲལ་བྱེད་ཀྱི་མིན་ཞེས་ལབ་ཀྱི་རེད།
  • 7:24 - 7:28
    བདུན་དང་ལྔ་ཁ་སྣོན་རྒྱབ་ཆོག་པ་བྱས།
  • 7:28 - 7:30
    ད་ང་བདུན་དང་ལྔ་ཁ་སྣོན་རྒྱབ་ཀྱི་ཡིན།
  • 7:30 - 7:32
    ཨ་ནི། གལ་ཏེ་ཁྱེད་རང་དེ་ག་རེ་ཡིན་པ་ཤེས་ཀྱི་མེད་ན་ཡང་
  • 7:32 - 7:33
    རེ་བ་ལ་ཁྱེད་རང་གིས་དེ་ཡུད་ཙམ་རྗེས་སུ་
  • 7:33 - 7:35
    ཁྱེད་རང་གི་ཀླད་པའི་ནང་དུ་བྱེད་ཐུབ་ཀྱི་རེད།
  • 7:35 - 7:36
    ཁྱེད་རང་གིས་ཨང་ཐིག་ལ་
  • 7:36 - 7:37
    ལྟ་ན་འགྲིག་གི་རེད།
  • 7:37 - 7:39
    འདིར་ཨང་ཐིག་ལ་ལྟོས་དང་།
  • 7:39 - 7:40
    དེར་བརྟེན། གལ་ཏེ་ཁྱེད་རང་གིས་བདུན་སྣོན་པ་དང་།
  • 7:40 - 7:43
    གལ་ཏེ་ཁྱེད་རང་གིས་བདུན་ལེན་པ། ཨ་ནི། འདི་ཁྱེད་རང་གིས་ལྔ་སྣོན་ན།
  • 7:43 - 7:47
    -- ༡, ༢, ༣, ༤, ༥
  • 7:47 - 7:49
    ང་ཚོ་བཅུ་གཉིས་ལ་ཐུག་གི་རེད།
  • 7:49 - 7:50
    ཡང་ན། གལ་ཏེ་ཁྱེད་རང་གིས་ལྔ་ནས་འགོ་འཛུགས་པ་དང་བདུན་ཁ་སྣོན་རྒྱབ་པ་ན་
  • 7:50 - 7:52
    ཁྱེད་རང་ཡང་བཅུ་གཉིས་ལ་ཐུག་གི་རེད།
  • 7:52 - 7:54
    བྱས་ན། དེ་མར་འབྲི་དགོས།
  • 7:54 - 7:59
    ང་ཚོས་ ༧ + ༥ = ༡༢ ཡིན་པ་ཤེས་ཀྱི་ཡོད།
  • 7:59 - 8:02
    སོང་ཙང་ང་ཚོས་ག་རེ་བྱེད་དགོས་པ་ནི་ ༧ + ༥ བཅུ་གཉིས་དང་གཅིག་མཚུངས་རེད་ཅེས་ལབ་ཀྱི་རེད།
  • 8:02 - 8:04
    -- ཨ་ནི། ད་འདི་ནི་འགྲོ་སྟངས་གསར་པ་ཞིག་རེད།
  • 8:04 - 8:06
    ད་ལྟ་འདི་གཅིག་བྱས་ན་ཏོག་ཙམ་ཁྱེད་རང་གི་ཆེད་དུ་
  • 8:06 - 8:08
    ཡ་མཚན་མི་འཕྲུལ་གྱི་གནས་ཞིག་རེད།
  • 8:08 - 8:11
    ཨ་ནི། མ་འོངས་པའི་གཟུགས་མཐོང་བརྙན་པར་ནང་ལ་ངས་ཁྱེད་རང་ལ་འདི་ག་རེ་བྱས་ནས་ལས་ཀ་བྱེད་ཀྱི་ཡོད་པ་
    འགྲེལ་བཤད་བྱེད་ཀྱི་ཡིན།
  • 8:11 - 8:13
    ང་ཚོས་ ༡༢ འབྲི་འདོད་ཡོད་པ་དེ་འབྲི་བགྱི་ཡོད།
  • 8:13 - 8:17
    ༧ + ༥ ༡༢ རེད། ཡིན་ན་ཡང་ང་ཚོས་འདིར་ ༢ འབྲི་བགྱི་ཡོད།
  • 8:17 - 8:19
    ཨ་ནི། ང་ཚོས་ ༡ འཁྱེར་གྱི་ཡོད།
  • 8:19 - 8:21
    ༡༢. གཅིག།། གཉིས།
  • 8:21 - 8:23
    ང་ཚོས་དེར་ ༢ དེ་བྲིས་པ་ཡིན།
  • 8:23 - 8:25
    ཡིན་ན་ཡང་ང་ཚོས་ ༡ ཡར་འདིར་འཇོག་གི་ཡོད། རེད་བ།
  • 8:25 - 8:26
    ཨ་ནི། རྒྱུ་མཚན་ནི་---
  • 8:26 - 8:28
    ད་ལྟ་དེ་བྱེད་པ་ལ་ངས་ཁྱེད་རང་ལ་རྒྱུ་མཚན་གོ་བདེ་པོ་ཞིག་སྤྲོད་ཀྱི་ཡིན།
  • 8:28 - 8:30
    མ་འོངས་པ་ལ་ངས་ཁྱེད་རང་རྒྱུ་མཚན་ཡག་ག་ཞིག་སྤྲོད་ཀྱི་ཡིན།
  • 8:30 - 8:34
    -- འདིར་གྲངས་གནས་གཅིག་འཇོག་པ་ལ་ཁྱེད་རང་ལ་ཡོད་པའི་སྟོང་ཆ་གཅིག་པུ་དེ་རེད་བས།
  • 8:34 - 8:36
    ཨ་ནི་། བཅུ་གཉིས་ནི་ཨང་ཀི་གྲངས་གནས་གཉིས་བྱས་པ་ཞིག་རེད།
  • 8:36 - 8:38
    རྒྱུ་མཚན་དེའི་ཕྱིར་ ༡ དེ་འཇོག་པ་ལ་ང་ཚོས་
  • 8:38 - 8:39
    ས་ཆ་གཞན་པ་ཞིག་བསམ་བློ་བཏང་དགོས་བྱུང་པ་རེད།
  • 8:39 - 8:41
    གལ་ཏེ་ཐ་ན་འདིའི་སྐོར་ལ་ཁྱེད་རང་བསམ་བློ་མང་ང་གཏོང་འདོད་ཡོད་ན།
  • 8:41 - 8:42
    ༡༢ ནི་
  • 8:42 - 8:46
    ༡༠ + ༢ ནང་བཞིན་གཅིག་པ་རེད། ཪེད་བ།
  • 8:46 - 8:48
    དེ་ ༡༢ དང་གཅིག་པ་རེད།
  • 8:48 - 8:52
    གལ་ཏེ་ང་ཚོས་ ༧ + ༥ ལབ་ཀྱི་ཡོད་ན། དེ་ ༡༢ དང་གཅིག་པ་རེད།
  • 8:52 - 8:55
    དེ་གཅིག་གཉིས་དང་གཅིག་པ་ནང་བཞིན་རེད། རེད་བ།
  • 8:55 - 8:59
    གཉིས་ནི ༢ པེནིས྄། ཌཻམ྄་ ༡ སྡོམ་པ།
  • 8:59 - 9:01
    བཅུའི་ ༡ སྡོམ་པ། ཌཻམ྄་ ༡ སྡོམ་པ།
  • 9:01 - 9:04
    དེར་བརྟེན་ང་ཚོས་བཅུའི་ས་ཆ་ལ་ཌཻམ྄་ ༡ དེ་བཞག་པ་ཡིན།
  • 9:04 - 9:08
    ང་ཚོས་ ༧ + ༥ བཤད་པ་ནི་ ༡༠ བྱས་པ་གཅིག་གཉིས་དང་སྡོམ་པ་རེད།
  • 9:08 - 9:11
    ཡང་ན་ཌཻམ྄་ ༡ པེནིས྄་ ༢ དང་སྡོམ་པ་ཡིན།
  • 9:11 - 9:14
    གལ་ཏེ་དེས་ཁྱེད་རང་ལ་མགོ་འཐོམ་བཅུག་གི་ཡོད་ན་
  • 9:14 - 9:16
    ངས་དེ་ག་རང་གྲངས་གནས་ ༢ འབྲི་གི་་ཡོད།
  • 9:16 - 9:18
    ཨི་ནི། ངས་ ༡ འཁྱེར་གྱི་ཡོད།
  • 9:18 - 9:21
    དེ་ནས་ཁྱེད་རང་གིས་བཅུའི་ས་ཆ་ལ་ཏག་ཏག་ཇི་མ་ཇི་བཞིན་གོང་མོ་ལྟར་བྱེད་ཀྱི་རེད།
  • 9:21 - 9:23
    ཁྱེད་རང་གིས་ ༡ ལ་ ༢ ལ་ ༡ སྡོམ་གྱི་རེད།
  • 9:23 - 9:26
    སོང་ཙང་ ༡ + ༢ -- ཨང་ཐིག་སྒང་ལ་བྱེད་དགོས།
  • 9:26 - 9:27
    འདི་བསྟན་བཤིག་ཚ་བོ་ཡོད་རེད།
  • 9:27 - 9:28
    ལྟོས་ཨ།
  • 9:28 - 9:29
    ༡ + ༢
  • 9:29 - 9:31
    འགོ་འཛུག་དགོས། -- འཕྲུག་ཉམས་བདེ་པོའི་ཚོན་མདོག་ཐོག་ལ་བེད་སྤྱོད་བྱེད་དགོས།
  • 9:31 - 9:32
    རྒྱུ་ཚོས་ཀྱི་ཚོས་གཞི་སྒང་ལ་བྱེད་ཆོག་པ་ཅིག།།
  • 9:32 - 9:34
    དེར་བརྟེན་ང་ཚོས་གཅིག་ནས་འགོ་འཛུག་གི་ཡོད།
  • 9:34 - 9:36
    དེ་ལ་ང་ཚོས་གཉིས་སྣོན་གྱི་ཡིན།
  • 9:36 - 9:37
    ༡ + ༢
  • 9:37 - 9:39
    ང་ཚོས་ ༡༢ ནས་ ༡ ལེན་གྱི་ཡོད།
  • 9:39 - 9:41
    ༡ + ༢ ། སོང་ཙང་ཁྱེད་རང་ ༡, ༢ བྱས་ཡར་འགྲོ་གི་ཡོད།
  • 9:41 - 9:43
    ཁྱེད་རང་ ༣ ལ་ཐུག་གི་རེད།
  • 9:43 - 9:44
    དེ་ནས་ཁྱེད་རང་གིས་གཞན་པ་གཅིག་སྣོན་གྱི་རད།
  • 9:44 - 9:46
    སོང་ཙང་ཁྱེད་རང་གིས་གཞན་པ་ ༡ སྣོན་གྱི་ཡོད།
  • 9:46 - 9:48
    ཁྱེད་རང་ ༤ ལ་སླེབ་ཀྱི་རེད།
  • 9:48 - 9:50
    དེར་བརྟེན་ཁྱེད་རང་མཐའ་མར་ ༤༢ ལ་ཐུག་གི་རེད།
  • 9:50 - 9:52
    ཨ་ནི། འདི་གཙང་མ་ལེགས་པོ་ཞིག་བྱུང་སོང་། རེད་བ།
  • 9:52 - 9:53
    ག་རེ་བྱས་ནས་ཟེར་ན་ང་ཚོས་
  • 9:53 - 9:55
    ༤༢ དབར་དུ་འགྲོ་བའི་ཨང་ཐིག་འབྲི་དགོས་བྱུང་མ་སོང།
  • 9:55 - 9:57
    ཨ་ནི། ང་ཚོས་ ཅ་ལག་ ༤༢ ཀྱི་རི་མོ་འབྲི་དགོས་མ་བྱུང།
  • 9:57 - 9:59
    གང་ ༧ + ༥ ཤེས་པ་ཙམ་དང།
  • 9:59 - 10:02
    གང་ ༡ + ༢ + ༡ ཤེས་པ་ཙམ་གྱིས་
  • 10:02 - 10:03
    ང་ཚོས་ ༢༧ + ༡༥ = ༤༢ ཡིན་པ་དེ་
  • 10:03 - 10:07
    ཚོད་དཔག་བྱེད་ཐུབ་ཀྱི་ཡོད།
  • 10:07 - 10:08
    དཔེ་གཞན་པ་བེད་སྤྱོད་བྱེད་དགོས།
  • 10:08 - 10:10
    གཅིག་བྱས་ན་ངས་དཔེ་ལས་སླ་བ་ཞིག་བེད་སྤྱོད་བྱེད་ཀྱི་ཡིན།
  • 10:10 - 10:19
    ང་ལ་ ༧༨ + ༣ ཡོད་པ་གཞིར་བཞག།།
  • 10:19 - 10:21
    ང་ཚོས་གོང་དུ་གང་བྱེད་པ་བཞིན་བྱེད་ཀྱི་ཡོད།
  • 10:21 - 10:23
    ང་ཚོས་གཅིག་གི་ས་ཆ་གཅིག་པུ་ལ་ལྟ་གི་ཡོད།
  • 10:23 - 10:25
    དེར་བ +རྟེན་ང་ཚོས་ ༨ + ༣ ལ་ལྟ་གི་ཡོད།
  • 10:25 - 10:27
    ༨ + ༣ ག་རེ་རེེད།
  • 10:27 - 10:28
    རེ་བ་ལ་ང་ཚོས་གནས་དོན་འདིའི་ཐད་ལ་
  • 10:28 - 10:29
    དེ་ང་ཚོའི་བསམ་བློའི་ནང་ལ་བྱེད་ཐུབ་ཀྱི་རེད།
  • 10:29 - 10:30
    ཡིན་ན་ཡང་འདི་ལ་བསམ་བློ་ཏོག་ཙམ་གཏོང་དགོས།
  • 10:30 - 10:33
    ༨ + ༡ = ༩
  • 10:33 - 10:36
    ༨ + ༢ = ༡༠
  • 10:36 - 10:38
    ༨ + ༣ ནི་ ༡༡ དང་གཅིག་མཚུངས་ཆགས་ཀྱི་རེད།
  • 10:38 - 10:40
    གལ་ཏེ་འདིས་ཁྱེད་རང་གི་ཆེད་དུ་ཡིད་ལ་འཆར་བ་བྱེད་པ་ཡིན་ན།
  • 10:40 - 10:42
    ཁྱེད་རང་གིས་དེ་ཨང་ཐིག་སྒང་ལ་བྱས་ན་འགྲིག་གི་རེད།
  • 10:42 - 10:45
    རྒྱུ་མཚན་འདི་འདྲ་ཡིན་ཙང་ ༨ + ༣ = ༡༡
  • 10:45 - 10:50
    འདིར་ང་ཚོ་ག་རེ་བྱེད་ཀྱི་ཡོད་རེད་ཟེར་ན། ང་ཚོ་ལ་ ༨ + ༣ = ༡༡ ཡོད་ཙམ་རེད།
  • 10:50 - 10:53
    གཅིག་འདི་འདིར་བཞག།། དེ་ཕ་གི་བཞག།།
  • 10:53 - 10:55
    ཨ་ནི། གཞན་པ་གཅིག་ཡར་མཁྱེར།
  • 10:55 - 10:55
    ག་རེ་བྱས་ནས་ཟེར་ན་བཅུ་གཅིག་ནི་
  • 10:55 - 10:58
    བཅུ་བྱས་པ་གཅིག།། ---ཌཻམ྄་གཅིག་ལ།---པེནི་གཅིག་སྡོམ་པ་ཡིན།
  • 10:58 - 11:00
    དེ་ལ་བཅུ་གཅིག་ཟེར་གྱི་རེད།
  • 11:00 - 11:01
    ཨ་ནི། དེ་ནས་ང་ཚོས་བཅུའི་ས་ཆ་སྣོན་གྱི་རེད།
  • 11:01 - 11:06
    ཌཻམ྄་ ༡ དང་ ཌཻམ྄་ ༧ སྡོམ་ན་ ༨ དང་གཅིག་མཚུངས་རེད།
  • 11:06 - 11:11
    སོང་ཙང་ ༧༨ + ༣ = ༨༡
  • 11:11 - 11:12
    ད་ང་ལ་དེར་ཁྱེད་རང་ལ་སྟོན་ཡག་གཅིག་ཡོད།
  • 11:12 - 11:15
    རྟག་པར་ཁྱེད་རང་གིས་ཨང་ཀི་དེ་ཚོ་དེ་འདྲས་སེ་འཁྱེར་དགོས་ཡག་ཡོད་མ་རེད།
  • 11:15 - 11:17
    གྲངས་གནས་གཅིག་ལས་མང་བའི་
  • 11:17 - 11:19
    དྲི་བ་དེ་ལྟ་བུའི་ལན་ཡིན་ན་མ་གཏོགས།
  • 11:19 - 11:21
    ༡༡ ནི་གྲངས་གནས་གཉིས་བྱས་པའི་ཨང་ཀི་ཞིག་ཡིན།
  • 11:21 - 11:28
    དཔེར་ན་གལ་ཏེ་ང་ལ་ ༥༦ + ༢ ཡོད་ན།
  • 11:28 - 11:31
    འདིར་ངས་བཤད་ཐུབ་ཡག་ནི་ ༦ + ༢ ནི་ ༨ ། རེད་བ།
  • 11:31 - 11:34
    རེ་བ་ལ་ང་ཚོ་འདི་ལ་སྦྱོང་བརྡར་ཡག་པོ་ཐོབ་ཀྱི་ཡོད་ཀྱི་རེད།
  • 11:34 - 11:37
    ༦ + ༢ = ༨ །
  • 11:37 - 11:39
    དེ་ནས་ང་ལ་ ༥ ལ་སྣོན་ཡག་ཅི་ཡང་ཡོད་མ་རེད།
  • 11:39 - 11:41
    སོང་ཙང་ངས་ལྔ་དེ་མ་འཁྱེར་ཡོང་གི་ཡོད།
  • 11:41 - 11:44
    ༥༦ + ༢ = ༥༨ །
  • 11:44 - 11:45
    དེ་འདྲས་སེ་རེད།
  • 11:45 - 11:46
    ཨ་ནི། འདི་ནི་དངོས་འབྲེལ་བྱས་ན་
  • 11:46 - 11:48
    ཁྱེད་རང་གིས་ཨང་ཐིག་སྒང་ལ་འབྲི་ཐུབ་པ་ཞིག་རེད།
  • 11:48 - 11:49
    འདི་ཀ་ལས་ཁག་པོ་ཞེ་དྲགས་མེད་པ་ཡོད།
  • 11:49 - 11:51
    གལ་ཏེ་ཁྱེད་རང་གིས་ཨང་ཐིག་དེ་འདྲས་བྲིས་ཡོད་ན།
  • 11:51 - 11:54
    གཡོན་གྱི་ས་ཆ་གཅིག་ལ་ ༠ ལོགས་སུ་ལྷག་གི་རེད།
  • 11:54 - 11:56
    ཡིན་ན་ཡང་དཔེར་ན་ང་ལ་ ༥༠ ཡོད་པ་བྱས། མ་རེད་ངས་བྱས་ན་ཁྱེད་རང་ལ་ ༤༩ ཡོད་པ།
  • 11:56 - 11:57
    ཁྱེད་རང་གཡོན་ཕྱོགས་སུ་མུ་མཐུད་ནས་འགྲོ་ཐུབ་ཀྱི་རེད།
  • 11:57 - 11:59
    ཡིན་ན་ཡང་ཁྱེད་རང་ལ་ ༥༡, ༥༢ --- ཡོད་པ།
  • 11:59 - 12:02
    ང་ལ་དེ་ལས་མཐོ་བ་ཞིག་འགོ་འཛུག་ཆོག་པ་ཅིག།།
  • 12:02 - 12:04
    ག་རེ་བྱས་ནས་ཟེར་ན་ངས་སྟོང་ཆ་རྫོགས་པར་བྱེད་ཀྱི་འདུག།།
  • 12:04 - 12:11
    ༥༥, ༥༦, ༥༧, ༧༨, ༥༩ --- དེ་འདྲས་སེ་འགོ་འཛུག་ཆོག་པ་ཅིག།།
  • 12:11 - 12:13
    ཨ་ནི། ང་ཕྱོགས་གཉིས་ཀ་ལ་འགྲོ་ཐུབ་ཀྱི་རེད། --- མུ་མཐུད་ནས་འགྲོ།
  • 12:13 - 12:17
    གལ་ཏེ་ངས་ལྔ་བཅུ་ང་དྲུག་དེ་ནས་འགོ་འཛུག་གི་ཡོད་པ་བྱས། ཨ་ནི། ང་ཚོས་གཉིས་སྣོན་
  • 12:17 - 12:20
    ང་ཚོ་ཡར་གཅིག་གཉིས་བྱས་ནས་འགྲོ།
  • 12:20 - 12:21
    ང་ཚོ་ ༥༨ ལ་ཐུག་གི་རེད།
  • 12:21 - 12:23
    དེ་འདྲས་སེ་བྱས་ནས་ང་ཚོས་དྲི་བའི་གནས་དེ་བྱེད་ཐུབ་ཀྱི་རེད།
  • 12:23 -
    གཟུགས་མཐོང་བརྙན་པར་རྗེས་མ་ནང་ལ་མཇལ་ཡོང་།
Title:
སྡོམ་རྩིས་གཉིས་པ།
Description:

གྲངས་གནས་གཉིས་ཀྱི་ཨང་ཀི་སྣོམ་པ།

more » « less
Video Language:
English
Duration:
12:26
Kelsang Dolma edited Tibetan subtitles for Addition 2

Tibetan subtitles

Revisions